ལྷ་ས་འགྲིམ་འགྲུལ་ཉེན་རྟོག་སྐད་འཕྲིན་སྤྱི་སྟེགས་ཐོག་ཚེས་༢༥ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཤང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་དང་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་འགུལ་ལས་དོན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། བགྲོད་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་བ་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གློག་རྡུལ་ཉེན་རྟོག་ལྟ་འདོམས་སྒྲིག་ཆས་༧༠གསར་དུ་བསྣན་པ་དེ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ། སྤྱི་བསྒྲགས་བྱ་ཡུན་ཉིན་༡༥ཡིན། སྤྱི་བསྒྲགས་བྱེད་རིང་པར་ཐེབས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅད་རྒྱུ་མིན། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་ཡ་རབས་ལྡན་པའི་འགྲོ་འོང་དང་། སྒྲིག་ཁྲིམས་ལ་སྲུང་བརྩི་ཞུས་ནས་བསྐྱོད་རོགས་གནང་།
拉萨交警微信公众号9月25日发布消息称,根据全市城乡环境综合大整治工作安排部署,结合拉萨市公安局党委和交警支队党委关于全市道路交通整治行动工作安排,为切实提高道路通行效率、维护公共秩序,拉萨市现新增电子警察监控设备70个,公示如下,公示期为15天,公示期间抓拍的违法行为将不予以处罚,请广大驾驶人文明、守法出行。
གློག་མིག་གསར་པ་སྒར་ཡུལ།
པར་ཐེབས་པའི་ཁྲིམས་འགལ་རླངས་འཁོར་ཁག་ཅིག
འཁོར་ལམ་བསྒྱུར་བ།
གློག་དམར་བརྒལ་བ།
སྲུང་ཐག་མ་བཅིངས་པ།
ཕྱོགས་སྟོན་ཐིག་ལྟར་མ་ཕྱིན་པ།
རླངས་འཁོར་གཏོང་གིན་ཁ་པར་བརྒྱབ་པ།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བཟང་པོ། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 桑布 旺姆
来源 | 拉萨交警
译文 | 阳光西藏