ཚོང་པ་འདིས་ནར་མ་སོན་པའི་བྱིས་པར་ཐ་མག་བཙོངས་པས་ཁྲིམས་ལ་སྦྱར་འདུག

时事   2024-10-30 18:04   西藏  


གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་༢༠༢༤ལོའི་ནང་མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་གནད་དོན་ལ་དམིགས་ནས་ཁྲིམས་འགལ་གྱོད་གཞི་ཁག་ཅིག་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ།ཟླ་༡༠ཚེས་༢༥ཉིན་རྣམ་གླིང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་གྱོད་དཔེ་འགའ་ཁྱབ་བསྒྲགས་བྱས་པ་རེད། 

རྣམ་གླིང་རྫོང་གི་ཚོང་ཁང་ཞིག་ནས་ནར་མ་སོན་པའི་སློབ་མར་ཐ་མག་འཚོང་བའི་ཐེར་འདོན་ཞིག་རྣམ་གླིང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་འབྱོར་བ་རེད། ཁྲིམས་འཛིན་མི་སྣས་ཚོང་ཁང་དེར་དཔང་ལེན་བྱས་རྗེས། ཚོང་ཁང་གི་སྦྱིན་བདག་འདིས་ཕྲུ་གུར་ཐ་མག་མི་འདྲ་བ་༤ཏེ་ཐ་མག་ཁྱོན་༡༠༩བཙོང་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་ང་དགུ་པའི་གཏན་འབེབས་དང་འགལ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་གསུམ་པ་གཞིར་བཟུང་། རྣམ་གླིང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཡིས་ཁྲིམས་ལྟར་ནར་མ་སོན་པའི་སློབ་མར་ཐ་མག་འཚོང་བའི་ཡོང་འབབ་རྣམས་གཞུང་བཞེས་བྱས་པ་མ་ཟད་དངུལ་ཆད་སྒོར་༥༩༠༠ཡི་ཆད་པ་བཅད་པ་ཡིན། 

རྣམ་གླིང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཚོང་པ་ཚོར་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲོམ་རའི་ཁྲིམས་འཛིན་ལྟ་སྐུལ་གྱི་ལས་དོན་མུ་མཐུད་སྤེལ་ནས། ཁྲིམས་འགལ་འདུ་ཤེས་ཆེ་རུ་གཏང་བ་དང་།  སྲིད་ཇུས་མཛུབ་ཁྲིད།  སྲིད་འཛིན་ཆད་གཅོད་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།





















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 网信南木林

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章