སྐབས༡༤བའི་མཚོ་ལྷོ་ཁུལ་ཨུའི་རེས་སྐོར༦པའི་སྐོར་ཞིབ་གསལ་བསྒྲགས།

文摘   2024-10-15 18:04   青海  


   《སྐབས་བཅུ་བཞི་པའི་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་འགོད(2022-2026ལོ)》དང《2024ལོའི་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་གཙོ་གནད》ཀྱི་བཀོད་སྒྲིག་ལྟར། ཁུལ་ཨུས་སྐོར་ཞིབ་ཚན་ཆུང5མངགས་ཏེ། ཟླ9པའི་ཟླ་སྨད་ནས་བཟུང་ཟི་ལིང་གི་སྲིད་གཞུང་བུ་ལོན་གནད་དོན་ཐད་གྲོང་ཁྱེར་དང་ཁུལ་བསྣོལ་མར་སྐོར་ཞིབ་དང་། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཏང་ཨུ(ལུང་མཚེ་སྡེ་བའི་ཏང་ཀྲི་པུའུ)དང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཏང་ཨུ(ཞི་ཅ་ཙུའེ་སྡེ་བའི་ཏང་ཀྲི་པུའུ)། ཀོས་ནན་རྫོང་མགོ་མང་གཞོངས་གྲོང་རྡལ་ཏང་ཨུ(རྟ་ར་སྡེ་བའི་ཏང་ཀྲི་པུའུ)། ཐུན་ཏེ་རྫོང་འབའ་ལུང་ཤང་ཏང་ཨུ(ཁ་སྒང་སྡེ་བའི་ཏང་ཀྲི་པུའུ)། ཞིན་ཧེ་རྫོང་ཐང་ནག་ཤང་ཏང་ཨུ(ཞོལ་མ་སྡེ་བའི་ཏང་ཀྲི་པུའུ)བཅས་ལ་རིམ་སྤར་སྐོར་ཞིབ། ཁུལ་རྒྱལ་དབང་རྒྱུ་ནོར་མ་གཏོང་ལས་གཉེར་མཐུན་ཚོགས་ཚད་ཡོད་ཀུང་སི་དང་། ཁུལ་ལིས་ནན་ཁོར་ཡུག་བརྟག་བཤེར་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི། ཁུལ་འབྲུ་རིགས་སྡུད་གསོག་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་བཟོ་སྐྲུན་འཛུགས་སྐྲུན་དམིགས་འགུགས་ལྟེ་གནས་བཅས་ལ་རྒྱུན་ལྡན་སྐོར་ཞིབ། ཧའེ་ཧུའེ་མ་གཏོང་ཚད་ཡོད་ཀུང་སི་དང་། ཁུལ་གློག་བརྙན་འགྲེམ་སྤེལ་བརྙན་གཏོང་ཚད་ཡོད་ཀུང་སི། ཁུལ་ལྗང་མདོག་ནུས་ཁུངས་མ་གཏོང་ཚད་ཡོད་ཀུང་སི། ཁུལ་སི་ཐུང་དངུལ་སྡུད་ཁག་ཁུར་ཚད་ཡོད་ཀུང་སི། ཁུལ་འཛུགས་སྐྲུན་བཟོ་སྐྲུན་རྩད་ཞིབ་ཇུས་འགོད་བློ་འདྲིའི་ལྟེ་གནས། ཁུལ་བཟོ་སྐྲུན་འཛུགས་སྐྲུན་ལྟ་ཞིབ་ས་ཚིགས་བཅས་ལ་རྒྱང་སྲིང་སྐོར་ཞིབ། ཁུལ་སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་ཅུའུ་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུའུ། ཁུལ་ཁྲིམས་འཛིན་ཅུའུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་སོགས་ལ“ཕྱིར་མིག་ལྟ་བའི”སྐོར་ཞིབ་བཅས་བྱ་རྒྱུ་ཡིན།

གཅིག སྐོར་ཞིབ་ཀྱི་དུས་ཚོད།

2024ལོའི་ཟླ9པའི་ཟླ་སྨད་ནས་ཟླ12པའི་ཟླ་སྨད་བར།

གཉིས། རྒྱུན་སྲོལ་སྐོར་ཞིབ་ཀྱི་ནང་དོན་གཙོ་བོ།

《སྐབས་བཅུ་བཞི་པའི་ཁུལ་ཨུའི་རེས་སྐོར་དྲུག་པའི་སྐོར་ཞིབ་བྱ་བའི་ཇུས་གཞིའི》བླང་བྱ་ལྟར། ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་དངོས་ཡོད་དང་འགན་ནུས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་། ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ། ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་རྩ་འཛུགས་ཀྱི་ནུས་པ་ཞན་པའི་གནད་དོན། དེ་མིན་སྐོར་ཞིབ་དང་། རྩིས་བཤེར་སོགས་ལྟ་སྐུལ་ལྡོག་ལན་གནད་དོན་དག་ཐེར་དོན་འཁྱོལ་སོགས་ཀྱི་གནས་ཚུལ་གཙོར་བཟུང་ནས་ལྟ་བཤེར་དང་རྒྱུས་ལོན་བྱེད་པའི་དུས་མཚུངས་སུ། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་མི་འདེམ་སྤྱོད་དང་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་ལྟ་བཤེར་བྱ་རྒྱུ་ཡིན།

སྐོར་ཞིབ་བྱེད་སྐབས། སྐོར་ཞིབ་ཚན་ཆུང་སོ་སོས་ཐེར་འདོན་ཁ་པར་དང་། གློག་རྡུལ་ཡིག་ཟམ། བསམ་འཆར་ཡིག་སྒམ་བཙུགས་ཏེ། གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཏང་ཨུ(ལུང་མཚེ་སྡེ་བའི་ཏང་ཀྲི་པུའུ)དང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཏང་ཨུ(ཞི་ཅ་ཙུའེ་སྡེ་བའི་ཏང་ཀྲི་པུའུ)། ཀོས་ནན་རྫོང་མགོ་མང་གཞོངས་གྲོང་རྡལ་ཏང་ཨུ(རྟ་ར་སྡེ་བའི་ཏང་ཀྲི་པུའུ)། ཐུན་ཏེ་རྫོང་འབའ་ལུང་ཤང་ཏང་ཨུ(ཁ་སྒང་སྡེ་བའི་ཏང་ཀྲི་པུའུ)། ཞིན་ཧེ་རྫོང་ཐང་ནག་ཤང་ཏང་ཨུ(ཞོལ་མ་སྡེ་བའི་ཏང་ཀྲི་པུའུ)། ཁུལ་རྒྱལ་དབང་རྒྱུ་ནོར་མ་གཏོང་ལས་གཉེར་མཐུན་ཚོགས་ཚད་ཡོད་ཀུང་སི། ཁུལ་ལིས་ནན་ཁོར་ཡུག་བརྟག་བཤེར་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི། ཁུལ་འབྲུ་རིགས་སྡུད་གསོག་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་བཟོ་སྐྲུན་འཛུགས་སྐྲུན་དམིགས་འགུགས་ལྟེ་གནས། ཧའེ་ཧུའེ་མ་གཏོང་ཚད་ཡོད་ཀུང་སི། ཁུལ་གློག་བརྙན་འགྲེམ་སྤེལ་བརྙན་གཏོང་ཚད་ཡོད་ཀུང་སི། ཁུལ་ལྗང་མདོག་ནུས་ཁུངས་མ་གཏོང་ཚད་ཡོད་ཀུང་སི། ཁུལ་སི་ཐུང་དངུལ་སྡུད་ཁག་ཁུར་ཚད་ཡོད་ཀུང་སི། ཁུལ་འཛུགས་སྐྲུན་བཟོ་སྐྲུན་རྩད་ཞིབ་ཇུས་འགོད་བློ་འདྲིའི་ལྟེ་གནས། ཁུལ་བཟོ་སྐྲུན་འཛུགས་སྐྲུན་ལྟ་ཞིབ་ས་ཚིགས། ཁུལ་སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་ཅུའུ། ཁུལ་རང་བྱུང་ཐོན་ཁུངས་ཅུའུ། ཁུལ་ཁྲིམས་འཛིན་ཅུའུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་བཅས་མགོ་ཁྲིད་ཚན་པ་དང་ཁོངས་མིའི་གནས་ཚུལ་གསལ་ཞུ་བྱས་པའི་འཕྲིན་ཡིག་དང་། ཁ་པར། ངོ་གཏུག་བཅས་གཙོར་བཟུང་ནས་བདག་སྤྲོད་བྱ་རྒྱུ་ཡིན། སྐོར་ཞིབ་བདག་སྤྲོད་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པའི་དོན་ཚན་དག་གཏན་འཁེལ་ལྟར་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་པར་བརྒྱུད་སྤྲོད་བྱ་རྒྱུ་ཡིན། གལ་སྲིད་སྐོར་ཞིབ་བྱ་ཡུལ་སྡེ་ཚན་གྱི་མགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་འབྲེལ་ཡོད་གནས་ཚུལ་གསལ་ཞུ་བྱ་འདོད་ན། སྐོར་ཞིབ་དུས་སྐབས་ཀྱི་ལས་ཀའི་ཉིན་མོའི་ཆུ་ཚོད8:30-18:00བར་སྐོར་ཞིབ་ཚན་ཆུང་གི་ལས་རེས་ཁ་པར་ལ་ཁ་པར་གཏོང་བའམ་ཡང་ན་སྦྲག་སྐུར་སོགས་ཀྱི་ལམ་ནས་གསལ་ཞུ་བྱས་ཆོག

གསུམ། གསལ་ཞུའི་ཐབས་ལམ།

ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གཉིས་པས་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཏང་ཨུ(ལུང་མཚེ་སྡེ་བའི་ཏང་ཀྲི་པུའུ)དང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཏང་ཨུ(ཞི་ཅ་ཙུའེ་སྡེ་བའི་ཏང་ཀྲི་པུའུ)། ཀོས་ནན་རྫོང་མགོ་མང་གཞོངས་གྲོང་རྡལ་ཏང་ཨུ(རྟ་ར་སྡེ་བའི་ཏང་ཀྲི་པུའུ)། ཐུན་ཏེ་རྫོང་འབའ་ལུང་ཤང་ཏང་ཨུ(ཁ་སྒང་སྡེ་བའི་ཏང་ཀྲི་པུའུ)། ཞིན་ཧེ་རྫོང་ཐང་ནག་ཤང་ཏང་ཨུ(ཞོལ་མ་སྡེ་བའི་ཏང་ཀྲི་པུའུ)བཅས་ལ་རིམ་སྤར་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།

འབྲེལ་གཏུག་ཁ་པར། 15500746565

གློག་རྡུལ་ཡིག་ཟམ། hnzwdexcz666@163.com

ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པས་ཁུལ་རྒྱལ་དབང་རྒྱུ་ནོར་མ་གཏོང་ལས་གཉེར་མཐུན་ཚོགས་ཚད་ཡོད་ཀུང་སི་དང་། ཁུལ་ལིས་ནན་ཁོར་ཡུག་བརྟག་བཤེར་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ལ་རྒྱུན་ལྡན་སྐོར་བྱེད་པའི་དུས་མཚུངས་སུ། ཧའེ་ཧུའེ་མ་གཏོང་ཚད་ཡོད་ཀུང་སི་དང་། ཁུལ་གློག་བརྙན་འགྲེམ་སྤེལ་བརྙན་གཏོང་ཚད་ཡོད་ཀུང་སི། ཁུལ་ལྗང་མདོག་ནུས་ཁུངས་མ་གཏོང་ཚད་ཡོད་ཀུང་སི་བཅས་ལ་རྒྱང་སྲིང་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།

འབྲེལ་གཏུག་ཁ་པར། 15500741649

གློག་རྡུལ་ཡིག་ཟམ། 342138417@qq.com

ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པས་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་དང་། ཁུལ་འབྲུ་རིགས་སྡུད་གསོག་ཚད་ཡོད་འགན་འཁྲི་ཀུང་སི། ཁུལ་བཟོ་སྐྲུན་འཛུགས་སྐྲུན་དམིགས་འགུགས་ལྟེ་གནས་བཅས་ལ་རྒྱུན་ལྡན་སྐོར་ཞིབ་བྱེད་པའི་དུས་མཚུངས་སུ། ཁུལ་སི་ཐུང་དངུལ་སྡུད་ཁག་ཁུར་ཚད་ཡོད་ཀུང་སི་དང་། ཁུལ་འཛུགས་སྐྲུན་བཟོ་སྐྲུན་རྩད་ཞིབ་ཇུས་འགོད་བློ་འདྲིའི་ལྟེ་གནས། ཁུལ་བཟོ་སྐྲུན་འཛུགས་སྐྲུན་ལྟ་ཞིབ་ས་ཚིགས་བཅས་ལ་རྒྱང་སྲིང་སྐོར་ཞིབ་བྱེད་པར་འགན་ཁུར་བ་ཡིན།

འབྲེལ་གཏུག་ཁ་པར། 13007743333

གློག་རྡུལ་ཡིག་ཟམ། 407525002@qq.com

ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་ལྔ་པས་ཁུལ་སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་ཅུའུ་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུའུ། ཁུལ་ཁྲིམས་འཛིན་ཅུའུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་བཅས་ལ“ཕྱི་མིག་ལྟ་བའི”སྐོར་ཞིབ་ཀྱི་འགན་ཁུར་བ་ཡིན།

འབྲེལ་གཏུག་ཁ་པར། 15997040065

གློག་རྡུལ་ཡིག་ཟམ། 1063371856@qq.com

ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན།


ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

2024ལོའི་ཟླ9པའི་ཚེས29ཉིན།


ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章