ཐ་མག་འཐེན་ས་འདི་དངོས་གནས་ཡག་པོ་འདུག

时事   2024-09-06 10:16   西藏  

གསར་འགོད་པས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་ཤེས་རྟོགས་བྱུང་གསལ། གནམ་ཐང་གི་ཞབས་ཞུའི་རྣམ་པར་སྔར་བས་འཐུས་ཚང་དུ་གཏང་ཆེད། བོད་རང་སྐྱོང་ལྗོངས་རྡོ་ཐ་ཀུང་སི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སིས་རོགས་སྐྱོར་བྱས་པའི་T༣མཁའ་འགྲུལ་ས་ཚིགས་སུ་ཡོད་པའི་ཤེལ་ཁང་གི་ཐ་མག་འཐེན་ས་འདི་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

记者从拉萨贡嘎国际机场了解到,为进一步完善机场服务功能,近日,由西藏自治区烟草公司拉萨市分公司赞助的T3航站楼中央景观区玻璃阳光吸烟室正式启用。

ཐ་མག་འཐེན་ས་དེ་དེང་རབས་ཅན་གྱི་ཤེལ་ཁང་ཞིག་ཡིན་ཞིང་། མིག་ལ་མཛེས་ལ་མཐའ་འཁོར་གྱི་ཡུལ་ལྗོངས་ཀྱང་མཐོང་ཐུབ་པ། མི་༡༠ནས་༡༢བར་མཉམ་དུ་དེའི་ནང་ཤོང་ཐུབ། དེ་མ་ཟད་རང་འགུལ་གྱི་གཙང་སེལ་མ་ལག་སྤྱད་ཡོད་པས། ཐ་མག་འཐེན་མཁན་ཡོད་མེད་དང་ཐ་མག་དུ་བའི་གར་ཚད་ངོས་འཛིན་ཐུབ་པར་མ་ཟད། རང་འགུལ་ངང་རླུང་འཁོར་གྱི་རླུང་བུའི་མྱུར་ཚད་སྙོམས་སྒྲིག་བྱས་ནས་གཙང་སེལ་བྱེད་ཐུབ་ཀྱི་ཡོད་ལ། གཙང་སེལ་ནུས་ཚད་བརྒྱ་ཆའི་༩༩.༥ཡས་མས་ཟིན་གྱི་ཡོད། ཐ་མག་དུ་བར་གཙང་སེལ་བྱས་ཚར་རྗེས་སླར་ཡང་ཐ་མག་འཐེན་ས་དེ་གཙང་ཞིང་གསལ་བའི་རྣམ་པར་སྡོད་ཀྱི་ཡོད་པ་རེད། ཐ་མག་འཐེན་ས་དེས་ཐ་མག་འཐེན་མཁན་ཚོའི་དགོས་མཁོ་བསྐངས་ཡོད་ལ། ཐ་མག་མི་འཐེན་མཁན་ཚོར་ཡང་གནོད་འཚེ་ཆུང་དུ་ཕྱིན་ཡོད་པ་རེད།

吸烟室采用现代化的玻璃阳光房设计,美观大方,与周边景观相融合,可同时容纳10—12人使用。内部采用全自动感应净化系统,能智能感应吸烟人员、识别烟雾浓度,并能自动调节风机风速净化,有效率达99.5%左右,待烟雾消除后能自动进入待机状态。该吸烟室既满足了吸烟旅客的需求,又降低了“二手烟”对非吸烟群体造成的危害。

བོད་ལྗོངས་གནམ་ཐང་ཚོགས་པས་གོམ་སྟབས་རྗེས་མར་ཐ་མག་འཐེན་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཐ་མག་འཐེན་སའི་ཁོར་ཡུག་གཙང་སྦྲ་དང་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་ནུས་ལྡན་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ལ།   དེ་དང་ཆབས་ཅིག    ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོར་དོ་ཁུར་གང་ལེགས་བྱེད་པ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་བར་དེ་བས་སྟབས་བདེ་དང་། སྐྱིད་སྣང་དོད་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།

下一步,西藏机场集团将加强该吸烟室的管理,确保吸烟室环境卫生整洁、设施设备完好有效。同时,通过不断关注旅客多样化需求,优化服务流程,持续提升服务品质,为广大旅客创造更加便捷、舒适和温馨的出行环境。

ཐ་མག་འཐེན་ན་ང་ཚོའི་བདེ་ཐང་ལ་གནོད་ཀྱི་ཡོད་པས། ང་ཚོས་བདེ་ཐང་ཅན་གྱི་འཚོ་བ་སྐྱེལ་སྟངས་འབོད་སྐུལ་བྱས་ནས། མི་ཚོགས་འདུ་སར་ཐ་མག་འཐེན་མི་ཆོག་པའི་གཏན་འབེབས་ལ་བརྩི་སྲུང་། ཁྱེད་རང་དང་མི་གཞན་གྱི་བདེ་ཐང་ཆེད་དུ་ཐ་མག་མི་འཐེན་པ། ཐུན་མོང་ཐོག་ཞི་མཐུན་དང་དཔལ་ཡོན་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་སྲུང་སྐྱོང་བྱེད་པའི་དྲན་སྐུལ་བྱ་རྒྱུ་ཡིན།

吸烟有害健康,我们倡导积极健康的生活方式,自觉抵制诱惑,不主动吸烟。遵守公共场所"禁止吸烟"规定。为了您和他人的健康,不要在禁烟区吸烟,共同维护一个和谐、文明的城市环境。











ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 拉萨发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章