གདན་ས་དཔལ་ཡུལ་དུ་མཁས་པ་མང་པོས་རིགས་ལམ་གྱི་གསོལ་སྟོན་བཤམས་པ།

健康   2024-10-11 17:31   四川  

བོད་ཤིང་འབྲུག་ལོའི་བོད་ཟླ་བརྒྱད་པའི་ཚེས་བདུན་ནས་ཚེས་དགུའི་བར་ཏེ་ཉིན་གསུམ་ལ་དཔལ་ཡུལ་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དུ་ནང་བསྟན་མཁས་དབང་བགྲོ་གླེང་ཐེངས་བཅུ་གཉིས་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྡུད་འགྲེལ་ཡུམ་ལ་འཇུག་པའི་ལེགས་བཤད་དང་ཀུན་མཁྱེན་བོད་པ་སྤྲུལ་སྐུའི་མ་ཕམ་ཞལ་ལུང་གཉིས་ཀྱི་ཟབ་དོན་ལྟ་གྲུབ་བགྲོ་གླེང་གཟབ་རྒྱས་ཀྱིས་ཚོགས་ཤིང་ས་དགེ་བཀའ་རྙིང་གི་མཁས་པ་མང་པོ་ཕེབས་ཡོད་པ་དང་ལྷག་ཏུ་གཞུང་ལུགས་སྨྲ་བ་བླ་རུང་མཁན་པོ་རབ་ལྡན། འབུམ་རྙིང་དགེ་བཤེས་ཚུལ་ཁྲིམས། བླ་རུང་མཁན་པོ་ཀུན་བཟང་། ཞེ་ཆེན་མཁན་པོ་ཆོས་དབྱིངས་ཀུན་ཁྱབ། ས་སྐྱའི་མཁན་པོ་ཚེ་དབང་སོགས་ཀྱིས་བགྲོ་གླེང་དམ་བཅའི་ཡུལ་ངོས་དང་དགོང་མོའི་ཆོས་རའི་ནང་དུ་རིགས་ལམ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད་པའི་བརྙན་དུམ་སྐོར་ཞིག་འདིར་སྤེལ་ཡོད་པས་གསན་གཟིགས་གནང་བར་ཞུ། ‍‍
2024.10_9.10‍‍‍


དགོང་མོའི་ཆོས་རའི་ནང་དུ་མཁན་པོ་རབ་ལྡན་གྱིས་རྟགས་གསལ་གཏོང་བཞིན་པའི་ཡུལ་ངོས་པར་ཟིན།‍‍‍‍‍‍‍‍‍

དམ་བཅའ་པ། ཞེ་ཆེན་མཁན་པོ་ཆོས་དབྱིངས་ཀུན་ཁྱབ། 
རྟགས་གསལ་པ། བླ་རུང་མཁན་པོ་རབ་ལྡན། བླ་རུང་མཁན་པོ་ཀུན་བཟང་།
དམ་བཅའ་པ། རྫོང་སར་མཁན་པོ་ཚེ་དབང་། ‍‍‍
རྟགས་གསལ་པ། བླ་རུང་མཁན་པོ་རབ་ལྡན། བླ་རུང་མཁན་པོ་ཀུན་བཟང་།
དམ་བཅའ་པ་རྫོང་སར་མཁན་པོ་ཚེ་དབང་།  
རྟགས་གསལ་པ་བླ་རུང་མཁན་པོ་ཀུན་བཟང་།
དམ་བཅའ་པ། ཞེ་ཆེན་མཁན་པོ་ཆོས་དབྱིངས་ཀུན་ཁྱབ། 
  རྟགས་གསལ་པ། བླ་རུང་མཁན་པོ་རབ་ལྡན།
 དཔྱད་རྩོམ་དམ་བཅའ་པ། བླ་རུང་མཁན་པོ་རབ་ལྡན།
  བརྒལ་བརྟག་པ། དགེ་བཤེས་ཚུལ་ཁྲིམས་སོགས།

དམ་བཅའ་པ། བླ་རུང་མཁན་པོ་ཀུན་བཟང་། 

རྟགས་གསལ་པ། དགེ་བཤེས་ཚུལ་ཁྲིམས། 

 བླ་རུང་མཁན་པོ་རབ་ལྡན་དང་ཀུན་བཟང་། ཞེ་ཆེན་མཁན་པོ་ཆོས་དབྱིངས་ཀུན་ཁྱབ། རྫོ་སར་མཁན་པོ་ཚེ་དབང་སོགས། 

        བླ་རུང་མཁན་པོ་རབ་ལྡན་སོགས། 


དགོང་མོའི་ཆོས་རའི་ཡུལ་ངོས། 




བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། 

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章