བལ་ཡུལ་མཐའ་མཚམས་ཀྱི་གྲོང་མིས་ལམ་ཡིག་རེ་ཞུ་བྱས་ནས་བོད་དུ་ཡོང་ཆོག

时事   2024-09-01 10:13   西藏  


     སྤྱི་ཚེས་༢༩ཉིན་ནེ་པ་ལའི་༼ ཀ་ཏ་མན་རྡུའི་སྦྲག་སྲིད་ཚགས་པར ༽ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་ནེ་པ་ལ་༼ བལ་ཡུལ ༽ཕྱོགས་གཉིས་པོས་གྲོས་མོལ་བྱུང་རྗེས་མོས་མཐུན་བྱས་པ་བརྒྱུད། ནེ་པ་ལའི་༼ བལ་ཡུལ ༽མཐའ་མཚམས་ས་ཁུལ་གྱི་གྲོང་མིས་ལོ་༥ཡི་གོ་ཆོད་པའི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ལམ་ཡིག་རེ་ཞུ་བྱས་ནས་ཀྲུང་གོའི་བོད་ལྗོངས་སུ་ཡོང་ཆོག་གི་ཡོད་པ་རེད། 

尼泊尔《加德满都邮报》29日报道称,经中尼双方协商同意,尼泊尔边境地区居民将可申请5年有效出入境通行证进入中国西藏

ནེ་པ་ལའི་རྒྱལ་མཚམས་སུ་ཡོང་མཁན་གྱིས་འགྲམ་འགག་སྒོར་
ཞིབ་བཤེར་དང་ལེན་བྱེད་བཞིན་པ། 
尼泊尔入境人员在樟木口岸接受检查


     གནས་ཚུལ་སྤེལ་བར་གཞིགས་ན། ནེ་པ་ལའི་བྱང་རྒྱུད་མཐའ་མཚམས་ཀྱི་ས་ཁུལ་༡༥ཡི་ཐོབ་ཐང་དང་མཐུན་པའི་ཡུལ་མིས་གོང་གསལ་ལག་ཁྱེར་རེ་ཞུ་བྱས་ཆོག་པ་དང་། ས་ཁུལ་དེ་དག་ནང་སང་ཁུའུ་ཝ་ས་པ་དང་ལ་སུའུ་ཝ་སོགས་ཚུད་ཡོད་པ་རེད། ལག་ཁྱེར་དེར་བརྟེན་ནས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་གཏན་འཁེལ་འགག་སྒོ་༡༤བརྒྱུད་ཀྲུང་གོའི་བོད་རང་སྐྱོང་ལྗོངས་སུ་འགྲོ་ཆོག་པ་དང་། སྡོད་ཡུན་ཟླ་བ་གཅིག་ལས་མི་བརྒལ་བ་དང་། བོད་དུ་འགྲུལ་སྐྱོད་བྱེད་པའི་ཁྱབ་ཁོངས་ནི་སྤྱིར་བཏང་དུ་ཀྲུང་ནེ་མཐའ་མཚམས་ཀྱི་སྤྱི་ལེ་༣༠ཡི་ནང་ཚུན་ཡིན་པ་རེད།

报道称,尼泊尔北部边境15个地区符合资格的居民可申请上述证件,这些地区包括桑库瓦萨巴、拉苏瓦等。凭此证件可经由中尼两国边境线上的14个指定口岸进入中国西藏自治区,停留期限不超过1个月,入藏旅行范围一般限于中尼边境30公里之内

རྒྱ་ཡིག་སྔོན་པོ་འདིར་གནན་ན་ནང་དོན་ཞིབ་ཕྲ་གཟིགས་ཐུབ། 点击此行查看详情



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:环球时报  西藏卫视+

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章