རྒན་རྒོན་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན། རེ་བར་རྒྱ་ཆེའི་གྲོགས་པོ་རྒན་རྒོན་རྣམས་ཀྱིས་ན་སོ་རྒས་ཀྱང་སེམས་ཤུགས་མི་ཉམས་པ་དང་ངར་ཤུགས་མི་ཆགས་པའི་བདེ་ཐང་གི་སེམས་ཁམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པོ་ཡོད་པ། རྒས་དུས་བྱས་རྗེས་འཇོག་ཐུབ་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད“དབུ་དཀར་གྱི་སྟོབས་ཤུགས”སྐྱེས་སུ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒན་རྒོན་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ནས་རྒན་རྒོན་གྱི་འཚོ་བ་འགན་ལེན་ཡག་པོ་དང་། ནུས་པ་ཡག་པོ་འདོན་ཐུབ་པ། ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།