ཀརྨ་ཕུན་ཚོགས་དམངས་ཆེན་འཐུས་མིའི་བྱ་འགུལ་ལ་ཞུགས་པ།

文摘   2024-10-22 17:42   青海  

ཀརྨ་ཕུན་ཚོགས་དམངས་ཆེན་འཐུས་མིའི་ཐོབ་ཐང་གིས་ལས་དོན་ཁང་གཉིས་ཀྱི་བྱ་འགུལ་ལ་ཞུགས།


    ཟླ10པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དམངས་ཆེན་འཐུས་མིའི་ཐོབ་ཐང་གིས་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དུ་འཐུས་མིའི་བྱ་འགུལ་ལ་ཞུགས་ཤིང་། དམངས་ཆེན་འཐུས་མི་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཁོ་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་ཀྱིས་ཉན་ཏེ། གཞི་རིམ་མང་ཚོགས་ཀྱི་བསམ་འདུན་དང་རེ་ཞུ་ལ་རྒྱུས་ལོན་ཟབ་མོ་གནང་། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་འགན་འཁྲིའི་འདུ་ཤེས་སྔར་བས་ཤུགས་ཆེར་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས“མི་དམངས་ཀྱིས་ང་རང་འཐུས་མིར་བདམས་པས། རང་ཉིད་ཀྱང་དམངས་ཀྱི་འཐུས་ཚབ་ཉན་དགོས།”ཅེས་པའི་དམ་བཅའ་བཞག་སྟེ། མང་ཚོགས་ལ་སྔར་བས་ལྷག་པའི་སྐྱིད་སྣང་དང་བདེ་སྣང་ཞིག་བསྐྲུན་པར་ཁག་ཐེག་བྱས། 


    

   ཀརྨ་ཕུན་ཚོགས་ཀྱིས་ཡུལ་དངོས་སུ་གྲོང་རྡལ་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་ལ་རྟོག་ཞིབ་བྱས་ཏེ། དམངས་ཆེན་འཐུས་མིའི་བྱ་འགུལ་སྤེལ་ཡུལ་འཛུགས་སྐྲུན་དང་འཐུས་མིའི་འགན་བསྒྲུབ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ཞིང་། ཞིང་ཆེན་དང་ཁུལ། རྫོང་དང་གྲོང་རྡལ་བཅས་རིམ་པ་བཞིའི་དམངས་ཆེན་འཐུས་མི་པདྨ་དོན་འགྲུབ་དང་ཐན་ཧའེ་རུང་། ཀླུ་མོ་གཡང་སྒྲོན། ལིའུ་ཙུན་མེན། ཚེ་ཁོ་སྒྲོལ་མ། བཅིངས་འགྲོལ་སྐྱིད། མ་ཅིན་ཞུའེ། འབྲུག་རྒྱལ། འབྲུག་མོ་སོགས་ཀྱིས་སློབ་གསོ་དང་འཕྲོད་བསྟེན། གསུམ་མེད་སྡོད་ཁུལ་དོ་དམ། སྡོད་ཁུལ་རྙིང་བ་སྒྱུར་བཀོད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།


    

   ཀརྨ་ཕུན་ཚོགས་ཀྱིས་དམངས་ཆེན་འཐུས་མིས་མི་དམངས་ཀྱི་ཁེ་ཕན་དང་མི་དམངས་ཀྱི་འདོད་བློ་སྐོང་བའི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ཡོང་བར་བྱ་རྒྱུ་དེ་འཐུས་མིའི་ལས་དོན་གྱི་གཞི་འཛིན་སར་བརྩི་དགོས། མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རྒྱུན་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ། དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་དམངས་ཀྱི་བསམ་བློ་གཅིག་གྱུར་ཡོང་བར་བྱེད་པ། དམངས་གཙོ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་དང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྤྲེལ་ཐག་ཏུ་འགྱུར་བར་འབད་དགོས། དུས་ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པར་སྣེ་ཁྲིད་དེ། རང་རྟོགས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་བརྩི་སྲུང་བྱེད་པ། ཁྲིམས་ལྟར་ལས་དོན་ནན་གྱིས་བསྒྲུབ་པ། ཁྲིམས་སྐྱོང་བསམ་གཞིགས་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་ལྟར་འགན་འཁྲི་བསྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཕྲག་ཏུ་འཁུར་བ། འཐུས་མིའི་འགན་འཁྲི་བསྒྲུབ་པ་ནས་སྤུས་མཐོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་དམངས་ཆེན་འཐུས་མིའི་ཐོབ་ཐང་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ཞིག་མངོན་དགོས་ཞེས་བསྟན།



  
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章