བོད་ཀྱི་རྫོང་འདིས་ཕུལ་བྱུང་སློབ་མར་སྒོར་ཁྲི་༢༥༠.༡སྤྲད་འདུག

时事   2024-09-09 18:18   西藏  


     སྤྱི་ཟླ་༩ཚེས་༦ཉིན། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་༢༠༢༤ལོའི་ལོ་འཁོར་གྱི་སྦྱངས་འབྲས་ལེགས་པའི་ཕུལ་བྱུང་སློབ་མར་སློབ་སྐྱོར་བྱ་དགའི་རོགས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

9月6日,日喀则市江孜县2024年度“善行江孜 圆梦助学”慈善助学奖学金发放仪式举行。

   

     ཐེངས་འདིའི་མཛད་སྒོའི་ཁྲོད། རྒྱལ་རྩེ་རྫོང་དགེ་སྒྲུབ་མཐུན་ཚོགས་ཀྱིས་༩༨༥ཡི་སློབ་གྲྭ་ཆེན་མོར་ཚུད་པའི་སློབ་མ་༡༧ལ་མི་རེར་བྱ་དགའ་སྒོར་༡༥༠༠༠དང་། ༢༡༡སློབ་ཆེན་དུ་ཚུད་པའི་སློབ་མ་༨༧ལ་མི་རེར་བྱ་དགའ་སྒོར་༡༠༠༠༠། དངོས་གཞིའི་ཚན་ཁག་གི་སློབ་གྲྭ་དཀྱུས་མར་ཚུད་པའི་སློབ་མ་༢༥༤ལ་མི་རེར་བྱ་དགའ་སྒོར་༥༠༠༠། ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭར་ཚུད་པའི་སློབ་མ་༣༢ལ་མི་རེར་བྱ་དགའ་སྒོར་༣༠༠༠། དངོས་གཞིའི་ཚན་ཁག་སློབ་གླིང་དང་སློབ་གྲྭར་ཚུད་པའི་མ་མཐའི་འཚོ་བ་འགན་ལེན་གྱི་སློབ་མ་༥ལ་མི་རེར་དཀའ་ངལ་ཡོད་པའི་ཁ་གསབ་རོགས་དངུལ་སྒོར་༢༠༠༠རེ་སྤྲད་པ་དང་། ཁྱོན་བསྡོམས་ཕུལ་བྱུང་སློབ་མ་༣༩༠ལ་སློབ་སྐྱོར་བྱ་དགའི་རོགས་དངུལ་སྒོར་ཁྲི་༢༥༠.༡སྤྲད་པ་དེས། སློབ་མ་ཚོས་མིག་དཔེར་སློབ་སྦྱོང་དང་། ཡར་རྒྱས་བརྩོན་ལེན། ཤེས་ལྡན་པའི་ཆོད་སེམས་འཇོག་པ་བཅས་ལ་སྐུལ་མ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་བརྩི་མཐོང་དང་། སློབ་གསོར་དོ་ཁུར། སློབ་གསོར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

本次活动中,江孜县慈善协会向考取985高校的17名学生每人奖励15000元,向考取211高校的87名学生每人奖励10000元,向考取普通本科院校的254名学生每人奖励5000元,向考取西藏初中班的32名学生每人奖励3000元,向考取本科院校的5名低保学生,每人另发困难学生补助2000元,共计为390名优秀学生发放慈善助学奖学金250.1万元,激励江孜广大学子学习榜样、积极进取、立志成才,切实营造全社会崇尚教育、关心教育、支持教育的良好氛围。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:江孜县发布

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章