གཡག་རྐུ་མཁན་གྱི་རྐུན་མ་གཡག་ཆེན་༤བཟུང་འདུག

时事   2024-09-06 12:17   西藏  

ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེ་ཆར་ལས་དོན་སྒྲུབ་སྐབས། འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཉེ་འགྲམ་གྱི་ཤིང་ནགས་སུ་གཡག་༣ཐག་པས་བསྡམས་ཡོད་པ་དང་། དེའི་མཐའ་འཁོར་དུ་ཁྲག་རྗེས་ཀྱང་ཡོད་ལ། རྐུན་མས་བརྐུས་པའི་ཁུངས་སྣེ་ཞིག་ཀྱང་རྙེད་པ་རེད།

近日,昌都市江达县公安局在工作中搜集到“江达县江达镇岗达村附近树林中发现3头被绳子拴住的牦牛,周围还看到一些血迹,有盗杀牦牛嫌疑”的情报线索。

གནད་དོན་དེའི་ཐད། འཇོ་མདའ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་མཐོང་ཆེན་པོ་བྱས་ཏེ། ཉེན་རྟོག་པས་འཕྲལ་དུ་ཉིན་མཚན་བལྟོས་མེད་ངང་གྲལ་བཤེར་ཞིབ་ཚགས་བྱས་ཏེ། བརྟག་དཔྱད་བདེན་དཔང་ལེན་པའི་ལས་དོན་སྤེལ་ནས། དོགས་ཡོད་ཉེས་ཅན་༥་འཕྲལ་དུ་གཏན་འཁེལ་བྱས་པ་རེད། སྟེང་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཤུགས་ཆེན་གཞོགས་འདེགས་འོག  ཟླ་༨ཚེས་༢༥ཉིན་མི་དམངས་ཉེན་རྟོག་པས་འཇོ་མདའ་རྫོང་དང་སྟེང་ཆེན་རྫོང་བཅས་ས་ཆ་གཉིས་ནས་དོགས་ཡོད་ཉེས་ཅན་༤འཛིན་བཟུང་བྱས་པ་དང་། གཞན་ཡང་དོགས་ཡོད་ཉེས་ཅན་༡བྲོས་བྱོལ་དུ་སོང་བར་ད་ལྟ་བདའ་འདེད་ལས་དོན་སྤེལ་བཞིན་ཡོད་པ་རེད།

对此,江达县公安局党委高度重视,立即抽派精干警力,连夜细致排查、连续作战,开展调查取证工作,迅速确定5名犯罪嫌疑人。在丁青公安的大力协助下,8月25日,民警分别在江达、丁青两地成功抓获犯罪嫌疑人4名,另有1名犯罪嫌疑人在逃,追逃工作正在进行中。

ཞིབ་བཤེར་བྱས་པ་བརྒྱུད། ༢༠༢༤ལོའི་ཟླ་༣པ་ནས་ཟླ་༨པའི་བར། དོགས་ཡོད་ཉེས་ཅན་བདེ་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། གཡང་ཆེ་གེ་མོ། པད་ཆེ་གེ་མོ། དངོས་ཆེ་གེ་མོ་བཅས་ཀྱིས་སྟེང་ཆེན་རྫོང་དུ་གཡག་བརྐུས་པའི་གྱོད་གཞི་ཁག་༥ཐོན་པ་དང་། གཡག་ཁྱོན་༢༠བརྐུས་པ་དང་འབྲེལ། ཁོ་ཚོས་བརྐུས་པའི་གཡག་རྣམས་འཇོ་མདའ་རྫོང་དུ་བཙོངས་ནས་ཁྲིམས་འགལ་ཁེ་བཟང་སྒོར་ཁྲི་༣༠ལྷག་ཙམ་ཐོབ་པ་རེད། དེ་ནས་གཡག་བརྐུས་པའི་གྱོད་གཞི་དེ་བདེ་བླག་ངང་རྩད་ཆོད་པ་དང་། གྱོད་དོན་འདི་མུ་མཐུད་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད།

经查,2024年3月至8月期间,犯罪嫌疑人德某、泽某、拥某、白某、欧某在丁青县作案5起,共盗窃牦牛20头,并将盗窃的牦牛运送至江达县销售,非法获利资金30余万元。至此,该系列牦牛盗窃案件成功侦破。目前,案件正在进一步侦办中。











ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 西藏商报 江达警务动态

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章