རང་ཁུལ་གྱིས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ།

文摘   2024-11-05 17:30   青海  

  ཟླ11ཚེས2ཉིན་གསར་འགོད་པས་རང་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དུ་རྒྱུས་ལོན་བྱས་པ་ལྟར་ན། མིག་སྔའི་བར་ནུས་ཁུངས་གསར་པའི་སྐྲུན་བཞིན་པའི་ལས་གཞིའི་ནང་ལས་མི3442བསྡུས་པ་དང་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི6.82ཐོན་ཀྱིན་ཡོད་པ་རེད།

  རྒྱུས་ལོན་བྱས་པ་ལྟར་ན།རང་ཁུལ་གྱིས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པར་དམིགས་ཏེ། ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་།རོང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་ས་ཁོངས་ནང་ཁུལ་གྱི་ལས་གཞི་ཡོད་ཚད་ལ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་བསྡུར་ཚད50%ཡན་ཟིན་པའི་དམིགས་ཚད་ལས་འགན་གཏན་འབེབས་བྱས་ཤིང་། ལས་ཞུགས་དང་ནུས་ཁུངས་གསར་པའི་ལས་གཞིའི་སྣེ་ཁྲིད་འོག ཁེ་ལས་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་འབད་པ་པ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་རང་གནས་སུ་ཐག་གཅོད་བྱེད་བྱས་ནས་ཐོན་ལས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་གྲུབ་འབྲས་མངོན་གསལ་ལེན་པར་འབད་བཞིན་ཡོད་པ་རེད།

   རང་ཁུལ་གྱིས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་བཙུགས་པ་དང་མི་ཤུགས་ཐོན་ཁུངས་ཞབས་ཞའི་ཀུང་ཟི47བཙུགས་ཏེ། རྫོང་སོ་སོར་ཉིན་ལས་ཚོང་ར་འཛུགས་སྐྲུན་བྱེད་པར་འབད་པ་བྱས་ལ། ཁུལ་ཡོངས་སུ་ཁྱབ་པའི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་འགན་ལེན་དྲ་བ་བཙུགས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུར་བརྟེན་ནས་ཚོང་རར་གསོན་ཤུགས་འཕེལ་བ་དང་ནུས་ཁུངས་གསར་པའི་ལས་གཞིའི་ནང་ཞུགས་པར་ནུས་པ་གལ་ཆེན་ཐོན་ནས་རོང་འབྲོག་མང་ཚོགས་ལ་རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ཡོད་པའི་ལས་ཞུགས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

   ལས་ཞུགས་ངལ་རྩོལ་པ་དང་མ་རྩ་ཅན་གྱི་ཆེད་གཉེར་དོ་དམ་པའི་ལམ་ལུགས་བཙུགས་པ་དང་།ལས་མི་གླ་བའི་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་ཚུལ་དང་ངལ་རྩོལ་གན་རྒྱ་འཇོག་པ།དེ་མིན་ཞིང་པ་ལས་མིའི་ལས་རྨས་འགན་སྲུང་ནང་ཞུགས་ཡོད་པ་སོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཏེ།གླ་ཕོགས་ཆད་པ་སྲིད་འཛིན་གྱི་ཁྲིམས་བསྟར་ངལ་རྩོལ་འདུམ་གཅོད་དང་།ཉེས་དོན་ཁྲིམས་འཛིན་བཅས་ཀྱི་ལམ་སྲོལ་བཙུགས་ཏེ་གླ་ཕོགས་ཆད་པའི་གྱོད་གཞི་མགྱོགས་མྱུར་གྱིས་ཐག་གཅོད་བྱས་སོང་ལ། འོད་བསྡུའི་སྐྱེ་ཁམས་ཕྱུགས་རའི་ཚོད་ལྟའི་འཛུགས་སྐྲུན་ལས་གཞི་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་བཞིན་འདུག་ལ། མིག་སྔའི་བར་མ་དངུལ་སྒོར་ཁྲི571བཏང་སྟེ་འོད་བསྡུའི་རྩྭ་ར་སྤྱི་ཆིང5320རུ་སྐྱེ་ཁམས་ཕྱུགས་ར13བཙུགས་ནས་རིམ་བཞིན་འཁོར་སྐྱོད་བྱེད་བཞིན་འདུག ཕྱུགས་ར་དེར་ལུག་ཁྲི1.24གསོ་སྐྱོང་བྱས་པར་ལོ་རེར་ཡོང་འབབ་སྒོར་ཁྲི99ཐོན་གྱི་ཡོད་པ་དང་རོང་འབྲོག་ཁྱིམ་ཚང3056ལ་སྣེ་ཁྲིད་བྱས་པར་མང་ཚོགས12224ལ་ཁེ་ཕན་བསྐྲུན་གྱི་ཡོད་པས། རང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ལས་བཏོད་ལས་ཞུགས་དང་མི་རིགས་མཐུན་སྒྲིལ། ཡོང་འབབ་འཕར་ཏེ་ཕྱུག་འགྱུར་དུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།།



ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章