ཡོངས་བསྒྲཌ་ངང་འདེམས་སྒྲུག་བྱེད་པའི་སྐོར་གྱི་བརྡ་ཐོ་གསར་པ་བཏང་བ།

时事   2024-09-01 18:19   西藏  


ཆབ་མདོ་གྲོང་ཁྱེར་གྱི་༢༠༢༤ལོའི་གྲོང་ཁྱེར་

ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པས་

གཞུང་ཞབས་པ་༼ ལས་དོན་པ ༽ཡོངས་བསྒྲགས་ངང་

འདེམས་སྒྲུག་ ༼ གདན་ཞུ ༽བྱ་རྒྱུའི་སྐོར་གྱི་

ཁ་གསབ་བརྡ་ཐོ། 


     ཆབ་མདོ་གྲོང་ཁྱེར་གྱི་༢༠༢༤ལོའི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པས་གཞུང་ཞབས་པ་༼ ལས་དོན་པ ༽ཡོངས་བསྒྲགས་འདེམས་སྒྲུག་ ༼ གདན་ཞུ ༽བྱེད་པའི་སྤྱི་བསྒྲགས་གཞིར་བཟུང་སྟེ། ཆབ་མདོ་གྲོང་ཁྱེར་གྱི་༢༠༢༤ལོའི་ཡོངས་བསྒྲགས་འདེམས་སྒྲུག་ལས་དོན་ད་ཆ་མིང་ཐོ་འགོད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད། མི་དགོས་མཁན་ཚན་པ་ཁག་ཅིག་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་ལས་བྱེད་པའི་ཡར་ཐོན་ལམ་བཤངས་ཐུབ་པར་སྔར་བས་འགན་ལེན་བྱ་ཆེད། མིང་ཐོ་འགོད་པའི་དུས་ཚོད་རིང་དུ་གཏང་རྒྱུ་དང་འབྲེལ། ལས་གནས་ཁག་ཅིག་གི་ཐོབ་ཐང་ཆ་རྐྱེན་ལྷུག་ཏུ་གཏང་རྒྱུའི་གཏན་འཁེལ་ཡོད། ད་ལྟ་ཁ་གསབ་བརྡ་ཐོ་གཏང་རྒྱུ་གཤམ་གསལ། 

     གཅིག  མིང་ཐོ་འགོད་པའི་དུས་ཚོད་ཉིན་གསུམ་ཇེ་རིང་དུ་བཏང་བ་དང་། ཞིབ་ཕྲ་ནི་སྤྱི་ཟླ་༩ཚེས་༡ནས་ཚེས་༣ཉིན་བར་ ༼ སྔ་དྲོའི་ཆུ་ཚོད་ ༩:༣༠ནས་༡༣:༠༠ བར་དང་། ཕྱི་དྲོའི་ཆུ་ཚོད་༡༥:༣༠ནས་༡༨:༣༠བར ༽ཡིན། 

     གཉིས། ལས་གནས་ཁག་ཅིག་གི་ཐོབ་ཐང་ཆ་རྐྱེན་ལྷུག་ཏུ་བཏང་སྟེ། རྒྱུགས་སྤྲོད་མི་སྣའི་གཞི་རྩའི་ཐོབ་ཐང་ཆ་རྐྱེན་ལ་འགྱུར་བ་མི་གཏོང་བ་དང་། ལས་གནས་ཁག་ཅིག་གི་ཆ་རྐྱེན་ལྷུག་ཏུ་བཏང་རྗེས་ཀྱི་ལས་གནས་རེའུ་མིག་ཞིབ་ཕྲ་ཟུར་བཀོད་ལ་གསལ།

     མིང་ཐོ་བཀོད་པར་མ་ཟད་ཞིབ་བཤེར་གཏན་འཁེལ་ནས་གྲོས་འཆམ་བྱུང་བའི་རྒྱུགས་སྤྲོད་སློབ་མ་ལེགས་སྒྲིག་བྱ་རྒྱུ་མིན་ལ། མིང་ཐོ་འགོད་པའི་དུས་ཚོད་མཇུག་འགྲིལ་རྗེས། རྒྱུགས་ལེན་པའི་བསྡུར་ཚད་ལ་མ་བསླེབ་པར་ལས་གནས་མེད་པར་བཟོ་དགོས་པའི་རྒྱུགས་སྤྲོད་སློབ་མས་སོ་སོའི་ཆ་རྐྱེན་དང་མཐུན་པའི་ལས་གནས་གཞན་དག་ལ་བསྒྱུར་བར་སྙན་སེང་ཞུས་ཆོག 

     ཟུར་བཀོད། ཆབ་མདོ་གྲོང་ཁྱེར་གྱི་༢༠༢༤ལོའི་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པས་གཞུང་ཞབས་པའི་༼ ལས་དོན་པ ༽ལས་གནས་ཡོངས་བསྒྲགས་ངང་འདེམས་སྒྲུག་ ༼ གདན་ཞུ ༽བྱེད་པའི་རེའུ་མིག 

 

 

       འབྲེལ་གཏུག་ཁ་པར།  ༠༨༩༥- ༤༨༢༡༥༨༢ ༼ ཆབ་མདོ་གྲོང་ཁྱེར་གྲོང་ཨུད་རྩ་འཛུགས་པུའི་གཞུང་ཞབས་པའི་ཁོའོ་དང་པོ ༽ ༠༨༩༥- ༤༨༤༣༦༩༩ ༼ ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་བྱ་གཞག་ཚན་པའི་མི་དོན་དོ་དམ་ཁོའོ ༽ ཡིན།


ཀྲུང་གུང་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་དང་།

ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ནས།

༢༠༢༤ལོའི་སྤྱི་ཟླ་༨ཚེས་༣༠ཉིན།


关于昌都市2024年市直机关事业单位
公开遴选(招聘)公务员(工作人员)的
补充通知

根据《昌都市2024年市直机关事业单位公开遴选(招聘)公务员(工作人员)公告》,昌都市2024年公开遴选工作目前正处于报名阶段。结合部分用人单位需求,为进一步保障基层干部“上行通道”畅通,决定延长报名时间并放宽部分岗位资格条件。现补充通知如下。


一、延长报名时间延长3天报名时间,具体为9月1日-9月3日(上午09:30—13:00,下午15:30—18:30)


二、部分职位放宽资格条件报考人员的基本资格条件不变,部分职位放宽条件后的职位表详见附件。


已经报名并审核通过的考生不再调整。报名时间结束后,因达不到开考比例需取消职位的考生,可改报其他符合条件的职位


附件:昌都市2024年市直机关事业单位公开遴选(招聘)公务员(工作人员)职位表


联系电话:0895-4821582(昌都市委组织部公务员一科)0895-4843699(昌都市人社局事业单位人事管理科


中共昌都市委组织部

昌都市人力资源和社会保障局

2024年8月30



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:昌都党建

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章