དགེ་རྒན་ཁོང་ལ་མཚན་སྙན་ཆེན་པོ་འདི་ཐོབ་འདུག

时事   2024-09-07 16:37   西藏  



ཐེངས་༤༠པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ་ཡིས་ཐུན་མོང་ཐོག་༢༠༢༤ལོའི་རྒྱལ་ཡོངས་ཀྱི་དགེ་རྒན་བཟང་པོ་འདེམ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཤོག་གིས་འོས་སྦྱོར་བྱས་པ་དང་འཕྲིན་སྦྱོར་ལས་ཁུངས་ཁག་གིས་དྲིལ་བསྒྲགས་བྱས་པ། སྒྲིག་འཛུགས་ཨུ་ལྷན་གྱིས་འོས་སྦྱོར་བཅས་བྱས་པ་བརྒྱུད། ༢༠༢༤ལོའི་རྒྱལ་ཡོངས་ཀྱི་དགེ་རྒན་བཟང་པོ་༡༢བདམས་ཐོན་བྱུང་ཡོད་པ་རེད། 


为宣传庆祝第40个教师节,大力弘扬教育家精神,中宣部、教育部共同组织开展2024年度全国教书育人楷模宣传活动。经各省区市和新疆生产建设兵团推荐、媒体展示、组委会推选,共推选出12位2024年度全国教书育人楷模。


བོད་ནས་རྒན་ཀྲང་ཨེ་ཕིང་ལགས་བདམས་ཐོན་བྱུང་ཡོད་པ་རེད། 


来自西藏的张艾平成功入选

མིང་ཐོར་གཟིགས་རོགས། 


一起来看名单↓↓↓


རྒན་ཀྲང་ཨེ་ཕིང་ལགས་ཀྱི་མི་ཚེའི་གཏམ་རྒྱུད་འདི་འདྲ་རེད་འདུག 


了解张艾平老师的故事


ཀྲང་ཨའེ་ཕིང་།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ།


张艾平

西藏职业技术学院

副教授


ཀྲང་ཨེ་ཕིང་། ཕོ། རྒྱ་རིགས། ༡༩༨༣ལོའི་ཟླ་༩པར་སྐྱེས། ཀྲུང་གུང་ཏང་ཡོན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་བཅས་ཡིན།  ཁོང་གིས་བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་དང་རྒྱུད་འཛིན་བྱེད་པའི་རྩ་འཛུགས་བཙུགས་ཤིང་། མི་ཁྲི་༢༡ལྷག་ལ་ཐེངས་༣༢༠༠ཙམ་གྱི་འཆད་ཁྲིད་གནང་ཡོད་པ་རེད། ཁོང་གིས་སློབ་མ་ཚོ་རང་གིས་བཙུགས་པའི་བོད་སྐྱོད་པ་རྒན་གྲས་ཀྱི་ངལ་རྩོལ་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་རྟེན་གཞིར་ཁྲིད་ནས་ས་རྒོད་སློག་པ་དང་། ས་མུའུ་༡༡༠ལྷག་སྔོ་ལྗང་ཅན་དུ་བསྒྱུར་བ་རེད། དེར་མ་ཟད་ཁོང་གིས་ནམ་རྒྱུན་སློབ་མ་ཚོ་ཁྲིད་ནས་བོད་ཀྱི་གསར་བརྗེའི་རིག་གནས་ཀྱི་རྗེས་ཤུལ་རྣམས་ལ་བརྟག་ཞིབ་བྱས་པ་དང་། ལམ་ཐག་སྤྱི་ལེ་ཁྲི་༦ལྷག་ཙམ་ཟིན་ཡོད་པ་རེད། གཞན་ཡང་ད་དུང་བོད་ཀྱི་གསར་བརྗེར་ཞིབ་འཇུག་བྱེད་པའི་ལམ་ཐིག་༢༢ལྷག་ཇུས་འགོད་བྱས་ཡོད་པ་རེད།  ཁོང་གིས་བོད་ཀྱི་སློབ་ཆེན་སློབ་མ་ནང་སར་ལས་ཞུགས་བྱེད་པར་འགྲོ་རྒྱུར་སྐུལ་འདེད་བཏང་ནས། སློབ་མ་མང་པོ་ཞིག་བོད་ནས་ནང་སར་བསྐྱོད་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཁོང་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད།


张艾平,男,汉族,1983年9月生,中共党员,西藏职业技术学院副教授。他组建老西藏精神学习与传承社团,为21万人次讲解3200多场。他创建老西藏精神劳动教育基地,带领学生开荒植树,完成110亩荒山绿化。他常年带领学生调研西藏的红色文化遗址,行程6万多公里,设计22条西藏红色研学线路。他积极推动西藏大学生赴内地就业,带领更多学生走出西藏。曾获全国优秀教师、国家级教学成果奖二等奖等荣誉。






ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章