རྫུན་མ་རེད། ཚང་མ་རྫུན་མ་རེད་འདུག

时事   2024-09-06 17:51   西藏  


       ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་རྡོ་ཐ་ཆེད་ཚོང་ཅུད་དང་མཉམ་འབྲེལ་ཐོག་ཚོང་རྟགས་རྫུན་མ་ཐོ་བཀོད་བྱས་པའི་ཚོང་ཟོག་ཕྱིར་ཚོང་གི་དོགས་གཞི་ཡོད་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་༥བཟུང་བ་དང་། ཐ་མག་སྟར་ཚན་༡༦༡༤ཞིབ་བཤེར་བཙན་ཉར་བྱས་པར་གྱོད་གཞི་དང་འབྲེལ་བའི་སྒོར་ཁྲི་༩༡ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ད་ལོའི་སྤྱི་ཟླ་༥པར། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གྱོད་དོན་སྒྲུབ་སྐབས། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་ཚོང་རྟགས་རྫུན་མ་ཐོ་བཀོད་བྱས་པའི་ཚོང་ཟོག་ཕྱིར་ཚོང་བྱས་པ་ཤེས་རྟོགས་བྱུང་ཞིང་། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཁུངས་སྣེ་བརྒྱུད། ལམ་སང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་ལེན་བྱས་ཡོད། དུས་ཡུན་ཉིན་བཞི་བཅུ་ལྷག་ཙམ་བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོའི་འགྲོ་འདུག་གནས་ཚུལ་ཤེས་རྟོགས་ཐུབ་པས། གྱོད་དོན་བསྒྲུབ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།
       སྤྱི་ཟླ་༧ཚེས་༡༧ཉིན། ཧྲོང་ལིའུ་ཉེན་རྟོག་པས་གཞོགས་འདེགས་བྱས་པ་བརྒྱུད། བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཧྲོང་ལིའུ་གནམ་གྲུ་ཐང་ནས་བཟུང་བར་མ་ཟད། ཁྲིམས་འགལ་ངང་ཐོབ་པའི་སྒོར་ཁྲི་༤༣.༨བཙན་ཉར་བྱས་པ་རེད།

近日,拉萨市公安局经侦支队联合烟草专卖局,成功破获一起涉嫌销售假冒注册商标的商品案,抓获犯罪嫌疑人5人,查扣假烟1614条,涉案金额91万余元


今年5月,经侦支队在工作中掌握到,嫌疑人张某涉嫌销售假冒注册商标的商品。接此线索后,经侦支队迅速组织警力开展调查取证工作。通过四十余天的摸排调查,成功掌握了嫌疑人张某的活动规律及活动区域,案件侦查取得了重大突破。

7月17日,在双流警方的大力协助下,侦查人员成功在双流机场将正在潜逃的嫌疑人张某抓获,并扣押非法所得现金43.8万元


      དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་འཛིན་བཟུང་བྱས་རྗེས། མྱུལ་ཞིབ་པས་ཉིན་མཚན་མེད་པར་ཞིབ་བཤེར་བྱས་པ་དང་། རྩད་གཅོད་མཐའ་གསལ་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་གཙོས་པའི་ཚོང་རྟགས་རྫུན་མ་ཐོ་བཀོད་བྱས་པའི་ཚོང་ཟོག་ཕྱིར་ཚོང་བྱེད་མཁན་གྱི་ཚོགས་པ་ཞིག་རྩད་ཆོད་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་༢༠༢༢ལོའི་སྤྱི་ཟླ་༡༡པ་ནས་བཟུང་། དོགས་ཡོད་ཉེས་ཅན་ལིའུ་ཆེ་གེ་མོར་རིན་གོང་མཐོ་བའི་ཐ་མག་རྫུན་མ་ཐེངས་མང་བསྐུར་ཡོད། དོགས་ཡོད་ཉེས་ཅན་ལིའུ་ཆེ་གེ་མོས་ཚོང་ཟོག་བླངས་རྗེས། དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཐན་ཆེ་གེ་མོ་བཅས་གསུམ་པོར་ཁག་བགོས་ཏེ་བསྐུར་བ་དང་། དེའི་རྗེས་ཁོ་ཚོ་གསུམ་པོས་ལྷ་ས་གྲོང་ཁྱེར་གྱི་ཚོང་ཁང་ཆེ་གྲས་ཁག་ཏུ་བཙོངས་པ་རེད།


嫌疑人张某归案后,侦查人员连夜开展审查工作。经进一步深挖,一个以张某为首,销售假冒注册商标的商品团伙渐渐浮出水面……


据了解,嫌疑人张某自2022年11月以来,多次向嫌疑人刘某寄来高档假烟。嫌疑人刘某取货后,分发至嫌疑人李某、张某某、田某三人手中,再由三人前往拉萨市各大商行进行售卖。




     ཁུངས་སྣེ་གསལ་པོ་བྱུང་རྗེས། མྱུལ་ཞིབ་པས་མགྱོགས་པོར་ཇུས་གཞི་བཟོས་རྗེས་ཕྱོགས་ཡོངས་ནས་བྱ་སྤྱོད་སྤེལ་ཏེ། སྤྱི་ཟླ་༧ཚེས་༡༦ནས་༢༤ཉིན་བར། ཁྲེང་ཀོན་ཆུད་དང་སྟོད་ལུང་བདེ་ཆེན་ཆུད་སོགས་ནས་ལིའུ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོགས་མི་བཞི་པོ་འཛིན་བཟུང་བྱས་པ་རེད།

     ད་ལྟ་དོགས་ཡོད་ཉེས་ཅན་ལིའུ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོགས་མི་བཞི་པོར་ཚོང་རྟགས་རྫུན་མ་ཐོ་བཀོད་དེ་ཚོང་ཟོག་ཕྱིར་ཚོང་གི་ཉེས་པ་བསགས་པའི་དོགས་གཞི་ཡོད་པར་བརྟེན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་གཞི་དེ་མུ་མཐུད་སྒྲུབ་བཞིན་ཡོད་པ་རེད།


掌握线索后,侦查人员迅速制定工作方案,全面主动出击,并于7月16日至24日,分别在城关区、堆龙德庆区等地将刘某、李某等4人抓捕归案。


目前,嫌疑人刘某、李某等4人因涉嫌销售假冒注册商标的商品罪,已被公安机关依法刑事拘留,此案正在进一步侦办中。





     ཉེན་རྟོག་ཕྱོགས་ནས། རྡོ་ཐའི་གྲུབ་རྫས་ནི་རྒྱལ་ཁབ་ཀྱིས་ཆེད་གཉེར་དོ་དམ་བྱེད་མཁན་ཡིན་པས། བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། ཚན་པ་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་ངང་ཐོན་སྐྱེད་བྱས་པའི་རྡོ་ཐའི་གྲུབ་རྫས་སྐྱེལ་འདྲེན་དང་། ཉར་ཚགས། ཕྱིར་ཚོང་བཅས་བྱས་མི་ཆོག  དེ་ལྟར་བྱས་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅད་སྲིད་ཅེས་དྲན་སྐུལ་ཞུ་རྒྱུ་དང་། དུས་མཚུངས། འཛད་སྤྱོད་པས་ཀྱང་དོགས་ཟོན་ཆེར་སྐྱེད་ཀྱིས་མགོ་སྐོར་མི་ཐེབས་པར་དོགས་ཟོན་བྱ་དགོས། གལ་སྲིད་ཐ་མག་རྫུན་མ་དང་སྤུས་ཞན་ཡིན་པ་ཤེས་ཚེ། མགྱོགས་མྱུར་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་ཚན་པར་ཞུ་གཏུག་བྱེད་པའམ། ཡང་ན་ཁ་པར་༡༡༠བརྒྱབ་ནས་ཉེན་རྟོག་ཕྱོགས་ལ་ཐེར་འདོན་གོང་ཞུ་བྱ་དགོས་པར་བླང་བྱ་བཏོན་ཡོད་པ་རེད།


警方提示:烟草制品属于国家专营专管,根据法律规定,任何单位和个人不得运输、储存、销售非法生产的烟草制品,否则将受到法律的严惩。同时,广大消费者也要提高警惕,谨防上当受骗。若发现假冒伪劣香烟,应立即向当地烟草专卖部门投诉,或拨打110电话向警方举报。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:平安拉萨

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章