༄༅།།དབལ་མོའི་བསྐང་བཤགས་གཏོར་བསྐང་ཡིད་བཞིན་ནོར་བུ་བཞུགས་སོ།།
文摘
文化
2024-12-11 11:41
四川
༄༅།།གཙོ་མཆོག་མཁའ་འགྱིང་ཁ་ལ་ཕྱག་འཚལ་ལོ། །མ་མོ་འདུས་པའི་ཡང་སྙིང་ལས། །དམ་ཚིག་ཆག་ཉམས་བསྐང་བ་དང་། །དངོས་གྲུབ་རྣམ་གཉིས་ཐོབ་བྱའི་ཕྱིར། །གསང་བའི་མདོས་དང་བསྐང་བའི་མདོས། །དེ་གཉིས་རྒྱས་པར་མ་གྲུབ་ན། །གཏོར་བསྐང་ཡིད་བཞིན་ནོར་བུ་བསྟན། །རིན་ཆེན་འབར་བའི་གསང་སྡེར་དུ། །འབྲུ་སྣ་དགུ་ཡི་ཕྱེ་མ་ལ། །སྨན་སྤོས་རིན་ཆེན་འཕྲད་སྦྱར་ནས། །ཞི་རྒྱས་དབང་དྲག་གཏོར་མ་བཅའ། །གཙོ་མཆོག་ཞལ་གསུམ་ཕྱག་དྲུག་པ། །སྐུ་གསུང་ཐུགས་ཀྱི་མ་མོ་གསུམ། །ཕྱོགས་ཀྱི་མཁའ་འགྲོ་སྡེ་བཞི་རྣམས། །སྐུ་ཞལ་བརྒྱད་པོ་རིམ་བཞིན་བཀོད། །སྨྱུག་རྒོད་གཙང་ཁྲག་གིས་བྱུགས། །དབུས་སུ་སྡོང་པོའི་ཚུལ་དུ་བཙུག །རིན་ཆེན་འབྲུ་ཡི་མི་རིང་བརྒྱད། །རང་མཐུན་ནམ་མཁའ་ཕྱོགས་རིས་བརྒྱད། །མདའ་འཕང་བརྒྱ་དང་། །རྣམ་བརྒྱད་མཆོད་པ་བརྒྱད་རེ་བཀོད། །དར་ཟབ་སྟག་གཟིག་བལ་ཚོན་དང་། །དཀར་མངར་འབྲུ་བཅུད་སྤྱན་གཟིགས་བཤམས། །འབྲུག་ཁྱུང་ལ་སོགས་འདབ་ཆགས་དང་། །སྟག་གཟིགས་ལ་སོགས་གཅན་གཟན་དང་། །ཤ་རྐྱང་ལ་སོགས་རི་དྭགས་དང་། །གཡག་ལུག་ལ་སོགས་གཡུང་དྭགས་རྣམས། །རིམ་པ་བཞིན་དུ་བཀོད་པར་བྱ། །ཤ་ཁྲག་གསེར་སྐྱེམས་ཕུད་ཀྱིས་བྲན། །རིན་ཆེན་མཛེས་པའི་ཁྲི་ལ་བཞག །ཏིང་འཛིན་གཟེར་བུ་ཇི་བཞིན་དུ། །སྦྱང་སྤེལ་ལ་སོགས་གཞུང་དང་མཐུན། །ཁྱད་པར་གཏོར་བསྐང་དུར་ཁྲོད་གནས། །འདོད་ཡོན་དཔག་ཏུ་མེད་པ་རྣམས། །མཆོད་འབུལ་ལྷ་མོ་བྱེ་བ་འབུམ། །ཀུན་ཀྱང་གླུ་གར་སྟབས་བསྒྱུར་ཞིང་། ཞི་ཁྲོ་འབར་བ་མཉེས་པ་དང་། །མ་སྲིང་མཁའ་འགྲོ་མཉེས་པར་བསམ། །ལྟག་སྤྲོད་རྔ་དང་རྐང་དུང་དང་། །གླིང་བུ་ལ་སོགས་སྒྲ་དབྱངས་ཀྱིས། །མ་མཆོག་དབྱིངས་སུ་འདི་ལྟར་བསྐང་། །བསྭོ་བོན་ཉིད་ཁྲོ་གཏུམ་འབར་བའི་གསས་མཁར་ནས། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །བོན་ཉིད་དབྱིངས་ལས་སྤྲུལ་པའི་ཡུམ། །གཙོ་མཆོག་ཡབ་ཡུམ་ཐུགས་ཀྱི་སྲས། །དུར་ཁྲོད་གསང་བ་མཆོག་གི་ལྕམ། །མ་མཆོག་སྲིད་པའི་རྒྱལ་མོ་ནི། །ཕྱི་རྒྱུད་སྲུང་མ་མཛད་ཙམ་ན། །གནམ་ཕྱི་གོང་རྒྱལ་མཐུ་མོ་ཆེ། །དཀར་མོ་འབུམ་གྱི་དབུས་ན་འགྱིང་། །ཆིབས་སུ་ཤེལ་གྱི་ཁྱུང་ཆེན་བཅིབས། །སྲིད་གསུམ་ཟིལ་གནོན་མཐུ་མོ་ཆེ། །གཤེན་རབ་སྟོན་པའི་བཀའ་ཉན་མ། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གསང་བའི་གནས་འདིར་གཤེགས་སུ་གསོལ། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །མ་མཆོག་སྲིད་པའི་རྒྱལ་མོ་ནི། །ནང་རྒྱུད་སྲུང་མ་མཛད་ཙམ་ན། །ནམ་མཁའི་ཁམས་ཀྱི་དབྱིངས་ཕྱུག་མ། །སྨུག་ནག་འབུམ་གྱི་དབུས་ན་འགྱིང་། །ཆིབས་སུ་གཡུ་ཡི་ཁྱུང་ཆེན་བཅིབས། །ཁམས་གསུམ་དབང་སྡུད་མཐུ་མོ་ཆེ། །ཁྲི་བཞི་ནམ་ཏིང་བཀའ་ཉན་མ། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གསང་བའི་གནས་འདིར་གཤེགས་སུ་གསོལ། །བདུད་རྩི་སྨན་གྱི་ཐུགས་དམ་བསྐང་། །མ་མཆོག་སྲིད་པའི་རྒྱལ་མོ་ནི། །གསང་རྒྱུད་སྲུང་མ་མཛད་ཙམ་ན། །ཡོན་ཏན་ཀུན་འབྱུང་དཔལ་ལྡན་མ། །མཐིང་ནག་འབུམ་གྱི་དབུས་ན་འགྱིང་། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །སྟོང་གསུམ་འདུལ་བའི་མཐུ་མོ་ཆེ། །གསང་བ་འདུས་པའི་བཀའ་ཉན་མ། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གསང་བའི་གནས་འདིར་གཤེགས་སུ་གསོལ། །རྨད་བྱུང་གཏོར་མའི་ཐུགས་དམ་བསྐང་། །ད་ལྟ་དུས་ཀྱི་ཐ་མ་ལ། །མིང་པོ་གཡུང་དྲུང་བདག་འབོད་ནས། །སྲིང་ཅིག་མ་ཐོག་མྱུར་དུ་བྱོན། །མཐིང་ནག་གདན་ལ་བཞུགས་སུ་གསོལ། །ཕྱག་འཚལ་དང་བས་སྐྱབས་སུ་མཆི། །དམ་ཚིག་ཆག་ཉམས་ཅི་མཆིས་པ། །མ་སྲིང་ཚོགས་ལ་བཤགས་པ་འབུལ། །མགོ་བརྙན་ཚོགས་ལ་བཟོད་པར་གསོལ། །སྒྲུབ་པའི་མ་སྲིང་བརྩེ་གདུང་ཅན། །མིང་པོ་གཡུང་དྲུང་སྒྲུབ་པ་པོས། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །དངོས་འབྱོར་ཡིད་ལ་སྤྲུལ་པ་ཡི། །འདོད་ཡོན་དཔག་ཏུ་མེད་པ་འདིས། །མ་མཆོག་གཙོ་འཁོར་ཐུགས་དམ་བསྐང་། །ཉི་ཟླ་གཟའ་སྐར་སྒྲོན་མེ་དང་། །མ་རིག་མུན་སེལ་སྣང་གསལ་འདིས། །མ་མཆོག་གཙོ་འཁོར་ཐུགས་དམ་བསྐང་། །མེ་ཆུ་ས་རླུང་རྔ་གཤང་དང་། །སྙན་པའི་སྒྲ་དབྱངས་སྣ་ཚོགས་འདིས། །མ་མཆོག་གཙོ་འཁོར་ཐུགས་དམ་བསྐང་། །རང་བྱུང་རྒྱལ་བོ་དྲི་མཆོག་དང་། །སི་ལ་སྤོས་ཀྱི་དྲི་ངད་འདིས། །མ་མཆོག་གཙོ་འཁོར་ཐུགས་དམ་བསྐང་། །ཀ་ར་བུ་རམ་སྦྲང་རྩི་དང་། །བདུད་རྩི་ཁ་མངར་རོ་མཆོག་འདིས། །མ་མཆོག་གཙོ་འཁོར་ཐུགས་དམ་བསྐང་། །དར་ཟབ་རེག་འཇམ་དབྱི་སྤྱང་དང་། །ལྷབ་ལྷུབ་རྒྱན་གྱི་ནབ་བཟའ་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །ཨུཏྤལ་མཁའ་འགྱིང་པདྨ་དང་། །ཁ་ཏོག་ལྔ་གསལ་མེ་ཏོག་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །འཁྲིལ་ལྡེམ་བཞད་འཛུམ་གླུ་གར་དང་། །བཅའ་བསྒྱུར་ཕྱག་རྒྱ་སྣ་ཚོགས་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །གསེར་གཡུ་ཟངས་ལྕགས་རྣམ་དག་དང་། རིན་ཆེན་སྣ་ལྔའི་གཏེར་ཆེན་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །རོ་མཆོག་བརྒྱ་ལྡན་སྤྱན་གཟིགས་དང་། །རི་རབ་ལྷ་སངས་ཞལ་ཟས་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །རྒྱ་མཚོ་གླིང་དགུའི་ཁྲུས་ཆབ་དང་། །བདུད་རྩི་འོ་དཀར་གཙང་ཆབ་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །ག་བུར་ཙན་དན་གུར་གུམ་དང་། །ཉོན་མོངས་དུག་འཇོམས་སྨན་མཆོག་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །ཞོ་མར་ཐུད་ཕྲོམ་དཀར་བཅུད་དང་། །དཀར་གསུམ་གཙང་མའི་ཕུད་མཆོད་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །འབྲས་དྲུག་གྲོ་ནས་སྲན་གསུམ་དང་། །འབྲུ་སྣ་དགུ་ཡི་ཕུང་པོ་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །ཇ་ཆང་གཙང་མའི་གསེར་སྐྱེམས་དང་། །བདུད་རྩི་ཡུ་ཏིའི་རྒྱ་མཚོ་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །བླ་བྲེ་འཕན་དང་རྒྱབ་ཡོལ་དང་། །གདུགས་དང་བ་དན་རྒྱལ་མཚན་འདིས། །མ་མཆོག་རྒྱལ་མོའི་ཐུགས་དམ་བསྐང་། །རིན་པོ་ཆེ་ཡི་ནོར་བདུན་དང་། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་དང་། །འདོད་ཡོན་ལྔ་ཡི་གཏེར་ཆེན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རྨད་བྱུང་གསང་བའི་གཏོར་མ་དང་། །ཨ་མྲྀ་ཏ་ཡི་བདུད་རྩི་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སེང་གེ་དཀར་མོའི་སྙིང་ཁྲག་དང་། །རྩ་བ་ལྔ་ཡི་དམ་རྫས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རིན་པོ་ཆེ་ཡི་སྲོག་ཤིང་དང་། ཟིལ་ངར་ཆེན་པོའི་ཝུ་བ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །གཡུ་འབྲང་འབར་བའི་བཅུད་རྡོ་དང་། །བདུད་རྩི་དཀར་པོའི་ཐིགཔ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །གཡུ་འབྲང་བདུད་རྩིའི་ཁུ་བ་དང་། །དམ་རྫས་རྣམ་ལྔ་བསྡུས་པ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཐོད་པ་ལྕང་ལོ་མཚན་ལྡན་དང་། །བྷན་ངྷ་འབར་བའི་གསང་སྡེར་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སྒྲ་རྒྱལ་རྐང་གི་དུང་ཆེན་དང་། །བྷན་ངྷ་ལྟག་སྤྲོད་རྔ་ཆེན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཤ་ཆེན་བཙོས་པའི་རླངས་པ་དང་། །རུས་ཆེན་བསྲེགས་པའི་གསར་དུ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཚིལ་ཆེན་བཞུས་པའི་ཞུགས་བར་དང་། །རྐང་ཆེན་མཆོག་གི་ཕུར་བ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །དུར་ཁྲོད་གསང་བའི་དཀྱིལ་འཁོར་དང་། །གསང་བའི་མདོས་ཆེན་རྒྱན་ལྡན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །མཐིང་ནག་ཞིང་གི་གུར་ཆེན་དང་། །ཐོད་ཆེན་འབར་བའི་ཏོག་ཆེན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཞིང་ཆེན་འབར་བའི་རྒྱལ་མཚན་དང་། །དར་ནག་འཕན་དང་རུ་དར་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རི་རབ་གླིང་དང་མུ་ཁྱུད་དང་། །རྒྱན་དཀར་དཔག་བསམ་སྡོང་པོ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རིན་ཆེན་འབྲུ་ཡི་མི་རིང་དང་། །མཚེ་ཉུངས་བལ་ཚོན་སྣ་ཚོགས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ནམ་མཁའ་རྒྱང་བུ་མདའ་འཕང་དང་། །ཕོ་ཏོང་མོ་ཏོང་ཤིང་རིས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །འབྲུག་ཁྱུང་བྱ་ཁྲ་ཀང་ཀ་དང་། །མཁའ་ལྡིང་འདབ་ཆགས་སྣ་ཚོགས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སེང་གེ་སྟག་གཟིག་དོམ་དྲེད་དང་། །རྔམ་པའི་གཅན་གཟན་སྣ་ཚོགས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །འབྲོང་རྒོད་ཤ་རྔོས་གཙོས་དགོ་དང་། །མཛེས་པའི་རི་དྭགས་སྣ་ཚོགས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །གཡག་རོག་ལུག་ནག་བྱ་ནག་དང་། །མི་ནོར་བཀོར་མཛོད་སྣ་ཚོགས་འདིས།།མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །གྱི་ལིང་འབྲུག་རྟ་སྔོན་པོ་དང་། །དྲེལ་རྟ་དམར་པོ་རྒྱན་ཅན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཞིང་ཆུང་ནལ་བུའི་རྒྱལ་མཚན་དང་། །སྣ་ཚོགས་དར་གྱི་ཆུན་པོ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་། །གེ་ཤན་རུ་ཏྲའི་དོན་སྙིང་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཕྱི་སྣོད་ལྷ་ཡི་ཕོ་བྲང་དང་། །ནང་བཅུད་ལྷ་དང་ལྷ་མོ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སྣང་བ་རྒྱན་གྱི་གཏོར་མ་དང་། །སྟོང་བ་ཡིད་ཀྱི་འདུ་བྱེད་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རང་ལུས་དུར་ཁྲོད་གཞལ་ཡས་ཁང་། །རྣམ་ཤེས་ཚོགས་ཀྱི་རང་བཞིན་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ཀ་དག་སྤྲོས་བྲལ་ལྟ་བ་དང་། །གསལ་སྟོང་དྲི་མེད་དགོངས་པ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །དུག་ལྔ་རང་གྲོལ་སྤྱོད་པ་དང་། །མ་སྲིང་དགྱེས་པའི་དམ་རྫས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །རང་བཞིན་ཆ་ལུགས་རྣམ་ལྔ་དང་། །འགག་མེད་རོལ་པའི་ཕྱག་རྒྱ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །མ་ཛ་བྷྱོ་ཡི་ས་བོན་དང་། །ཏིང་འཛིན་དགོངས་པའི་འཕྲོ་འདུ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །གྲང་ཙེ་སྔགས་ཀྱི་གསང་འཛབ་དང་། །བ་ཀ་ཡུམ་གྱི་བསྐྱེད་རྫོགས་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སྲིད་གསུམ་རྩེ་ནས་བཅོམ་པ་དང་། །རྔམ་པ་དགུ་ཡི་སྟག་ཤ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །དུག་གསུམ་རྩ་ནས་བཅད་པ་དང་། །གདུང་པ་སྟོང་གི་སྙིང་ཁྲག་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །སྟོང་གསུམ་དབྱིངས་སུ་བསྒྲལ་བ་དང་། །ཀེང་རུས་ཐོད་མཁར་བརྩིག་པ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །ས་གསུམ་མཁའ་ལ་དྲིལ་བ་དང་། །ཙིརྟ་སྙིང་གི་ཕྲེང་བ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །བསྐལ་གསུམ་མཁའ་རུ་སྦྱོར་བ་དང་། །རྒྱུ་དྲུག་དབྱིངས་སུ་གསལ་བ་འདིས། །མ་ཅིག་གཙོ་འཁོར་ཐུགས་དམ་བསྐང་། །མཁའ་ཀློང་དབྱིངས་ཀྱི་མ་སྲིང་རྣམས། །མཁའ་རུ་བསྐང་ངོ་མ་འབྱམས་ཤིག །ཀློང་དུ་བསྐང་ངོ་མ་ལྡོག་ཅིག །དབྱིངས་སུ་བསྐང་ངོ་མ་འགྱུར་ཅིག །དེ་ལྟར་ཐུགས་དམ་གཉན་བསྐང་ནས། །བདག་ཅག་གཤེན་སྡེ་འཁོར་བཅས་ཀྱིས། །མཁའ་འགྲོའི་ཚོགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་དམ་ཚིགལ། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ལུས་ཀྱི་ཕྱག་རྒྱ་ཆགས་པ་དང་། །མེ་རི་འབར་བ་བཏིང་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །གསང་མཚམས་ཁྱི་ཡིས་དཀྲལ་པ་འམ། །དམེ་མུག་ནལ་གྱིས་ཕོག་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། ངག་འཁྱལ་གྲོགས་ལ་སྨྲས་པའམ། །བླ་མའི་ཡོན་ཏན་སྨད་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །མཆེད་ལྕམ་གཙང་སྨེ་འདྲེས་པའམ། །འཛབ་དང་བསྙེན་རྒྱུན་ཆད་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །གསང་ཚིག་ཁྲོམ་དུ་བསྒྲགས་པའམ། །ལྕེ་ཟས་དམ་ཚིག་ཉམས་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ཡིད་སེམས་ལོག་པར་འཁྲུལ་པའམ། །ཏིང་འཛིན་ཡེངས་ལ་བོར་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །སྟོང་པ་ཡིད་ལ་བཞག་པའམ། །ལྷ་སྲུང་བསྐྱེད་རྫོགས་ཞན་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ཡི་དམ་སྤོང་ལེན་བྱས་པའམ། །བཀའ་སྐྱོང་ཡལ་བར་དོར་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །མཆོད་པ་ལོ་ཟླར་འདས་པའམ། །རྒྱུ་ཆུང་ཕུད་ལྷག་འདྲེས་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ཐེག་ཆེན་བོན་ལ་སྨད་པའམ། །ཡིན་མིན་ཆོལ་བུར་སྤྱོད་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ཞིང་བསྒྲལ་རྣམ་ཤེས་འཁྱམ་པའམ། །དམིགས་མེད་རྒྱ་ཡི་མ་ཐེབ་ན། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །དུག་ལྔ་རང་ཁར་ཤོར་བའམ། །ཚད་མེད་བཞི་དང་བྲལ་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །གསང་སྤྱོད་རྡུལ་ཤུགས་ཆུང་བའམ། །དམ་ཉམས་ཚོགས་ལ་བཅུག་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །ཤེལ་ཕྲེང་ཐག་པ་བཅད་པའམ། །གནམ་ཆུ་ལྐུགས་པ་འཐུང་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །དམེ་མུག་རྩོག་ལ་འབོག་པའམ། །ཐབ་གཞོབ་མཁོན་གྱིས་བསྒྲེན་ནཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །བཀའ་ལ་ར་ཆོད་བྱས་པའམ། །ལུང་ལ་ཁྱུར་མིད་བྱས་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །དམ་རྫས་རྩོག་ཏུ་བལྟས་པའམ། རྟེན་རྫས་གཞན་ལ་བྱིན་ན་ཡང་། །མ་སྲིང་ཚོགས་ལ་མཐོལ་ལོ་བཤགས། །བསྐང་ངོ་བཤགས་སོ་མ་སྲིང་རྣམས། །བསྐང་བས་བྱང་ལ་བཤགས་པས་དག །བྱང་དག་དངོས་གྲུབ་བདག་ལ་སྩོལ། །འགྱུར་མེད་སྐུ་དང་འགག་མེད་གསུང་། །འཁྲུལ་མེད་ཐུགས་ཀྱིས་དངོས་གྲུབ་སྩོལ། །ཚེ་དབང་བསོད་ནམས་ལོངས་སྤྱོད་དང་། །འདོད་འབྱུང་གཏེར་གྱི་དངོས་གྲུབ་སྩོལ། །བཙན་ཕྱུག་འཕན་དར་རྒྱས་པ་དང་། །མཐུ་རྩལ་སྟོབས་ཀྱི་དངོས་གྲུབ་སྩོལ། །ཐུན་མོང་ནོར་དང་ཐེག་ཆེན་མཆོག །སྐུ་གསུམ་ལྷུན་གྲུབ་དངོས་གྲུབ་སྩོལ། །མིང་པོ་གཡུང་དྲུང་ལས་བཅོལ་གྱིས།།སྲིང་ཅིག་དམ་ཅན་ལས་ལ་ཆོས། །སྡང་དགྲ་གདོན་བགེགས་དབང་དུ་སྡུས། །བྱད་ཁ་ཕུར་ཁ་ཐམས་ཅད་ཟློགས། །དལ་ཁ་རམས་ཁ་ཐུར་དུ་བསྒྱུར། །ནད་ཁ་ཡམས་ཁ་བཅད་དུ་གསོལ། །གཡུང་དྲུང་བོན་གྱི་བསྟན་པ་སྲུངས། སྒྲུབ་གཤེན་བདག་གི་སྡོངས་གྲོགས་གྱིས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མཛོད། །བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབས། །བསྭོ་མ་མ་ཛ་ཐུན་བྷྱོ། མུ་ཡེ་ཐུན་བྷྱོ། རཾ་ཐུན་བྷྱོ། ཨ་དཀར་མུ་ཡེ་ཤག་ཐུན་བྷྱོ་ཐུན་བྷྱོ། བསྭོ་མ་མ་ཛ་ལ་མུ་ཡེ་ཐུན་ཤག་ཤག་དུམ་དུམ་བྷྱོ་བྷྱོ། ཞེས་བརྗོད་ལ་གཏོར་མ་དམར་ཕུད་སྦྲེང་། མ་མོ་བསྐང་བའི་མདོས་ཆུང་འདི། སྒྲུབ་གཤེན་ཉམས་ཆག་བྱུང་གྱུར་ན། བརྒྱ་སྟོང་ལ་སོགས་སྐབས་དང་སྦྱར། ཨུ་ཡཿ ཨགཾྠཿ དཔོན་གསས་ཁྱུང་རྒོད་རྩལ་གྱི་ཟང་ཟང་ལྷ་བྲག་གི་གཏེར་མའོ། །ཨེྠ། སམ་ཡཿ རྒྱ་རྒྱ་རྒྱ༔