ནོར་ནག་གི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

文摘   2024-11-13 18:43   青海  



ཉེ་བའི་ལོ་ཤས་རིང་། ཀོས་ནན་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་འབྲི་གཡག་དང་བོད་ལུག་གི་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འབྲི་གཡག་དང་བོད་ལུག་གི་ཐོག་མའི་ཐོན་ཡུལ་གྱི་རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་འབྲོག་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས།  

 
རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་ཀོས་ནན་རྫོང་གིས་ཁྱོན་མ་དངུལ་སྒོར་ས་ཡ4དང་འབུམ7ཁྲི6བཏང་ནས་འབྲི་གཡག་དང་བོད་ལུག་གི་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་ཚོད་ལྟའི་འདུ་འགོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ་རང་རྫོང་གི་འབྲི་གཡག་དང་བོད་ལུག་ལ་སྐྱེ་དུས་འདོགས་རྒྱུ་དང་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་གྱི་ཁུངས་འདེད་བླང་བྱ་བཏོན་པ་དང་། སྐྱེས་པའི་ཉིན30ནས90བར་གྱི་བེའུ་དང་ལུ་གུ་ལ་ཁུངས་འདེད་མཚོན་རྟགས་དང་ཆ་འཕྲིན་འཚོལ་བསྡུའི་ལས་དོན་གཅིག་གྱུར་ཐོག་སྤེལ་ཡོད། གློག་རྡུལ་རྣ་རྟགས་བརྒྱུད་ཕོ་མོ་དང་།རིགས། སྤུ་མདོག ལྗིད་ཚད། བདེ་ཐང་གནས་ཚུལ། རིམས་འགོག་ཆ་འཕྲིན། སྐྱེ་ལྡན་བདེན་དཔང་ར་སྤྲོད་ཆ་འཕྲིན།བཤས་གཏོང་ལས་སྣོན་ཆ་འཕྲིན་སོགས་ཐོ་འགོད་བྱས་ནས་ཐོན་རྫས་ལ་རྗེས་འདེད་དང་དོ་དམ་བྱེད་བདེ་ཡོང་བར་བྱས་ཡོད། 


 
 འབྲི་གཡག་དང་བོད་ལུག་ཐོན་སྐྱེད་བྱ་ཡུལ་གྱི་ཁུངས་འདེད་ཆོག་པའི་ལས་གྲྭའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཀོས་ནན་རྫོང་གི་འབྲོག་ལས་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོ་འདྲི་རྟོགས་ཐུབ་པ་མ་ཟད། ད་དུང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་ནས་ཁུངས་འདེད་བྱས་པའི་འབྲོག་ལས་ཐོན་རྫས་དེ་ཐོན་རྫས་དཀྱུས་མའི་ཟུར་སྣོན་རིན་ཐང་ལས་མཐོ་བ་དང་ཁེ་ལས་ཀྱི་གཟུགས་བརྙན་ལེགས་སུ་བཏང་ཡོད། 

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章