གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ།

文摘   文学   2024-12-10 13:12   四川  

    ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང་། །རྣམ་དཀར་དགེ་ཚོགས་གྲུབ་པའི་ནུས་མཐུ་དང་། །བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བསྟན་འཛིན་དཔོན་སློབ་བཤད་སྒྲུབ་འཕེལ་བ་དང་། །བསྟན་སྦྱིན་མངའ་དབང་ལོངས་སྤྱོད་རྒྱས་པ་དང་། །བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག །ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །རང་ལུགས་འཁྲུལ་མེད་རྒྱལ་བ་སྨན་རི་བ། །མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག །དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག །དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པ། །མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང་། །རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང་། །སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག །དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །ནད་མུག་འཁྲུག་རྩོད་རབ་ཏུ་ཞི་བ་དང་། །ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག  །ཅེས་པས་བདེ་སྨོན་ཉུང་འདུས་འདི་ཡང་། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་ཟིལ་གནོན་ཞེས་པ་མེ་རྟའི་ལོར་སོག་སྡེའི་བོན་དགོན་དུ་སྦྱར་བ་དགེའོ།།

གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章