འདི་གར་གང་བྱུང་དུ་ཉ་འཛིན་མཁན་བཞི་བཟུང་འདུག

时事   2024-09-07 11:50   西藏  

ཉེ་ཆར།  ལྷ་ཀླུ་འདམ་རྭ་དོ་དམ་ཅུད་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་མི་སྣ་དང་སྲུང་སྐྱོང་ཁུལ་གྱི་མེ་ཟོན་མི་སྣ་སོགས་མི་དགུས་མཚན་མོ་སྐོར་གཡེང་བྱེད་སྐབས། འདམ་རྭའི་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་ཉེ་འགྲམ་དུ་ཁྲིམས་འགལ་བ་བཞིས་ཉ་འཛིན་བཞིན་ཡོད་པ་མཐོང་བ་རེད། 

ལྷ་ཀླུ་འདམ་རྭ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འདམ་རྭ་གལ་ཆེན་ཞིག་ཡིན། ལྷག་པར་དུ་སྣོད་བཅུད་ཀྱི་སྐྱེ་དངོས་ངོས་ནས་ཡང་ཧ་ཅང་གལ་འགངས་ཆེ་བའི་གནས་བབ་ཟིན་ཡོད་པས།  གནས་འདིའི་ཉ་རིགས་ནི་འདམ་རྭའི་སྣོད་བཅུད་མ་ལག་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།  དེ་བས་ས་འདིར་ཁྲིམས་འགལ་ངང་ཉ་འཛིན་པའི་ལས་བྱས་ན་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད། སྐྱེ་དངོས་ཁོར་ཡུག་ལ་ཡང་གཏོར་བརླག་ཚབས་ཆེན་བཏང་ཡོད་པ་རེད། 


近日,拉鲁湿地管理局保护区一线巡护人员和保护区消防员等九名工作人员在夜间巡逻时,发现四名不法分子在保护区核心区非法捕鱼。

拉鲁湿地作为国家级自然保护区、国家重要湿地,有着极其重要的生态地位。这里的野生鱼类是湿地生态系统中不可或缺的一部分,它们与其他生物共同构成了一个复杂而稳定的生态链条。非法捕捞野生鱼类,不仅违反了法律法规,更是对生态环境的严重破坏。


ཁྲིམས་འགལ་བ་དེ་བཞི་འཛིན་བཟུང་བྱས་རྗེས། ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་མི་སྣ་དང་། མངགས་གཏོང་ཁང་གི་མི་སྣ། ནགས་ཚལ་ཉེན་རྟོག་པ། དེ་བཞིན་གྲོང་ཁྱེར་ཞིང་འབྲོག་ཅུད་ཉ་ལས་ཁོའོ་སོགས་འབྲེལ་ཡོད་ཚན་པས་འཕྲད་མར་གནད་དོན་ཐག་གཅོད་བྱས་པ་རེད།  ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་འཛིན་ཆད་གཅོད་སྐོར་གྱི་བཅའ་ཁྲིམས༽ཀྱི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་དང་པོ་དང་། དོན་ཚན་ང་གཅིག་པ། ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག༽གི་དོན་ཚན་སོ་བཞི་པའི་ནང་གསེས་དོན་ཚན་དང་པོ། ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདམ་ར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས ༽ཀྱི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་ལྔ་པ། ༼ ཞིང་ལས་ཐད་ཀྱི་སྲིད་འཛིན་ཆད་གཅོད་གཏན་འབེབས༽ཀྱི་དོན་ཚན་ཉེར་ལྔ་པ། ༼ བོད་རང་སྐྱོང་ལྗོངས་ཀྱིས་ལག་བསྟར་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས་ཀྱི་བྱ་ཐབས ༽ཀྱི་དོན་ཚན་སོ་གསུམ་པ། ༼ ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རྭ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག ༽གི་དོན་ཚན་དགུ་པ་བཅས་ཀྱི་གཏན་འབེབས་གཞིར་བཟུང་། ཁྲིམས་འགལ་བ་དེ་བཞི་པོར་ཐ་ཚིག་བསྒྲགས་པར་མ་ཟད། ཉ་འཛིན་ཆས་དང་བཟུང་བའི་ཉ་གཞུང་བཞེས་བཏང་ཡོད་ལ། དངུལ་ཆད་བཏང་ཞིང་སྲིད་འཛིན་གྱི་ཆད་པ་ནན་མོ་བཅད་ཡོད་པ་རེད། 


四名不法分子被现场抓捕后,辖区警务人员派出所、森林警察以及市农牧局渔政科相关部门迅速行动起来。依据《中华人民共和国行政处罚法》第二十八条第一款、第五十一条,《中华人民共和国自然保护区条例第三十四条第一款,《中华人民共和国湿地保护法》第二十八条第五款,《农业行政处罚程序规定》第二十五条以及《西藏自治区实施<中华人民共和国渔业法>办法》第三十三条拉萨市拉鲁湿地国家级自然保护区管理条例第九条的规定,对这四名不法分子予以警告、没收垂钓工具及渔获,并处以罚款等行政处罚。

ཁྲིམས་འགལ་མི་སྣས་བཟུང་བའི་ཉ།


现场没收的渔获

ཁྲིམས་འགལ་བ་བཞི་པོ་དེ་དག་ནི་ཐེངས་དང་པོར་ཁྲིམས་འགལ་གྱི་ལས་བྱས་པ་ཞིག་ཡིན་ཞིང་། ཁྲིམས་འཛིན་ཚན་པའི་མི་སྣས་སློབ་གསོ་བཏང་བ་བརྒྱུད། མི་དེ་དག་གིས་རང་གི་བྱས་ཉེས་ངོས་འཛིན་ཐུབ་ནས་སླད་ཕྱིན་འཚོ་བའི་ཁྲོད་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུར་ངོས་ལེན་བྱས་ཡོད་ལ། ལྷག་པར་དུ་འདམ་རྭ་དང་སྲུང་སྐྱོབ་ཉ་རིགས་སོགས་ལ་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་གཏང་རྒྱུ་ཁས་ལེན་དམ་བཅའ་བྱས་ཡོད་པ་རེད། 


考虑到当事人首次违法且配合调查,给予了减轻处罚。同时,执法部门还对这四名不法分子进行了深入的警示教育,让他们深刻认识到自己行为的严重性和危害性也让他们在今后的生活中,不仅要自己遵守法律法规,还要积极向身边的人宣传保护湿地、保护野生鱼类的重要性,共同为保护生态环境贡献力量。

ཁྲིམས་འགལ་མི་སྣ་བཞི་པོར་སློབ་གསོ་གཏོང་བཞིན་པའི་རྣམ་པ།


违法捕鱼人员正在接受教育

སླད་ཕྱིན། ལྷ་ཀླུ་འདམ་རྭ་དོ་དམ་ཅུད་ཀྱིས་མུ་མཐུད་དུ་འདམ་རྭའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་རྡུང་རྡེག་ནན་མོ་བཏང་སྟེ། འབྲེལ་ཡོད་ཀྱི་ཁྲིམས་འཛིན་ཚན་པ་དང་མཉམ་འབྲེལ་བྱས་ནས་། འདམ་རྭར་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པར་མ་ཟད། ལྷ་ཀླུ་འདམ་རྭའི་སྐྱེ་ཁམས་ཁོར་ཡུག་དང་སྣོད་བཅུད་མ་ལག་གི་བདེ་འཇགས་འགན་ལེན་གང་ལེགས་བྱ་རྒྱུ་རེད།


下一步,拉鲁湿地管理局将持续加大对违规破坏生态环境行为的监管力度,进一步加强与执法部门合作,形成执法高压态势,铁拳整治违规破坏生态环境行为,通过全覆盖监控和人员巡护确保拉鲁湿地生态系统安全。

ལྷ་ཀླུ་འདམ་རྭ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཡིན་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་བྱས་ནས། ཁྲིམས་འགལ་ངང་ཉ་བཟུང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཀྱི་རིགས་མི་སྤེལ་བ་དང་། ང་ཚོས་མཉམ་དུ་ལྷ་ཀླུ་འདམ་རྭའི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཤུགས་བརྒྱག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།། 


保护拉鲁湿地

是我们每个人的责任

自觉遵守法律法规

坚决抵制非法捕捞等

破坏生态环境行为

让我们携手行动起来

共同保护拉鲁湿地

让这片美丽的自然保护区

绽放光彩





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章