གཞིས་ཀ་རྩེའི་སློབ་ཆུང་སློབ་མ་འདི་དག་གིས་སྐད་གྲགས་བཞག་འདུག

时事   2024-09-05 10:03   西藏  

ཉེ་དུས། ༢༠༢༣ལོ་ནས་༢༠༢༤ལོའི་བར་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་ཆེན་གྱི་ཀྲུང་གོའི་ཁུལ་གྱི་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་དེ་ཀྲེན་ཀྲའུ་རུ་མཇུག་འགྲིལ་བ་དང་། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་ཆུང་དང་པོའི་གེ་སར་འབད་འཐབ་གསར་གཏོད་ཚོགས་ཆུང་གི་རང་འགུལ་ལྗིད་འཇལ་གྱི་གྲོ་ཞིབ་བརྫི་བྱེད་དང་བསྙལ་བྱེད་གཞོང་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་ཆུང་གཉིས་པའི་གངས་ལྗོངས་ཚན་རྩལ་ཕུགས་འདུན་གསར་གཏོད་ཚོགས་ཆུང་གི་ཁོར་སྲུང་རྣམ་པའི་དུག་སྦྲང་གསོད་པའི་སྒྲིག་ཆས་གཉིས་ལ་དངུལ་གྱི་རྟགས་མ་ཐོབ་འདུག


近日 

2023-2024学年

全球发明大会

中国区全国总决赛在郑州落下帷幕

日喀则桑珠孜区第一小学

格萨奋斗组——自动称重和面发面盆

日喀则桑珠孜区第二小学

雪域科创梦之队——环保型灭蚊装置

两项发明分别荣获银奖


ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་༢༨དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་ཡོང་བའི་འགྲན་ཞུགས་པ་དང་། དེ་བཞིན་ཧ་སག་སི་ཐན་དང་། ལྷོ་ཁོ་རེ་ཡ། དབྱི་ཐ་ལི། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཡོང་བའི་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་བཅས་ཁྱོན་མི་༥༠༠༠ལྷག་ཙམ་ཞུགས་ཡོད་པ་རེད།


本次大赛共有来自全国28个省市自治区、香港和澳门特别行政区的参赛选手,以及来自哈萨克斯坦、韩国、意大利、美国、加拿大等国家的国际青少年,共计5000余人参加。 


ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་འདིའི་བརྗོད་བྱ་གཙོ་བོ་ནི་ཚན་རྩལ་གསར་གཏོད་ཀྱིས་འབྱུང་འགྱུར་ལ་བློ་སྒོ་འབྱེད་ཅེས་པ་ཡིན་པ་དང་། སྤྱི་ཕན་གྱི་བརྗོད་བྱ་གཙོ་བོ་དངསྐུལ་འདེད་རང་བཞིན་གྱི་དྲི་བ་༡༥བཟོས་ཡོད་པ་རེད། འགྲན་བསྡུར་ནང་ཞུགས་མཁན་སློབ་མ་རྣམས་ཀྱིས་སྤྱི་ཕན་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་དེ་དག་ལ་དམིགས་ནས། ངོ་མཚར་ཆེ་བའི་གསར་གཏོད་བརྩམས་ཆོས་སྣ་ཚོགས་ཁྱེར་ཡོད་པའི་ནང་མིས་བཟོས་རིག་ནུས་དང་། ཁོར་སྲུང་ཚན་རྩལ། ལྗང་མདོག་ནུས་རྒྱུ། ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།


据了解,大赛以“科创启智未来”为主题,设立了15个公益主题及驱动性问题。参赛学生们围绕这些公益竞赛主题,带来各种奇思妙想的发明作品,涵盖人工智能、环保科技、绿色能源、信息技术等多个前沿领域。


གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་ཆེན་གྱི་ཀྲུང་གོའི་ཁུལ་གྱི་འགྲན་བསྡུར་བྱེད་སྒོ་དེ་༢༠༢༢ལོར་སློབ་གསོ་པུའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་མིང་ཐོའི་ནང་བཅུག་ཚུན། རིམ་བཞིན་རྒྱལ་ནང་གི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་སྤེལ་རེས་དང་འགྲེམས་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་བར་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་ཕུགས་འདུན་སྤེལ་རེས་དང་། འགྲེམས་སྟོན་བཅས་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།


全球发明大会中国区竞赛活动自2022年入选教育部面向中小学生全国性竞赛活动名单以来,已逐渐成为国内青少年科创发明领域交流展示的重要平台,并成为连接中外青少年科创梦想和交流展示的重要桥梁。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བཟང་པོ། སྐལ་བསྟན། 


主编 | 吾见才让

副主编 | 平多 桑布

编辑 | 桑布 格丹 

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章