ཕྱི་ཚུལ་རིང་ལུགས་ལེགས་བཅོས་ཀྱིས་གཞི་རིམ་ཁུར་བོ་ཇེ་ཡང་དུ་གཏོང་བ།

文摘   2024-11-20 20:20   青海  

རང་ཁུལ་གྱིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱེད་པའི་བྱེད་ཐབས་དོན་ཚན་བཅུ་བཏོན་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བ།

  

    ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཕན་འབྲས་དངོས་ཐོན་ཆེད། རང་ཁུལ་གྱིས་གཤམ་གསལ་གྱི་བྱེད་ཐབས་བཅུ་གཏན་ལ་ཕབ་ཡོད་པ་རེད།

   ཡིག་ཆའི་གྲངས་ཀར་ཚོད་འཛིན་ནན་མོ་བྱེད་པ།ཡིག་ཆ་བཀྲམ་པའི་འཆར་གཞིར་དོ་དམ་དང་སྤྱི་གྲངས་ཚོད་འཛིན་བྱེད་པ།ཡིག་ཆ་བཀྲམ་པའི་ལམ་ལུགས་འཛུགས་པ།ལོ་རེའི་བཀྲམ་པའི་ཡིག་ཆའི་སྤྱི་གྲངས་ཉུང་དུ་གཏོང་བ་ལས་མང་དུ་མི་གཏོང་བ།ཡིག་ཆ་ལོ་སྔོན་མ་དང་བརྒལ་ན་གོང་རིམ་ཏང་ཨུའི་གཞུང་ལས་ཁང་ལ་ཡིག་ཐོག་ནས་གསལ་བཤད་བྱ་དགོས།

  ཚོགས་འདུ་ཇེ་ཉུང་དུ་གཏོང་བ།ཚོགས་འདུ་མེད་པའི་གཟའ་འཁོར་ནི་ཟླ་རེ་ཡི་གཟའ་འཁོར་དང་པོ་དང་།ཚོགས་འདུ་མེད་པའི་ཟླ་བ་ནི་ལོ་རེ་ཡི་ཟླ4པ་དང་ཟླ10བ་གཏན་འཁེལ་བྱས་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ།ཚོགས་ཞུགས་མི་སྣའི་ཁྱབ་ཁོངས་དང་རིམ་པར་ཚོད་འཛིན་ནན་མོ་བྱེད་པ།ལས་བགོས་འགན་འཁུར་བློ་མཐུན་གྱིས་བཀོད་སྒྲིག་བྱས་ཏེ་འཚོགས་པའི་ཚོགས་འདུར་འོག་རིམ་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་མི་དགོས།

  རྟོག་ཞིབ་ཞིབ་འཇུག་བྱེད་སྟངས་ལེགས་བཅོས་བྱེད་པ།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་གཞི་རིམ་དུ་རྟོག་ཞིབ་བྱེད་སྐབས།རྫོང་རིམ་པ་ནས་འགྲོ་རོགས་མི2ལས་མི་བརྒལ་བ།འགན་འཁུར་བློ་མཐུན་གཞན་དག་གིས་གཞི་རིམ་དུ་རྟོག་ཞིབ་བྱེད་སྐབས་འགྲོ་རོགས་མི་སྣར་ཚོད་འཛིན་ནན་མོ་བྱེད་དགོས།

  ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཚད་ལྡན་དུ་གཏོང་བ། ཕྱོགས་བསྡུས་རང་བཞིན་གྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་དེ་ལོ་གཅིག་གི་འཆར་གཞི་ལྟར་ལག་བསྟར་ནན་མོ་བྱ་དགོས།ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་ས་གནས་གཅིག་ལ་ལྟ་སྐུལ་ཞིབ་བཤེར་བྱ་བ་ཡང་ཡང་བཀོད་སྒྲིག་བྱས་མི་ཆོགདོན་དག་གཅིག་ལ་དམིགས་ནས་རིམ་པ་རེ་རེ་ཡིས་ས་གནས་གཅིག་ལ་ལྟ་སྐུལ་ཞིབ་བཤེར་བྱས་མི་ཆོག

གཞི་རིམ་གྱི་འགན་དབང་ཁ་གསལ་བཟོ་བ།ཁོངས་གཏོགས་ས་ཆའི་གང་འདོད་དུ་དོ་དོམ་ལག་བསྟར་དང་འགན་འཁྲིའི་ཡེ་གེ་འཇོག་པ།ཁག་བགོས་ཀྱི་དམིགས་ཚད་སྤྲོད་པ།དཔྱད་ཞིབ་རྩིས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་བྱ་བའི་ལས་འགན་དང་འགན་འཁྲི་ཤང་གྲོང་དང་སྡེ་བ། སྡོད་ཁུལ་ལ་སྤྲད་མི་ཆོག།

  མཛུབ་རྩེའི་ཁུར་པོ་ཇེ་ཡང་དུ་གཏོང་བ།སྡེ་ཁག་སོ་སོའི་བྱ་བའི་ཚོགས་པ་དེ་རྩ་དོན་ལྟར་ན་གཅིག་ལས་བཙུགས་མི་ཆོག་པ་དང་། གང་འདོད་དུ་གཞི་རིམ་ལས་ཁུངས་ལ་སྲིད་དོན་ཉེར་སྤྱོད་བྱ་རིམ་དང་བྱ་བའི་ཚོགས་པ་བརྒྱུད་དེ་བསྒྲུབ་ཟིན་པའི་བྱ་བའི་པར་རིས་དང་བརྙན་རིས་བསྐུར་དགོས་པའི་རེ་བ་བཏོན་མི་ཆོག བྱ་བའི་ཚོགས་པའི་ནང་གང་འདོད་དུ་ལས་འགན་བགོ་མི་ཆོག

གསར་བཏོད་ཀྱི་བྱ་འགུལ་སྤེལ་བར་གཟབ་ནན་བྱེད་པ། ཁུལ་དང་རྫོང་རིམ་པའི་ཏང་སྲིད་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས། དེ་མིན་ཤང་དང་གྲོང་རྡལ་གྱིས་གསར་བཏོད་དཔེ་སྟོན་བྱ་འགུལ་མི་སྤེལ་བ།ཤང་དང་གྲོང་རྡལ། སྡེ་བའམ་སྡོད་ཁུལ། སློབ་གྲྭ་བཅས་དམིགས་ཡུལ་དུ་བཟུང་བའི་ཚད་ལེན་བྱ་མི་ཆོག

  ལས་བྱེད་པ་གཡར་བའི་བྱེད་སྟངས་ཚད་ལྡན་དུ་གཏོང་བ།ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་རྫོང་དང་དེའི་མན་གྱི་སྡེ་ཁག་ནས་ལས་བྱེད་པ་གཡར་མི་ཆོགཤང་དང་གྲོང་རྡལ་ནས་ལས་བྱེད་པ་གཡར་བ་གཏན་འགོག་བྱ་དགོས།རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལྐོག་ཏུ་ཁ་གཡར་ཏེ་ལས་བྱེད་པ་གཡར་བའི་བྱ་སྤྱོད་གཏན་འགོག་བྱ་དགོས།

   ལས་བྱེད་པ་ངལ་གསོ་ཐུབ་པར་འགན་ལེན་བྱེད་པ། འོས་འཚམས་ཀྱིས་ལས་བྱེད་པ་དང་ལས་བཟོ་པར་རིམ་པ་ལྟར་གུང་སེང་གཏོང་དགོས་པ་དང་།ཁག་བགོས་ལྟར་གུང་སེང་གཏོང་དགོས།གཟའ་མཇུག་དང་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་ངལ་གསོའི་དུས་ཚོད་སོགས་སྤྱད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་།རྟོག་ཞིབ་ཞིབ་འཇུགལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱ་བ་བསྒྲུབ་མི་ཆོག

ལས་རེས་བྱ་བ་ལེགས་བསྒྱུར་གཏོང་བ།རིམ་པ་གཉིས་པའི་ལས་རེས་པའི་སྣེ་ཁྲིད་ལས་ཁུངས་ཀྱིསལྷོ་གཞུང་སྒྲུབ་ཁང་གི2023ཡིག་ཆ་ཨང3པའིལས་རེས་ལམ་ལུགས་ལྟར་ལག་བསྟར་ནན་མོ་བྱ་རྒྱུ།ཁུལ་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པས་བྱ་བའི་དགོས་མཁོར་གཞིགས་ནས་ལས་རེས་བཀོད་སྒྲིག་བྱེད་པ།དོན་སྙིང་མེད་པའི་ལས་རེས་ཡོད་ཚད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

   ཁུལ་གྱི་ཆེད་དོན་བྱ་བའི་ལམ་སྲོལ་གཞུང་ལས་ཁང་གིས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱི་ཚུལ་རིང་ལུགས་ཀྱི་དཔེ་མཚོན་གྱོད་དཔེའི་ཞིབ་བཤེར་དང་། བརྡ་ཁྱབ་དང་ཐེར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་བཏོད་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།



ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章