གཞུང་ལམ་འདིར་གློག་མིག་མང་དུ་བཏང་འདུག

时事   2024-09-04 14:00   西藏  


དུས་བདེའི་གསེར་རྙེད་ཅེས་པའི་འཕྲིན་སྟེགས་ཐོག་སྤེལ་བའི་ཆ་འཕྲིན་ལྟར་ན། Gཅིང་བོད་མྱུར་བགྲོད་གཞུང་ལམ་གསེར་རྙེད་ཆུས་ལམ་དུམ་གྱི་འགྲོ་སྐྱོད་གོ་རིམ་སྔར་བས་ཚད་ལྡན་བཟོ་བ་དང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་བ། མང་ཚོགས་ཀྱི་རྒྱུ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཆེད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་སོགས་ཀྱི་འབྲེལ་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་། གསེར་རྙེད་ཆུས་སྤྱི་བདེ་ཅུད་མྱུར་བགྲོད་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱིས་G༦ཅིང་བོད་མྱུར་བགྲོད་གཞུང་ལམ་གསེར་རྙེད་ཆུས་ལམ་དུམ་དུ་བར་མཚམས་མྱུར་འཇལ་དང་གཅུས་ལམ་ཁྲིམས་འགལ་བྱ་སྤྱོད་ཁག་པར་རྒྱག་པའི་གློག་མིག་བསྒར་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ཡོངས་བསྒྲགས་བྱེད་ཡུན་༢༠༢༤ལོའི་ཟླ་༩ཚེས་༡ཉིན་ནས་ཚེས་༡༠ཉིན་བར་ཁྱོན་ཉིན་༡༠ཡིན། ཡོངས་བསྒྲགས་བྱེད་རིང་པར་ཐེབས་པའི་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་ལ་ཆད་པ་གཅོད་རྒྱུ་མིན། གནས་སྐབས་སྤྱི་བསྒྲགས་བྱེད་པའི་དུས་ཚོད་ཡོལ་རྗེས་གློག་མིག་སྒྲིག་ཆས་དངོས་སུ་བེད་སྤྱོད་བྱ་རྒྱུ་ཡིན།


根据“平安色尼”微信公众号发布消息,为了进一步规范G6京藏高速公路色尼区段道路通行秩序,有效预防和减少道路交通事故的发生,保障人民群众的生命财产安全,根据《中华人民共和国道路交通安全法》《中华人民共和国道路交通安全法实施条例》等相关法律规定,色尼区公安局高速交巡警大队在G6京藏高速公路色尼区段增设区间测速及匝道口违法行为抓拍设备,现进行公示,公示期10天(2024年9月1日-2024年9月10日),公示期抓拍的交通违法行为不予处罚,待公示期结束后将正式启用电子警察抓拍设备。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平多 桑布

编辑:罗布顿珠 先巴

来源 | 拉萨融媒

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章