ཐུན་ཏེ་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ།
ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ནུས་ཤུགས་གང་ཡོད་ཀྱིས“ཏང་འཛུགས་ཀྱིས་སྣེ་ཁྲིད་པ་དང་སྣ་མང་མཉམ་ཞུགས། མཉམ་སྐྱོང་མཉམ་བཅོས”ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་བསྐྲུན།
ཏང་འཛུགས་སྣེ་ཁྲིད་ཀྱི“གལ་གནད”ལེགས་འཛིན་བྱས་པ། གཞི་རིམ་ཏང་རྩ་འཛུགས་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པའི“རྟེན་ས་གཙོ་བོ”དང“གཙོ་ཤུགས་དམག”ཏུ་བརྩིས་པ་རྒྱུན་འཁྱོངས་དང་། གཞི་རིམ་ཏང་འཛུགས་ཀྱི“བཙན་རྫོང་བཟོ་འགོད”དངོས་འབེབས་བྱེད་པ། ནུས་མེད་ཉམ་ཆུང་གི་སྡེ་བའི་ཏང་རྩ་འཛུགས་དང་གཙོ་གནད་འགོག་སྲུང་སྡེ་བ་རིགས་དབྱེ་དོ་དམ་བྱེད་པ་ནུས་ཤུགས་ཡོད་རྒུས་ལེགས་འཛིན་བྱས་ཤིང་། “སྡེ་བ་རེར་སྲིད་ཇུས་རེ”དང“སྡེ་བ་རེར་ཇུས་གཞི་རེ”སྒྲིག་བཟོ་གཏན་འབེབས་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་གོ་གནས་སྤར་བར་སྐུལ་འདེད་བྱས། སྡེ་སྡོད་ལས་བྱེད་པར“ཡོད་པ་བཞིའི”བྱ་འགུལ་དངོས་འབེབས་དང་། མང་ཚོགས་ཀྱི་བསམ་འཆར་འཚོལ་སྡུད་བྱེད་པ། བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་བྱས་ཏེ། གཞི་རིམ་ཏང་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཁྱབ་ཁོངས་ཡོངས་སུ་རྒྱུན་བསྲིངས་པར་སྐུལ་འདེད་བྱས།
དམངས་ལ་ཞབས་ཞུ་སྒྲུབ་པའི“སེམས་སྦྲེལ་ཐིག་གུ”རྒྱུན་བསྲིངས་པ། རྫོང་དང་ཞང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་དྲ་མིག་ཅན་གྱི་དོ་དམ་ཁྱོན་ཡོངས་སུ་ཁེབས་པར་བྱེད་པ་རྒྱུན་འཁྱོངས་དང་། དྲ་མིག་པ750སྟོབས་ཤུགས་གཙོ་བོར་བྱེད་པ། “ཏང་འཛུགས+དྲ་མིག”གི་བྱ་བའི་མ་དཔེ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། “ཉེན་རྟོག་པ་དང་དྲ་མིག་པ་མཉམ་འདྲེས”བྱེད་པར་ཚོད་ལྟ་དང་ལག་ལེན་བྱེད་པ། སྡེ་ཁུལ་གྱི་ཉེན་རྟོག་པའི་སྟོབས་ཤུགས་ཀྱི་དྲ་མིག་མ་ལག་གསར་སྐྲུན་བྱས་ཤིང་། དྲ་མིག་ཅན་གྱི་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། དྲ་མིག་ཅན་གྱི་ཞབས་ཞུའི་ཕན་ནུས་ཇེ་མཐོར་བཏང་། “མན་ངག་ཡིག་དྲུག”གི་འདུམ་སྒྲིག་བྱེད་ཐབས་དང“མཐུན་པ་སྤུན་བཞིའི”བྱ་བ་སྒྲུབ་ཐབས། “གཞུང་གཅིག་ཁང་གཉིས”འདུམ་སྒྲིག་ནང་རྐྱེན་དང་གཙོ་གནད་འགལ་རྩོད་ཀྱི་གྱོད་དོན་འགན་ལེན་སྐུལ་ཁྲིད་སོགས་ཧུར་ཐག་གིས་ཁྱབ་གདལ་དུ་གཏོང་བ། རྫོང་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་ཞང་དང་སྡེ་བའི་ལྟེ་གནས(ས་ཚིགས)སུ་བཏོན་ཏེ། གཞི་གྲངས་མཉམ་རོལ་དང་ཐོན་ཁུངས་མཉམ་སྤྱོད། འགལ་རྩོད་མཉམ་འདུམ་བཅས་བྱེད་པ་མངོན་འགྱུར་བྱུང་།
མཉམ་སྐྱོང་མཉམ་རོལ་གྱི“ཁེབས་ཚད”རྒྱ་བསྐྱེད་པ། གཞི་རིམ་མང་ཚོགས་ཀྱི་རང་ངོས་དོ་དམ་དང་རང་ངོས་སློབ་གསོ། རང་ངོས་གཅུན་སྡོམ་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་དང་། 《སྡེ་སྲོལ་དམངས་ཆིངས》དང《སྡོད་དམངས་སྤྱི་ཆིངས》བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། རྫོང་ཡོངས་ཀྱི་སྡེ་བ(སྡེ་ཁུལ)84ལ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་དང་ལས་ཤག110བཙུགས་ནས་ཚད་ལྡན་དུ་བཏང་བ་དང་། བཅའ་ཁྲིམས་འདྲི་བརྩད་ཀྱི་ཆེད་མཁས་པའི་མཛོད་བཙུགས་ཤིང་། བཅའ་ཁྲིམས་བློ་འདྲི་སྡེ་བ(སྡེ་ཁུལ)དང་འཐབ་ཡུལ་དང་པོར་སོང་ནས་ཁྲིམས་སྐྱོང་དྲིལ་སྒྲོག་དང་འགལ་རྩོད་འདུམ་འགྲིག བཅའ་ཁྲིམས་འདྲི་བརྩད་བཅས་བྱེད་འགོ་བརྩམས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཁྱོན་ཡོངས་སུ་སྦྲེལ་བ་དང་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས།།
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།