ཨོ་རྩལ་ལུས་རྩལ་པས་མཚོ་ལྷོ་དང་ཅང་སུའུ་ཡི་མཛའ་བརྩེ་དམ་དུ་སྦྲེལ་བ།

文摘   2024-10-22 17:42   青海  

ཨོ་རྩལ་ལུས་རྩལ་པས་མཚོ་ལྷོ་དང་ཅང་སུའུ་ཡི་མཛའ་བརྩེ་དམ་དུ་སྦྲེལ་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས33པའི་ཨའོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུས་རྩལ་པ་ཚོའི་ཁྱད་དུ་འཕགས་པའི་གཟི་ཉམས་མངོན་པར་བྱས་ནས་ཅང་སུའུ་དང་མཚོ་སྔོན་གཉིས་བར་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛའ་བརྩེ་དམ་དུ་སྦྲེལ་ཆེད།ཟླ10ཚེས20ཉིན། ཅང་སུའུ་ཞིང་ཆེན་ནས་ཡོང་བའི་ཨའོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཝང་ཚི་ཡུའེ་དང་ཀྲང་ཁྲང་ཉིང་། ཀྲའོ་ཧྲོའེ། ལུའོ་ཞའོ་ཅོན་། ལུའུ་ཁྲུན་ལུང་བཅས་ཟི་ལིང་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་རིང་གི་ཨའོ་རྩལ་ལུས་རྩལ་པ་མཚོ་སྔོན་དུ་བསྐྱོད་པ་དང་ཅང་སུའུ་ཨའོ་རྩལ་ལུས་རྩལ་པ་མཚོ་ལྷོ་རུ་བསྐྱོད་པ་ཞེས་པའི་བྱ་འགུལ་སྤེལ་མགོ་བརྩམས།

    

    ལུས་རྩལ་པ་ཚོ་ཟི་ལིང་དུ་འབྱོར་རྗེས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་རུ་སོང་ནས་བཅའ་སྡོད་ལས་བྱེད་པའི་ཤེས་ལྡན་མི་སྣར་འཚམས་འདྲི་བྱས་པ་དང་ཞོར་དུ་ཐེན་ཧོ་འོད་ནུས་མཚོ་སྔོན་ཀུང་ཟིར་ལྟ་སྐོར་བྱས་ཏེ། མཚོ་སྔོན་གྱི་ཅང་སུའུ་ཡི་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

 རྗེས་སུ་ཨོ་རྩལ་ལུས་རྩལ་པ་ཚོ་མཚོ་སྔོན་པོ་རྣུར་ལྕེ་མཛེས་ལྗོངས་ཁུལ་དུ་སོང་སྟེ་མཐོ་སྒང་གི་མཛེས་ལྗོངས་ལ་རོལ་མྱོང་ཐེངས་ཤིག་བྱས། ལམ་བར་དུ་གངས་རི་དང་རྩྭ་ཐང་། རྟ་ནོར་ལུག་གསུམ་གྱིས་ཁོ་ཚོའི་ཡིད་དབང་ཅིག་བཅར་དུ་འཕྲོག་སོང་ལ། སྔོ་ཐིང་ཐིང་གི་ནམ་མཁའ་དང་འོད་དུ་འཚེར་བའི་ཉི་གཞོན། དྭངས་ཤིང་གཙང་བའི་མཁའ་དབུགས་ཀྱིས་ཁོ་ཚོའི་མདུན་བསྐྱོད་ཀྱི་ལམ་བུར་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་བསྩལ། མཚོ་སྔོན་པོ་རྣུར་ལྕེ་མཛེས་ལྗོངས་ཁུལ་དུ་ཨའོ་རྩལ་ལུས་རྩལ་པ་ཚོས་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་དང་མཉམ་དུ་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་ཏེ་མེས་རྒྱལ་ལ་བཅངས་བའི་བརྩེ་སེམས་ཟབ་མོ་མངོན་པར་བྱས། རྗེས་སུ་ཨའོ་རྩལ་ལུས་རྩལ་པ་ཚོས་་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་དང་། མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་ཁྱད་ཆོས་ལྡན་པའི་ཟས་མཆོག་ལ་རོལ་མྱོང་ཐེངས་ཤིག་བྱས་སོང་།


  

    ཟླ10པའི་ཚེས21ཉིན།  ཨའོ་རྩལ་ལུས་རྩལ་པ་ཚོ་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་སོང་སྟེ། ལོ་འདི་འགའི་རིང་ཁོ་ཚོ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཉམས་མྱོང་དགེ་སློབ་ཡོངས་ལ་མཉམ་རོལ་བྱས་ཏེ། སློབ་མ་རྣམས་ཀྱིས་དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་དཀའ་སྡུག་ལ་གདོང་གཏད་ཐུབ་པར་མ་ཟད། སློབ་བུ་ཚོའི་ལུས་རྩལ་གྱི་འགུལ་སྐྱོད་ལ་བཅངས་བའི་དགའ་ཞེན་དང་ཕུགས་འདུན་དོན་ཐོག་ཏུ་འཁྱོལ་པར་སྐུལ་མ་བཏང་ཡོད། མཚོ་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ཨའོ་རྩལ་ལུས་རྩལ་པ་ཚོས་རང་ཉིད་ཀྱི་ལག་རྗེས་བཞག་སྟེ་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ལ་རྒྱུས་ལོན་དང་ལུས་རྩལ་གྱི་མཛེས་ཉམས་ཚོར་ཐུབ་དུ་བཅུག


   

  ཨའོ་རྩལ་ལུས་རྩལ་པ་ཚོ་མཚོ་ལྷོ་ཁུལ་རིག་གནས་ཁང་དུ་སོང་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལ་ཉམས་ལེན་དང་མཉམ་དུ་མི་རིགས་ཀྱི་གླུ་དབྱངས་ལེན་པ།མཉམ་དུ་མི་རིགས་ཀྱི་ཞབས་བྲོ་འཁྲབ་ཁ་སོགས་ཀྱི་བྱ་འགུལ་ལ་ཞུགས། མཚོ་ལྷོ་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཁང་དུ་ཅང་སུའུ་ཞིང་ཆེན་གྱིས་རང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།


    

  རྒྱུས་ལོན་བྱས་པ་ལྟར་ན། ཅང་སུའུ་ཞིང་ཆེན་གྱིས་རང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ14ཡི་རིང་། ཐོན་ལས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། རྨང་གཞིའི་སྒྲིག་བཀོད། རིག་གནས་རྒྱུས་ལོན། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་གཙོར་བཟུང་སྟེ་སྐོར་ཐེངས5ལ་མི109མངགས་ཏེ་རང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་བཏང་བ་མ་ཟད།རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར40.2བཏང་ནས་ཁ་གཏད་རོགས་སྐྱོར་གྱི་ལས་གཞི39ལག་བསྟར་བྱས་ཏེ་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་ནུས་ལྡན་བྱས།


  

 ཐེངས་འདིར་ཅང་སུའུ་ཡི་ཨའོ་རྩལ་ལུས་རྩལ་པ་མཚོ་ལྷོར་བསྐྱོད་པ་དེ་ཀྲུང་གོའི་ལུས་རྩལ་པའི་ཕུལ་དུ་བྱུང་བའི་གཟི་ཉམས་ངོམས་པར་མ་ཟད། ཅང་སུའུ་དང་མཚོ་སྔོན་བར་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛའ་བརྩེ་མཚོན་ཡོད། མཚོ་ལྷོའི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པའི་ཆོད་སེམས་བཏོན་པ་མ་ཟད། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་ཕུལ་བ་རེད།



ཡོང་ཁུངས། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章