མཚོ་སྔོན་རོགས་སྐྱོར་ཤེས་ལྡན་པའི་བཞུགས་མོལ་ཚོགས་འདུ་འཚོགས།

文摘   2024-11-21 17:46   青海  


ཉེ་ཆར།ཀོས་ནན་རྫོང་གིས2024ལོའི་ལོ་འཁོར་གྱི་མཚོ་སྔོན་རོགས་སྐྱོར་ཤེས་ལྡན་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་དབྱི་ཀེན་གྱིས་ཚོགས་འདུར་མགོ་འཛིན་བྱས།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྒྲོལ་མ་འབུམ་ཚོགས་འདུར་ཕེབས་ནས་གཏམ་བཤད།རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཞའོ་ཉིན་དང་།རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སྐར་མ་རྡོ་རྗེ།འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭའི་འགན་འཁུར་བློ་མཐུན།རྫོང་ཡོངས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣ་བཅས་ཚོགས་འདུར་ཞུགས་ཡོད།   

 
གྲོས་ཚོགས་ལས་མཚོ་སྔོན་རོགས་སྐྱོར་ཤེས་ལྡན་པའི་འཐུས་མི་གསུམ་པོས་རང་ངོས་ཀྱི་ལས་དོན་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་གནང་ནས་ཁ་གཏད་རོགས་སྐྱོར་རིང་གི་མྱོང་ཚོར་ཟབ་མོ་དང་།འཕྲད་པའི་དཀའ་ངལ་དང་འགྲན་སློང་། ཕན་འབྲས་དངོས་བཅས་མཉམ་སྤྱོད་བྱས་པ་མ་ཟད། མཚོ་སྔོན་རོགས་སྐྱོར་ཤེས་ལྡན་པས་རྫོང་ཡོངས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བརྒྱུད་རིམ་ནང་གི་ཆེད་ལས་བྱང་ཚད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་གང་ལེགས་མངོན་ཡོད། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་པར་འཚམས་འདྲིའི་དངོས་པོ་བྱིན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ཤེས་ལྡན་པས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།    

གྲོས་ཚོགས་ལས་བསྟན་དོན། ཁ་གཏད་རོགས་སྐྱོར་ལས་དོན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས་ཀོས་ནན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་མི་སྣས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་གིས་ཕ་ཡུལ་དང་གཉེན་ཉེ་དང་ཁ་བྲལ་ནས་ཀོས་ནན་འཛུགས་སྐྲུན་བྱེད་པ་དང་། ཞབས་འདེགས་ཞུ་བ།སྟོབས་ཤུགས་འབུལ་བ་བཅས་བྱས་པས་ཀོས་ནན་རྫོང་གི་སློབ་གསོ་དང་སྨན་བཅོས་བྱ་གཞག་ཚད་བརྒལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་མི་སྣའི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མཚོན་ཡོད་པར་མ་ཟད།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་དུས་ཡུན་ལ་སྔར་བས་སྐུལ་འདེད་དང་།རོགས་སྐྱོར་མི་སྣས་ཏང་ཀྲུང་དབྱང་ལ་དྲིན་ཚོར་གྱི་བསམ་པ་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་དང་འབད་འབུངས་ཀྱི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བསྟན།  

 
གྲོས་ཚོགས་ཀྱི་རེ་བར། གནས་བབ་མཐོ་རུ་བཏང་ནས་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར།དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་གྱི་སྟེགས་བུ་དང་སྲིད་ཇུས་གང་ལེགས་སྤྱོད་པ། མཉམ་སྐྲུན་བྱ་ཐབས་ཇུས་འགོད་བཅས་བྱས་ཏེ་ལག་ལེན་གྱི་རིགས་པའི་གཞུང་ལུགས་ཀོས་ནན་དུ་འཇོག་པ་དང་། འཕར་བའི་རྩལ་ནུས་རང་ཡུལ་དུ་འཁྱེར་བ།    སྦྱངས་པའི་བློ་གྲོས་ལ་བརྟེན་ནས་ས་གནས་གཉིས་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ནུས་པ་གང་ཡོད་འདོན་པ་བཅས་བྱ་དགོས།  སྒྱུར་བཅོས་ལ་དམིགས་ནས་མཉམ་སྐྲུན་གཏིང་ཟབ་བྱེད་དགོས།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁ་གཏད་རོགས་སྐྲུན་ལས་དོན་གྱི་བླང་བྱ་གསར་པར་རང་འགུལ་ངང་དམིགས་ནས་ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི་ཐུན་མོང་མཉམ་སྒུལ་མཐའ་འཁྱོངས་ཀྱིས་འདུ་ཤེས་འབྲེལ་མཐུད་དང་། ཤེས་ལྡན་མི་སྣ་མཉམ་འགུལ། ལག་རྩལ་ཕན་ཚུན་སློབ་སྦྱོང་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། སྤེལ་རེས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་རང་ཡུལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་རྒྱུར་རམ་འདེགས་བྱེད་དགོས།དཀའ་སྤྱད་བབ་ཆགས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གཤིས་རྒྱུད་བཟང་པོ་རྒྱུན་འཁྱོངས་དང་། ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་།སྣང་བརྙན་བཟང་པོར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་མི་སྣའི་ཉམས་འགྱུར་མངོན་པར་བྱས་ཏེ་ཀོས་ནན་གྱི་འཕེལ་རྒྱས་ལ་མིག་དཔེ་སྟོན་དགོས།     
ཚོགས་ཞུགས་ཤེས་ལྡན་མི་སྣས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཡིད་ཆེས་སྔར་ལས་ཇེ་བརྟན་དང་། སྙིང་སྟོབས་ཆེར་སྐྱེད།འགན་འཁྲི་བློ་ལ་བརྟན་པོར་ངེས་པ།ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་མཚོ་སྔོན་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བརྗོད།               
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章