བོད་ལྗོངས་སུ་རིག་དངོས་ས་ཚིཊ་༣༠༠ལྷག་གསར་དུ་རྙེད་འདུག

时事   2024-09-09 16:13   西藏  

གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་དུས་མཚམས་གཉིས་པའི་ལས་དོན་བདེ་བླག་ངང་སྤེལ་བ་དང་། མིག་སྔའི་བར་ས་བབ་སྨི་༤༥༠༠ཡན་གྱི་རྫོང་༡༦ཁྲོད་རྫོང་༡༡གི་ཡུལ་དངོས་སུ་བརྟག་དཔྱད་བྱས་པར་རིག་དངོས་ས་ཚིགས་༣༠༠ལྷག་ཙམ་གསར་དུ་རྙེད་པ་དང་། རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་རིག་དངོས་ས་ཚིགས་༢༠༥ལ་བསྐྱར་ཞིབ་བྱས་པ་རེད།

记者从西藏自治区文物局获悉,西藏第四次全国文物普查第二阶段工作进展顺利,截至目前,在海拔4500米以上16个县中,11县已开展实地调查,新发现文物点300余处,复核“三普”文物点205处。

ཤེས་རྟོགས་བྱུང་བར་གཞིགས་ན། ས་བབ་མཐོ་ཚད་སྨི་༤༥༠༠ཡན་གྱི་ས་ཁུལ་དུ་ཡུལ་དངོས་བརྟག་ཞིབ་བྱེད་སྐབས་རིག་དངོས་ཐོན་ཁུངས་ཁ་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། འཕྲིན་གཏོང་བརྡ་རྟགས་མེད་པ།  ས་ཁུལ་ཁ་ཤས་མི་མེད་ལུང་སྟོང་ཡིན་པ་སོགས་ཀྱི་དབང་གིས་ཡོངས་ཁྱབ་ཞིབ་བཤེར་རུ་མི་སྐབས་འགར་རྐང་ཐང་ལ་བསྐྱོད་ཚེ་གཞི་ནས་དམིགས་སར་བསླེབ་ཐུབ་ཀྱི་ཡོད་པ་རེད།

据悉,在海拔4500米以上地区开展实地田野调查,受制于文物资源分散、交通不便、通信不畅,有些区域人迹罕至等因素,致使普查队员有时需跨越河流、翻越雪山冰川,甚至徒步才能抵达目的地。

ཆ་སྙོམས་ས་བབ་མཐོ་ཚད་སྨི་༥༠༠༠ཡན་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ། ཡོངས་ཁྱབ་ཞིབ་བཤེར་རུ་མིས་དུས་ཡུན་ཉིན་༥༠ཡི་ནང་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་བརྡལ་༡༤དང་། སྲིད་འཛིན་གྲོང་ཚོ་༧༨ལ་ཞིབ་བཤེར་བྱས་ཏེ། ཁྱོན་ལམ་ཐག་སྤྱི་ལེ་༡༤༠༠༠༠ཙམ་བསྐྱོད་པ་དང་། གནས་སྤོ་ཐབས་མེད་པའི་པའི་རིག་དངོས་ས་ཚིགས་༢༥༦ལ་བརྟག་དཔྱད་ཐོ་འགོད་བྱས་པའི་ནང་། རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་རིག་དངོས་ས་ཚིགས་༤༡ལ་བསྐྱར་ཞིབ་བྱས་པ་དང་། རིག་དངོས་ས་ཚིགས་༡༤༨གསར་དུ་རྙེད་པ་རེད།

在平均海拔5000米以上的西藏那曲市尼玛县,普查队员历时50天,拉网式踏查辖区14个乡镇、78个行政村,累计行程近14000公里,总计调查登记不可移动文物点256处,其中复核“三普”文物点41处,新发现文物点148处。

བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཟླ་བ་ཡིས།  ཞིབ་བཤེར་རུ་མི་ཚོས་ས་མི་འཕྲོད་པའི་དཀའ་ངལ་ཁྱད་དུ་བསད་ནས་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ། ཡུལ་དངོས་སུ་སྐྱོད་པ་དང་ཡུལ་དེ་གའི་གྲོང་མིར་བཅར་འདྲི་བྱེད་པ། ལོ་རྒྱུས་ཚད་ལྡན་ཡིག་ཆ་ལ་ལྟ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། ལོ་རྒྱུས་རིག་གནས་དང་ཚན་རིག་གི་རིན་ཐང་ལྡན་པའི་རིག་དངོས་འབོར་ཆེན་ཤེས་རྟོགས་ཐུབ་ཡོད་ལ། དེ་དག་ཁྲོད་ལོ་རྒྱུས་དུས་སྐབས་མི་འདྲ་བའི་རིང་གི་རྗེས་ཤུལ་དང་བང་སོ། གནའ་བོའི་འཛུགས་སྐྲུན། གནའ་བོའི་སྡོད་ཁང་། བྲག་བརྐོས་རི་མོ། རྡོ་ཆས་སོགས་ཚུད་ཡོད་ཅེས་བཤད་པ་རེད།

西藏那曲市普查队总队长达娃介绍:“普查队员们克服高原反应带来的身体挑战,每日晨出晚归,通过实地走访、访谈当地居民、查阅历史文献等多种方式,发现了大量具有历史文化和科学价值的文物,涵盖了从古至今各个历史时期,类型包括遗址、墓葬、古建筑、古民居、岩画、石器等。”

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ཁག་ལ་ཡོངས་ཁྱབ་ཞིབ་བཤེར་རུ་ཁག་༡༠༧གྱི་ཡོངས་ཁྱབ་ཞིབ་བཤེར་རུ་མི་༡༠༣༧རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནང་ཞུགས་ཡོད་པ་དང་། ད་བར། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དང་ས་བབ་མཐོ་ཤོས་ཀྱི་ཤང་སྟེ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། གཞན་གཞིས་ཀ་རྩེ་གྲོང་ཁྱེར་ས་ཁོངས་ཀྱི་ས་བབ་མཐོ་བའི་རྫོང་དང་ཆུད་ཀྱི་ཡུལ་དངོས་བརྟག་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་དང་། མངའ་རིས་ས་ཁུལ་གྱི་ཡུལ་དངོས་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་ཟིན་ཞིང་། ཡོངས་ཁྱབ་ཞིབ་བཤེར་བྱེད་ཚད་བརྒྱ་ཆའི་༤༠ཟིན་ཡོད་པ་རེད།

记者了解到,目前西藏各地市、县区共有107支普查队,1037名普查队员参与文物普查工作,已圆满完成我国海拔最高县西藏那曲市双湖县、海拔最高乡山南市浪卡子县普玛江塘乡的文物普查任务;启动日喀则市境内高海拔县区实地调查工作;启动阿里地区实地调查工作,普查覆盖率达40%。














ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  བྱམས་པ། སྐལ་བཟང་བསྟན་འཛིན།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 |  西藏卫视+ 中央广播电视台藏语 

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章