ཁ་ལ་དཔག་པའི་སོ་ཟེར་ཡང་འདིར་སྣང་ཆུང་ཤོར་ན་སྐུ་ཐང་མཉེལ་པོ་ཡོང་།

时事   2024-10-31 15:40   西藏  



 ཁ་སྦུག་བདེ་ཐང་གི་གལ་ཆེན་རང་བཞིན།

       ལུས་ཡོངས་ཀྱི་བདེ་ཐང་ནས་བཤད་ན་ཁའི་ནང་ནད་མེད་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།   ཁའི་ནང་གི་སོ་དང་སོ་རྙིལ་སོགས་ལ་སྐྱོན་མེད་ན་རང་གིས་རང་ལ་ཡིད་ཆེས་དང་གཞན་གྱིས་བལྟས་ན་ཡང་ཡིད་དུ་འོང་བ་ཞིག་ཏུ་མཐོང་ཐུབ།  ཁའི་ནང་གི་ནད་གཞིས་ཁའི་སྦུག་ལ་མི་བདེ་བ་ཡོང་བ་ཨ་ཅང་ཅང་། ད་དུང་ཁྲག་གི་འཁོར་རྒྱུག་མ་ལག་བརྒྱུད་དེ་ལུས་ཡོངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།








སེམས་ཀྱི་ཞིང་ཁམས།  阳光西藏


1、口腔健康的重要性

口腔健康是全身健康的重要组成部分。健康的口腔不仅赋予我们自信和美丽的笑容,更是维护全身健康的关键。口腔内的疾病不仅会导致疼痛和不适,还可能通过血液循环系统与全身健康产生密切联系。








༢ དུས་རྒྱུན་ཁ་སྦུག་བདག་སྐྱོང་བྱ་ཐབས། 

       ཁ་སྦུག་བདེ་ཐང་ཡོང་ཆེད་ང་ཚོས་ཉིན་ལྟར་སྔ་དགོང་གཉིས་ལ་ཉུང་མཐར་ཡང་སོ་ཐེངས་རེ་བཀྲུ་དགོས་པ་དང་། སོ་བཀྲུ་བའི་དུས་ཚོད་སྐར་མ་གསུམ་ལས་མི་ཉུང་བ་བྱ་དགོས་པ་མ་ཟད། དུས་རྒྱུན་སོ་སྲིན་སྔོན་འགོག་ཡོང་ཆེད་ཧྥུའུ་ཡི་འདུས་ཚད་ལྡན་པའི་སོ་སྨན་བེད་སྤྱོད་གཏོང་དགོས། གཞན་ཡང་དུས་བཀག་ལྟར་སྨན་ཁང་དུ་སོ་བཀྲུ་བར་ཕྱིན་ཏེ་ཁ་སྦུག་ལ་གཙང་སྦྲ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སོ་ངོས་ཀྱི་འབུ་ཕྲ་དང་སོ་དྲེག་གཙང་སེལ་བྱ་དགོས།


2、日常口腔护理方法


维护口腔健康,我们需要建立良好的日常护理习惯。每天至少刷牙两次,早晚各一次,每次刷牙时间应不少于三分钟,使用含氟牙膏有助于预防龋齿。此外,定期洗牙也是保持口腔清洁的关键,建议每年至少进行一次,以彻底清除牙齿表面的菌斑和牙石。


༣  བཟའ་བཏུང་དང་ཁ་སྦུག་བདེ་ཐང་བར་གྱི་འབྲེལ་བ། 

     ཡང་དག་པའི་ཟས་སྤྱོད་དང་ཁ་སྦུག་བདེ་པོ་ཡོང་མིན་དབར་འབྲེལ་བ་ཟབ་མོ་ལྡན་ཡོད་པས། དུས་རྒྱུན་དུ་མངར་ཆ་མང་བའི་ཟས་རིགས་དང་བཏུང་བྱ་མང་དྲགས་ན་ཁ་སྦུག་ནང་དུ་འབུ་ཕྲ་སྐྱེ་སླ་ཞིང་སོ་སྲིན་དང་སོ་མཐའི་ནད་ཕོག་པའི་ཉེན་ཁ་ཡོད། དེར་བརྟེན་འཚོ་བཅུད་སྣེ་མང་འདུས་པའི་སྔོ་ཚལ་དང་ཤིང་འབྲས་སོགས་ཀྱི་ཟས་རིགས་མང་ཙམ་བསྟེན་ན་ཁ་སྦུག་གི་ནད་གཞི་སྔོན་འགོག་ཡོང་རྒྱུར་ཕན་ཐོགས་ཡོད།

3、饮食与口腔健康的关系

饮食习惯对口腔健康有着深远的影响。过多的含糖食品和饮料会滋生细菌,导致龋齿和牙周病的发生。相反,多食用富含纤维和维生素的食物,如蔬菜、水果等,有助于清洁口腔,保持牙龈健康。


 དུས་བཀག་ལྟར་བརྟག་དཔྱད་དང་སྨན་བཅོས་བྱེད་པའི་གལ་ཆེའི་རང་བཞིན། 

      ཁ་སྦུག་གི་ནད་གཞིར་ཐོག་མའི་དུས་རིམ་ནང་མངོན་གསལ་དོད་པའི་ན་ཟུག་མེད་རྐྱེན་ཚང་མས་སྣང་ཆུང་ཤོར་སྲིད་པ་ཞིག་རེད། འོན་ཀྱང་ནད་གཞི་ལྗི་པོ་ཆགས་དུས་གཅིག་ནས་སྨན་བཅོས་བྱེད་ཁག་པ་དང་། གཉིས་ནས་འགྲོ་སོང་ཆེན་པོ་ཆགས་འགྲོ་གི་ཡོད་པར་བརྟེན། དུས་བཀག་བཞིན་ཚད་ལྡན་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱས་ཏེ་ཁ་སྦུག་ཐང་པོ་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་རེད།


4、定期检查与治疗的重要性

口腔疾病往往具有隐匿性,早期不易察觉。然而,一旦病情发展到严重程度,治疗将变得更加困难且成本更高。因此,定期到专业口腔医疗机构进行检查,及时有效预防和治疗口腔疾病意义重大。

    རང་ལྗོངས་མང་ཚོགས་ཀྱི་ནད་རིམས་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བདེ་ཐང་སློབ་གསོའི་ཆེད་སྒྲིག་ལེ་ཚན་བདེ་ཐང་བོད་ལྗོངས་ཞེས་པ་གཉེར་བ་དང་། ལེ་ཚན་འདི་གཉེར་བའི་དམིགས་ཡུལ་ནི་བདེ་ཐང་སྐོར་གྱི་ཤེས་བྱ་དང་བྱ་ཐབས་ཁག་ཁྱབ་གདལ་གཏོང་བ་དང་། སྤྱི་དམངས་ནི་སོ་སོའི་བདེ་ཐང་གི་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ལྟ་བ་འཛུགས་པ། མི་རྣམས་ཀྱིས་རང་འགུལ་ངང་ལུས་ཁམས་བདེ་ཐང་ལ་ཕན་པའི་སྤྱོད་ལམ་བསྟེན་པ་བཅས་དམངས་ཡོངས་ཀྱི་གཟུགས་པོ་བདེ་ཞིང་ཐང་བ་ཡོང་བའི་ཆེད་དུ་ཡིན། 


     为进一步提升我区群众疾病防控意识和健康技能,自治区卫生健康委员会与西藏广播电视台联合制作播出健康教育专题栏目《健康西藏》,栏目旨在普及健康科普知识和健康技能,倡导公民是自己健康的第一责任人理念,使人们自觉选择有益于健康的行为和生活方式,提高健康素养水平。


  གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར།  བཟང་པོ།

     རྩོམ་སྒྲིག་པ། འཇིགས་མེད།  ནོར་བུ་དོན་གྲུབ།


主编 | 吾见才让

副主编 | 平多  桑布

编辑 | 晋美  罗顿

来源 | 阳光工作室

主创人员 |   益加  达桑  尼玛  次旺  边次  

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章