ཕྱིར་ཚོང་བྱེད་ཚད་ཧ་ཅང་མང་བའི་ལྷ་སའི་ཟ་ཁང་༢བཅོས་སྒྲིག་བྱས་འདུག

时事   2024-09-09 13:33   西藏  


     སྤྱི་ཟླ་༩ཚེས་༥ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཁྲིམས་འཛིན་མི་སྣ་མངགས་སྐྱེལ་ལས་སྟེགས་ཤིག་ཏུ་འཛུལ་ནས། ཕྱིར་ཚོང་བྱེད་ཚད་ལ་གཞིགས་ཏེ་མངགས་སྐྱེལ་ཟ་ཁང་༢བདམས་ཤིང་། གསར་འགོད་པས་ལྷ་སའི་བསྲེགས་ཟས་དང་ལྷ་སའི་འབྲས་ཐུག་ཟ་ཁང་དེ་གཉིས་བྲིན་ཁའི་བང་རིམ་དང་པོ་བསླེབས་ཡོད་པ་དང་། ཟླ་རེའི་ཕྱིར་ཚོང་བྱེད་ཚད་་༩༩༩༩+ཡིན་པ་མཐོང་བ་རེད། འོ་ན། མངགས་སྐྱེལ་ཟ་ཁང་དེ་གཉིས་ཀྱི་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་ཅི་འདྲ་ཡིན་ཞེ་ན། ཁྲེང་ཀོན་ཆུད་ཁྲོམ་ར་ལྟ་སྐུལ་ཅུད་བཟའ་བཅའ་ཁོའོ་ཡིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ནས་འཕྲལ་དུ་ཞིབ་བཤེར་བྱས་པ་རེད།

9月5日下午,拉萨市城关区市场监管局执法人员登录某外卖平台,根据销量排行,随机选取了2家外卖店。记者看到这2家外卖店,分别显示为拉萨烧烤热销榜第一、拉萨粥店热销榜第一,2家外卖店的月销量均为9999+。那么,这两家外卖店的食品安全状况如何?城关区市场监管局食品科组织执法人员进行了突击检查。

ཕི་ལི་ཧོ་བསྲེགས་ཟས་ཟ་ཁང་ལ་ཁྲིམས་འཛིན་མི་སྣས་

རང་སར་བཅོས་སྒྲིག་བྱ་དགོས་ཞེས་བརྗོད་པ།

霹雳火鲜串烧烤

执法人员:现场立即整改


     ཁྲིམས་འཛིན་མི་སྣ་ཆུ་མིག་ལམ་དུ་གནས་པའི་༼ ཕི་ལི་ཧོ་བསྲེགས་ཟས་ཟ་ཁང ༽ས་ཡུལ་དངོས་སུ་སྐྱོད་སྐབས། དེ་གའི་ལས་གཉེར་ལག་ཁྱེར་དང་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ལ་ཞིབ་བཤེར་བྱས་པ་དང་འབྲེལ། ལས་དོན་མི་སྣ་ཁག་ཅིག་གི་བདེ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་པར། ཟ་ཁང་དེའི་གཉེར་སྐྱོང་ལག་ཁྱེར་དང་ལས་དོན་མི་སྣའི་བདེ་ཐང་ལག་ཁྱེར་ཆ་ཚང་པོ་ཡོད་པ་རེད།
执法人员来到位于曲米路的“霹雳火鲜串烧烤”,现场查看了该店营业执照和食品经营许可证,并随机抽查了几名工作人员的健康证,发现该店能够做到亮证亮照经营及从业人员健康证齐全。



   ཟ་ཁང་དེའི་ཐབ་ཚང་ནང་སྐྱོད་སྐབས་བཟའ་བཅའ་སྣ་ཚོགས་ཤ་ཚལ་གྱི་དབྱེ་བ་ལྟར་ཉར་ཚགས་བྱས་ཡོད་པར་མ་ཟད། ལས་ཀ་བྱེད་མཁན་གྱིས་ལས་ཀའི་ཞྭ་མོ་དང་ཁ་རས་ཀྱང་གྱོན་ཡོད་པ་རེད། ཟ་ཁང་དེའི་སྤྱིན་བདག་གིས་བསྲེགས་ཟས་བཟོ་གི་ཡོད་ཅིང་སྣུམ་སྤྱོད་ཚད་ཅུང་ཆེན་པོ་ཡོད་སྟབས། ཁྲིམས་འཛིན་མི་སྣས་བཟའ་སྣུམ་དུས་བཀག་ཐོག་བརྗེ་པོ་རྒྱག་མིན་ཐད་ཤེས་རྟོགས་བྱས་ཏེ། ཟ་ཁང་དེར་སྣུམ་གྱི་མྱུར་བཤེར་ཡོ་ཆས་སྒྲིག་སྦྱོར་བྱས་ནས་བཟའ་སྣུམ་གྱི་བདེ་འཇགས་འགན་ལེན་བྱ་དགོས་པར་བླང་བྱ་བཏོན་པ་རེད།
走进该店后厨,各类食材按照荤素进行了分类存放,且上岗操作人员佩戴了工作衣帽和口罩。由于该店主营烧烤,用油量较大,执法人员也对食用油是否定期更换进行了了解,要求该店配备油质快检仪器,确保食用油食品安全。



      ཉིན་དེར་བརྟག་དཔྱད་བྱས་པའི་གནས་ཚུལ་ལ་གཞིགས་ན། ཟ་ཁང་དེའི་སྤྱི་ཡོངས་ཀྱི་གནས་ཚུལ་ཡག་པོ་ཡོད་མོད། འོན་ཀྱང་བཟའ་བཅའི་ཤ་སྨན་ལ་ཙི་ཙི་དང་སྦྲང་བུ། ཐལ་རྡུལ་བཅས་སྔོན་འགོག་གསུམ་གྱི་བྱ་ཐབས་ལག་བསྟར་ཡག་པོ་བྱས་མེད་པ་དང་། འཁྱགས་སྒམ་ནང་དུས་ཐོག་ཏུ་འཁྱགས་པ་གཙང་སེལ་བྱས་མེད་པ་སོགས་ཀྱི་གནད་དོན་ཡོད་པར་བརྟེན། ཁྲིམས་འཛིན་མི་སྣས་རང་སར་འཕྲལ་དུ་བཅོས་སྒྲིག་བྱ་དགོས་པར་བླང་བྱ་བཏོན་པ་རེད།
从当日的检查情况来看,该店整体情况良好,但也存在食品调料未做到三防措施、冰柜未及时除冰除霜等问题,对此,执法人员提出现场立即整改。

田森粥铺(德吉北路店)

执法人员:停业整改




     ཁྲིམས་འཛིན་མི་སྣ་བདེ་སྐྱིད་བྱང་ལམ་དུ་ཡོད་པའི་ཐན་སེན་འབྲས་ཐུག་ཟ་ཁང་དུ་ཡོང་ནས། གཙོ་གནད་ཐོག་ཟ་ཁང་དེའི་ཐབ་ཚང་གི་གཙང་སྦྲ་དང་། ལས་མིའི་བདེ་ཐང་ལག་ཁྱེར། བཟའ་བཅའི་ལས་སྣོན་བཟོ་རིམ། ཟས་རིགས་རྒྱུ་ཆ་ཉོ་སྒྲུབ་ཀྱི་ལག་ཁྱེར་སོགས་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འཛིན་མི་སྣས་ཐབ་ཚང་ནང་ལས་མི་གསུམ་གྱིས་ཁ་ལག་གྲ་སྒྲིག་བྱེད་སྐབས། ཁ་རས་དང་ལས་ཀའི་ཞྭ་མོ་གྱོན་མེད་ལ།  བཟའ་བཅའི་རྒྱུ་ཆ་ཁག་གང་བྱུང་དུ་བཞག་ཡོད་པ་དང་། ཐབ་ཚང་ལ་སྒོ་ཡོལ་བསྒར་མེད་པས་སྦྲང་བུ་ཡང་མང་པོ་འཁོར་ཞིང་། ཐབ་ཆས་ཡོད་ས་དང་གད་སྙིགས་བླུག་སྣོད་ཐག་ཉེ་བར་མ་ཟད། གད་སྙིགས་བླུག་སྣོད་ཀྱི་ཁ་བརྒྱབ་མེད་པ་དང་། ཐབ་ཆས་ཡོད་སར་མི་སྒེར་གྱི་དངོས་པོ་བཞག་ཡོད་ལ། ཐ་མག་གི་རོ་ཏོ་སོགས་གད་སྙིགས་མང་པོ་ཡོད་པ་མཐོང་བ་རེད། གཞན་ཡང་། ཟ་ཁང་དེའི་འཁྱགས་སྒམ་ནང་གི་ཟས་རིགས་དབྱེ་བ་མ་འབྱེད་པར་ཕན་ཚུན་བསྲེས་ནས་བཞག་པ་དང་། བླུགས་སྣོད་མེད་པའི་ཟས་རིགས་ཐོན་རྫས་མཉམ་དུ་སྤུངས་ནས་ཁག་ཅིག་ལ་འཁྱགས་པ་ཐེབས་ཤིང་། ཁྲིམས་འཛིན་མི་སྣས་འཁྱགས་སྒམ་ནང་བཞག་པའི་ཟས་རིགས་རྒྱུ་ཆ་དེ་དག་འགྱིག་ཤོག་ནང་འཇོག་དགོས་པའི་རེ་བ་འདོན་སྐབས། ཟ་ཁང་དེའི་འགན་འཁུར་བས་འགྱིག་ཤོག་སྔ་ས་ནས་དབྱུགས་པ་ཡིན་ཞེས་བཤད་པ་རེད།
执法人员来到位于拉鲁社区的田森粥铺(德吉北路店),对该店的后厨卫生、从业人员健康证明、食品加工制作流程、食品原材料采购索证等进行了重点检查。执法人员发现,在后厨操作区3名工作人员在备餐时未佩戴口罩、工作衣帽,部分待加工的食品裸露在空气中,由于未安装门帘,店内不时出现飞蝇,食品操作台靠近垃圾桶,而垃圾桶并未加盖,后厨操作区摆放了私人物品,操作区内可见烟头等。此外,该店冰柜内食品摆放混放,没有外包装的半成品堆在一起,部分食材结了霜。当执法人员要求提供冰柜内堆放的食材外包装时,该店负责人称包装袋早已丢弃。


     ཁྲེང་ཀོན་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་བཟའ་བཅའ་གཉེར་སྐྱོང་ཁོའོ་ཡི་ཁྲིམས་འཛིན་མི་སྣ་ཧོ་ཀོང་ཧེང་གིས། མངགས་སྐྱེལ་ཟ་ཁང་དེའི་༼ ཙི་ཙི་དང་། སྦྲང་བུ། ཐལ་རྡུལ་སྔོན་འགོག ༽སྒྲིག་ཆས་ཡག་པོ་མེད་པ་དང་། ཐབ་ཚང་ནང་གི་འཕྲོད་བསྟེན་ཁོར་ཡུག་ཞན་པ། འཁྱགས་གཏོང་སྒྲིག་བཀོད་སྒྲིག་ཆས་རེ་བ་དང་མི་མཐུན་པ། ལས་མི་༣ལ་བདེ་ཐང་ལག་ཁྱེར་བསྟན་རྒྱུ་མེད་པ། ཟས་རིགས་རྗེན་པ་དང་བཙོས་མའི་ཁུལ་དང་། དམར་ཟས་དང་དཀར་ཟས་ཁུལ་རེ་བ་ལྟར་མེད་པ། ཕྱེད་བཟོས་ཐོན་རྫས་དང་ཐོན་རྫས་ལ་སྐྱི་ཁེབས་བཀབ་ནས་ཉར་ཚགས་བྱས་མེད་པ་བཅས་ཀྱི་གནད་དོན་འདུག་ཅེས་གསར་འགོད་པར་བརྗོད་པ་དང་། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། ཁྲིམས་འཛིན་མི་སྣས་ས་ཡུལ་དངོས་སུ་ཟ་ཁང་དེར་མངགས་སྐྱེལ་བྱེད་མཚམས་འཇོག་ཏུ་བཅུག་ནས། བཅོས་སྒྲིག་བྱ་དགོས་པ་དང་རེ་བ་ལྟར་བཟོས་རྗེས། གཞི་ནས་བསྐྱར་དུ་ཚོང་གཉེར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
“这家外卖店三防(防鼠、防蝇、防尘)设施不到位。操作间的卫生环境脏乱差,冷藏冷冻设施设备达不到要求,3名从业人员未能提供健康证,生熟分区、荤素分区没有按要求执行,半成品、成品没有覆膜存放。”城关区市场监管局食品经营科执法人员何光亨告诉记者。按照《食品安全法》相关规定执法人员当场让该店停止外卖接单,要求进行停业整改,整改到位符合要求后才能重新营业。


     སྤྱི་ཟླ་༩ཚེས་༦ཉིན་གྱི་ཕྱི་དྲོ། ཟ་ཁང་དེར་བཅོས་སྒྲིག་བྱས་རྗེས། ཁྲེང་ཀོན་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཁྲིམས་འཛིན་མི་སྣས་ཡང་བསྐྱར་ཞིབ་བཤེར་བྱེད་སྐབས། ཟ་ཁང་དེའི་བཅོས་སྒྲིག་གནས་ཚུལ་དེའི་སྔོན་ལས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
9月6日下午,该店整改完毕后,城关区市场监管局执法人员第一时间进行了“回头看”检查,发现该店整改情况较好。


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། དབང་མོ།

主编:吾见才让
副主编:平多  桑布  
编辑:晋美  旺姆
 来源:西藏商报
译文:阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章