རང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད6.8%འཕར་བ།

文摘   2024-11-07 18:07   青海  

དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད6.8%ཡར་འཕར་བ།

  

 དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ། ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར160.64ལེགས་འགྲུབ་བྱུང་སྟེ6.8%ཡར་འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གཞི་གྲངས21ཡར་འཕར་ཡོད་པ་དང་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས14.6ཡར་འཕར་ལ། ཟླ9པའི་ནང་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར32.3ལེགས་འགྲུབ་བྱུང་།


   མ་དངུལ་གཏོང་བའི་ཐད་ནས་བལྟས་ན། ལས་གཞིར་མ་དངུལ་གཏོང་ཚད་ཇེ་མང་དུ་ཕྱིན་པ་དང་ས་ཁང་བདག་ཁོངས་གསར་སྤེལ་གྱི་མ་དངུལ་གཏོང་ཚད་ཇེ་ཉུང་དུ་ཕྱིན་ཡོད།དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་གཞིར་མ་དངུལ་སྒོར་དུང་ཕྱུར154.5བཏང་ནས9.9%ཡར་འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་དང་ལོ་སྟོད་ལས་སོ་སོར་བརྒྱ་ཆའི་གཞི་གྲངས24.1དང15.7ཡར་འཕར་ཡོད་ལ།ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར6.14བཏང་སྟེ37.7%མར་ཆག་ནས་ཆག་ཚད་དུས་ཚིགས་དང་པོ་དང་ལོ་སྟོད་ལས་སོ་སོར་བརྒྱ་ཆའི་གཞི་གྲངས24.2དང7.5མར་ཆག་ནས་ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས2.3ཡར་འཕར་བར་ཤུགས་རྐྱེན་ཐེབས་པ་རེད།


   ཐོན་ལས་གསུམ་གྱི་ཐད་ནས་བལྟས་ན།ཐོན་ལས་གཉིས་པ་ཡར་འཕར་བ་དང་ཐོན་ལས་དང་པོ་དང་གསུམ་པ་མར་ཆག་ཡོད་དེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར4.48ལེགས་འགྲུབ་བྱུང་ནས40.4%མར་ཆག་པ་དང་ཆག་ཚད་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས2.2མར་ཆག་ཡོད་པ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར125.26ལེགས་འགྲུབ་བྱུང་ནས17%ཡར་འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས13.8ཡར་འཕར་ཡོད།དེའི་ནང་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར124.76ལེགས་འགྲུབ་བྱུང་ནས16.6%ཡར་འཕར་བ་དང་།ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར30.9ལེགས་འགྲུབ་བྱུང་ནས13.8%མར་ཆག་ནས་ཆག་ཚད་ལོ་སྟོད་ལས་བརྒྱ་ཆའི་གཞི་གྲངས27.5མར་ཆག་ཡོད།


  ལས་རིགས་གཙོ་བོའི་ངོས་ནས་བལྟས་ན། ཆུ་གློག་ལས་རིགས་ཀྱི་མ་དངུལ་གཏོང་ཚད་ཡར་འཕར་བ་དང་ནུས་ཁུངས་གསར་པའི་མ་དངུལ་གཏོང་ཚད་མར་ཆག་ཡོད་པ་རེད།དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མར་མ་དངུལ་སྒོར་དུང་ཕྱུར112.63ལེགས་འགྲུབ་བྱས་ནས12.23%ཡར་འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་དང་ལོ་སྟོད་ལས་སོ་སོར་བརྒྱ་ཆའི་གཞི་གྲངས28.2དང16.4ཡར་འཕར་ཡོད།དེའི་ནང་ཆུ་གློག་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར21.45ལེགས་འགྲུབ་བྱུང་ནས98.03%ཡར་འཕར་ཏེ་འཕར་ཚད་བརྒྱ་ཆའི་གཞི་གྲངས7.1ཡར་འཕར་ཡོད་པ་དང་།ནུས་ཁུངས་གསར་པའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར91.18ལེགས་འགྲུབ་བྱུང་ནས2.05%མར་ཆག་སྟེ་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས1.27ཡར་འཕར་བར་ཤུགས་རྐྱེན་ཐེབས་ཡོད།(འོད་བསྡུ་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར90.80ལེགས་འགྲུབ་བྱུང་ནས6.2%ཡར་འཕར་བ་དང་རླུང་གློག་ལས་གཞིར་མ་དངུལ་སྒོར་དུང་ཕྱུར1.18ལེགས་འགྲུབ་བྱུང་ནས85.8%མར་ཆག)།


    ས་ཁུལ་དབྱེ་ནས་བལྟས་ན།ས་ཁུལ་བཞི་ཡར་འཕར་བ་དང་གཅིག་མར་ཆག་ཡོད་དེ།དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ་གུང་ཧོ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར110.66ལེགས་འགྲུབ་བྱས་ནས1.8%ཡར་འཕར་བ་དང་ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས1.3ཡར་འཕར་བར་བརྩོན་ལེན་བྱས་པ་དང་།ཐུན་ཏེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར7.98ལེགས་འགྲུབ་བྱུང་ནས58.83%ཡར་འཕར་བ་དང་།ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས2ཡར་འཕར་བར་བརྩོན་ལེན་བྱས།ཞིན་ཧེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར23.88ལེགས་འགྲུབ་བྱུང་ནས14.65%ཡར་འཕར་བ་དང་།ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས2.03འཕར་བར་བརྩོན་ལེན་བྱས། ཀོས་ནན་རྫོང་གིས་མ་དངུལ་སྒོར་དུང་ཕྱུར13.06ལེགས་འགྲུབ་བྱུང་ནས72.21%ཡར་འཕར་བ་དང་།ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས3.64ཡར་འཕར་བར་བརྩོན་ལེན་བྱས་ཤིང་། ཁྲི་ཀ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར5.06ལེགས་འགྲུབ་བྱུང་ནས38.8%མར་ཆག་སྟེ་ཁུལ་ཡོངས་ཀྱི་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གཞི་གྲངས2.1ཡར་འཕར་བར་ཤུགས་རྐྱེན་ཐེབས་ཡོད།།




ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章