དེ་རིང་ཉི་འཛིན་དང་འབུམ་འགྱུར་གྱི་ཉི་མ། དགེ་སྒྲུབ་ལ་འབད་པར་འཚལ།

健康   2024-10-02 17:25   四川  

ཉི་འཛིན་དང་སངས་རྒྱས་ཀྱི་དུས་ཆེན་གཉིས་འཛོམས།

དེ་རིང་སྟེ་བོད་ཟླ་བདུན་པའི་ཚེས་སུམ་ཅུ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་ཆེན་དང་། ཉི་འཛིན་གྱི་དུས་ཆེན་ཁྱད་པར་ཅན་ལ་ཁེལ་འདུག་པས།  ཉིན་འདིར་ཀུན་བཟང་སྨོན་ལམ་དང་། བཟང་སྤྱོད་འདོན་པ་སོགས་དགེ་བའི་ལས་ལ་འཇུག་པ་ཤིན་ཏུ་གལ་ཆེ་ལ། དེ་ཡང་། འདི་དུས་དགེ་བའི་འགྱུར་ཁྱད་ནི།། དུས་བཟང་དཀྱུས་རྣམས་བརྒྱ་འགྱུར་ལ།  །ཟླ་འཛིན་བྱེ་བ་བདུན་འགྱུར་དང།  །ཉི་འཛིན་བྱེ་བ་འབུམ་འགྱུར་དུ་།  །རྒྱལ་བའི་གསུང་རབ་མཐའ་ཀླས་པར། །རྒྱས་པར་གསུངས་བཞིན་དོན་མཐུན་ཅིང།  །ཁྱད་པར་ཉི་ཟླའི་མདོ་ལ་སོགས།  །དྲང་དོན་གསུང་རབ་རྣམས་ནས་གསུངས།  །ངེས་དོན་བཅོམ་ལྡན་དུས་འཁོར་ལོར། །ཉི་འཛིན་རོ་རྐྱང་རླུང་གཉིས་དང།  །ཟླ་འཛིན་རྐྱང་མ་དྷཱུ་ཏཱི་རུ།  །ཚུད་དུས་བསྐྱེད་རྫོགས་བདག་འཇུག་སོགས།  །རྣམ་དཀར་དགེ་འཕེལ་འགྱུར་ཁྱད་ཀྱང་།  །དེ་དབང་ཡིན་པ་དོན་དམ་གསུང་། །དེ་བཞིན་མི་དགེའི་ལས་རྣམས་ཀྱང།  །འཕེལ་འགྱུར་བཀའ་བསྟན་གཞུང་རྣམས་ལས།  །གསུང་ཕྱིར་བག་དང་ལྡན་པར་བྱ།  །ཞེས་གསུངས་པ་ལྟར་རོ། །

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章