ལུག་ཁྱུ་གང་སར་རྒྱུ། ཐོན་ལས་དར་ཞིང་རྒྱས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ལ“ལུག་ནག་གི་ཕ་ས”ཞེས་པའི་སྙན་གྲགས་ཡོད། ལུག་ནག་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད། ཡུལ་དེས་ལུག་ནག་དང་གཟན་རྩྭ། ནོར་གནག་བཅས་ཀྱི་ཐོན་ལས་ཀྱི་སྤུས་འདེགས་ཕན་འཕར་ལ་སྐུལ་འདེད་བཏང་ནས། ད་ལོ་ལུག་ནག་ཁྲི12.5འཚོང་བར་ཁག་ཐེག་བྱས། ཉེ་ལམ། གསར་འགོད་པ་ཀོས་ནན་རྫོང་ལུག་ནག་གསོ་སྤེལ་ར་བ་རུ་སོང་སྟེ་བོད་ལུག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསང་བ་བཙལ།