མཁན་ཆེན་རྣམ་གྲོལ་ཚེ་རིང་གི་ཞབས་བརྟན། གཟན་དཀར་རིན་པོ་ཆེ།

健康   2024-10-21 19:32   四川  

མཁས་མཆོག་གཟན་དཀར་རིན་པོ་ཆེ།

༄༅།།ཞབས་བསྟན་གསོལ་འདེབས་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།

ཨོ་སྭ་སྟི། ཟག་མེད་ཡེ་ཤེས་དཔག་ཡས་སྐུ་ཐོབ་ཅིང་། །
དུས་མིན་འཆི་བའི་འཇིགས་ལས་སྒྲོལ་བའི་མགོན། །
ཚེ་དཔག་མེད་མགོན་ལྷ་མོ་རྣམ་རྒྱལ་མ། །
ཡིད་བཞིན་འཁོར་ལོས་འཆི་མེད་དངོས་གྲུབ་སྩོལ། །

ངེས་འབྱུང་བློ་ཡིས་རྣམ༵་པར་གྲོལ༵་བའི་ལམ། །
ཚེ་༵གཅིག་གདོད་མའི་མགོན་པོ་མངོན་བྱེད་ལ། །
རབ་ཏུ་སྦྱངས་ཤིང་ཆོས་མཐུན་སྤྱོད་པ་བཟང་། །
རིང༵་ནས་གོམས་པའི་སྐྱེ་ཆེན་ཞབས་བརྟན་གསོལ། །

ཤཱཀྱ་ཐུབ་དབང་བསྟན་ལ་རབ་སྦྱངས་ནས། །
པདྨ་ཀཱ་རའི་བཀའ་སྲོལ་སྔ་འགྱུརབའི། །
ཟབ་བསང་གདམས་པ་འཛིན་ལ་དབང་འབྱོར་བའི། །
སྨྲ་བའི་སེང་གེ་བསྐལ་བརྒྱལ་ཞབས་བརྟན་གསོལ། །

མདོ་སྔགས་ཀུན་དང་ཡོ་ག་རྣམ་གསུམ་ལ། །
འཇམ་དཔལ་དབྱངས་ཀྱང་དགྱེས་པའི་བློ་གྲོས་ཀྱི། །
ངོ་མཚར་ཡོན་ཏན་ནོར་བུའི་དཔལ་ལྡན་པའི། །
ལུང་རྟོགས་མཛོད་འཆང་དམ་པ་ཞབས་བརྟན་གསོལ། །

ལྷག་པའི་བསླབ་གསུམ་ཐར་བའི་རྒྱལ་མཚན་སྒྲེང་། །
སྡེ་སྣོད་རྣམ་གསུམ་ཐ་སྙད་གཙུག་ལག་འཛིན། །
གཞན་ཕན་འཕྲིན་ལས་ཉིན་མོར་བྱེད་འབར་བས། །
བསྟན་འགྲོའི་དོན་མཛད་ཆེན་པོ་ཞབས་བརྟན་གསོལ། །

རྣམ༵་གྲོལ༵་ཞི་བའི་གོ་འཕང་མཆོག་བརྙེས་པའི། །
པདྨ་འབྱུང་གནས་ཚེ༵་དབང་རིག་པ་འཛིན། །
དྲང་སྲོང་ལྷ་དང་བདེན་ཚིག་གྲུབ་རྣམས་ཀྱིས། །
གང་སྐུ་ཡུན་རིང༵་འཚོ་བའི་བྱིན་རླབས་སྩོལ། །

ཐུབ་བསྟན་སྙིང་པོ་མདོ་སྔགས་ཆོས་ཚུལ་ཆེ། །
དཀར་ཕྱོགས་ཟླ་བཞིན་མྱུར་དུ་རབ་འཕེལ་ནས། །
རྫོགས་ལྡན་དུས་བཟང་བདེ་དགའི་གྲུ་ཆར་གྱིས། །
སྙིག་མའི་ཚ་གདུང་ཞི་བའིདཔལ་འབར་ཤོག།

ཅེས་སྡེ་སྣོད་འཛིན་པ་མཁན་པོ་རྣམ་གྲོལ་ཚེ་རིང་གི་ཞབས་པད་བརྟན་པའི་གསོལ་བདེབས་སྨོན་ཚིག་འདི་ནི་གཡག་ཟེ་སྤྲུལ་སྐུ་ཕྲིན་ལས་ཀྱིས་བསྐུལ་ངོར་མི་ཉག་འཁྱམ་པོ་ཐུབ་བསྟན་ཉི་མར་འབོད་པས་སྤྱི་ལོ་༢༠༢༤ལོའི་ཟླ་༡༠པའི་ཚེས་༡༢ལ་སོར་བཅུའི་འདབ་མ་སྤྱི་བོར་བཀོད་དེ་ཕུལ་བ་ལགས་སོ།། །

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章