བོད་ཀྱི་ལུས་རྩལ་པ་དངོས་གནས་གྱོང་པོ་བྱུང་།

时事   2024-09-08 17:34   西藏  


༢༠༢༤ལོའི་རྒྱལ་ཡོངས་ཀྱི་ལོ་༢༣ཅན་གྱི་རྒྱལ་སྤྱིའི་ལུགས་ཀྱི་སྦེ་གའི་ལེགས་སྐྱེས་འགྲན་བསྡུར་དེ་ཟླ༨ཚེས་༣༡ཉིན་ནས་ཟླ་༩ཚེས་༥ཉིན་བར་ཧྥུའུ་ཅན་ཞིང་ཆེན་གྱི་ནན་ཕིང་གྲོང་ཁྱེར་དུ་སྤེལ་བ་རེད། རྒྱལ་ཡོངས་ནས་འཐུས་མིའི་རུ་ཁག་༩༥འགྲན་བསྡུར་ནང་ཞུགས་ཡོད་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་༢༤རང་མོས་རྣམ་པའི་སྦེ་ག་དང་། གནའ་ལུགས་རྣམ་པའི་སྦེ་གའི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བུད་མེད་ཀྱི་རང་མོས་རྣམ་པའི་སྦེ་གའི་འགྲན་བསྡུར་ལ་ཐེངས་འདིའི་འགྲན་བསྡུར་ནང་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་པ་རེད། དེའི་ཁྲོད་རིག་སྐྱིད་དབང་མོས་སྤྱི་རྒྱ་༥༧རིམ་པའི་ཨང་གཉིས་པ་དང་། བསམ་སྐྱིད་སྒྲོལ་མས་སྤྱི་རྒྱ་༧༢རིམ་པའི་ཨང་གཉིས་པ། ཧྲི་ཐན་ཨའེ་ཡིས་སྤྱི་རྒྱ་༥༥རིམ་པའི་ཨང་གསུམ་པ།  སྒྲོལ་མ་ལྷ་དཀར་གྱིས་སྤྱི་རྒྱ་༥༩རིམ་པའི་ཨང་གསུམ་པ་བཅས་བླངས་པ་རེད།

སྐྱེས་པ་ཡི་རང་མོས་རྣམ་པའི་སྦེ་གའི་འགྲན་བསྡུར་ཁྲོད་ཡེ་ཤེས་ཚེ་དབང་གིས་སྤྱི་རྒྱ་༧༤རིམ་པའི་ཨང་གསུམ་པ་བླངས་པ་དང་། གནའ་ལུགས་རྣམ་པའི་སྦེ་གའི་འགྲན་བསྡུར་ཁྲོད་ཙན་ཧྲེང་ཡུས་ཀྱིས་སྤྱི་རྒྱ་༦༣རིམ་པའི་ཨང་གསུམ་པ་བླངས་པ་རེད།


2024年全国U23国际式摔跤锦标赛于8月31日—9月5日在福建省南平市举行。全国共有95支代表队参赛,我区选派24名运动员参加男子、女子自由式摔跤、古典式摔跤比赛。

经过激烈角逐,女子自由式摔跤获得本次比赛团体总分第一名。其中,日西旺姆获得57公斤级第二名,桑吉卓玛获得72公斤级第二名,施天爱获得55公斤级第三名,卓玛拉嘎获得59公斤级第三名。

男子自由式摔跤比赛中益西次旺获得74公斤级第三名。古典式摔跤比赛中昝生玉获得63公斤级第三名。



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平多 桑布

编辑:罗布顿珠 先巴

来源 | 西藏体育

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章