རྐུ་མ་ནང་ལ་བཞག སྒོ་ལྕགས་ཕྱི་ལ་བརྒྱབ།

时事   2024-09-03 10:45   西藏  

ཟླ་༨ཚེས་༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། གླིང་སྐོར་བྱང་ལམ་གྱི་གསེར་ཚོང་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་གིས། ཁོའི་ཚོང་ཁང་ནང་གི་རིན་གོང་སྒོར་༡༩༦༥༢༠ཟིན་པའི་གསེར་གྱི་ལག་གདུབ་༣དང་གསེར་གྱི་མགུལ་རྒྱན་༡བོར་བའི་ཉེན་བརྡ་བཏང་བ་རེད།

“警察同志,我店内3条黄金手链和1条黄金项链不见了,总价值196520元。”8月14日16时许,林廓北路某黄金专卖店总经理王先生(化名)报警称。

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་མི་སྣས་ཉེན་བརྡ་འབྱོར་རྗེས། འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་དེ། བརྟག་དཔྱད་བདེན་དཔང་ལེན་པའི་ལས་དོན་སྤེལ་བ་རེད། 

接到报警后,拉萨市公安局刑警支队侦查人员立即赶赴现场开调查取证工作。

གསེར་ཚོང་ཁང་ནང་རྩད་ཞིབ་བྱས་པར་བརྒྱུད། ཚོང་ཁང་དེའི་སྒོ་དང་སྒེའུ་ཁུང་། ཉེན་འགོག་སྒམ་བཅས་ཚང་མར་རྐུ་ཤོར་བའི་ཤུལ་མེད་པ་དང་།  རྒྱུན་དུ་གསེར་ཆས་བླུགས་སའི་ཉེན་འགོག་སྒམ་གྱི་ལྡེ་མིག་ནི་གཙོ་གཉེར་ཀྲང་གི་སར་ཡོད་པས། མྱུལ་ཞིབ་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། གཙོ་གཉེར་ཀྲང་ལ་ཉེས་གསགས་དོགས་གཞི་ཆེན་པོ་སྐྱེས་ཡོད་པ་རེད། ཟླ༨ཚེས༡༤ཉིན། དོགས་ཡོད་ཉེས་ཅན་ཀྲང་གིས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་རང་གི་གསེར་བརྐུས་པའི་ཉེས་བསགས་ངོས་ལེན་ཞུས་པ་རེད།

通过现场勘查,该黄金专卖店内门窗和存放黄金首饰的保险柜均没有明显撬动痕迹,黄金专卖店方反映保险柜钥匙平时由主管张某(化名)保管。侦查人员进一步调查发现,张某有重大作案嫌疑。8月14日,嫌疑人张某主动前往刑警支队投案自首。




ཞིབ་བཤེར་བྱས་པ་བརྒྱུད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། དོགས་ཡོད་ཉེས་ཅན་ཀྲང་གིས་སོ་སོ་ཚོང་ཁང་གི་གཙོ་གཉེར་ཡིན་པའི་སྟབས་བདེ་དང་བསྟུན་ནས། ལས་རོགས་གཞན་དག་གིས་དོ་སྣང་མེད་སྐབས། སྔ་རྗེས་སུ་ཚོང་ཁང་ནང་གི་གསེར་ཁེ་༣༤༣.༤ཏེ། གསེར་གྱི་ལག་གདུབ་༣དང་གསེར་གྱི་མགུལ་རྒྱན་༡རྐུ་ཐེངས་བཞི་བྱས་ཏེ་ཡང་བསྐྱར་མི་གཞན་ལ་བཙོངས་ནས། རིན་གོང་བསྡོམས་འབོར་སྒོར༡༩༦༥༢༠ཟིན་ཡོད།

经查实:今年1月至7月期间,嫌疑人张某利用职务之便,趁其他工作人员不注意时,先后4次盗窃店内343.4克黄金(3条黄金手链和1条黄金项链)总价值196520元,并倒卖的犯罪事实。

མིག་སྔར། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཏེ། ད་ལྟ་རྐུ་ཤོར་བའི་གསེར་ཁེ་༢༥༠.༨༨ཕྱིར་བླངས་ཟིན་པ་དང་། གསེར་ཁེ་ལྷག་མ་རྣམས་ཀྲང་ཆེ་གེ་མོས་དངུལ་སྨར་སྐྱིན་ཚབ་འཇལ་རྒྱུ་ཡིན་པ་རེད། གྱོད་དོན་འདི་མུ་མཐུད་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད།

目前,嫌疑人张某已被公安机关依法刑事拘留,现已追回被盗黄金250.88克,剩余黄金由张某现金赔偿。此案正在进一步侦办中。







ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:   旺姆  晋美

来源 | 平安拉萨

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章