གསར་འགྱུར་གལ་ཆེན།
➤ཟླ11པའི་ཚེས13ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡི་གདན་ཞུས་ལྟར་ལི་མར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་། ཕེ་རུར་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།
➤ནོར་སྲིད་པུའུ་སོགས་སྡེ་ཁག་གསུམ་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མི་སྒེར་གྱིས་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དེ་དང་ཁྱིམ་ཚང་གི་སྡོད་ཁང་གཉིས་པ་ཉོ་སྐབས། རྒྱ་ཁྱོན་ཁ་སྨི140ལས་མི་བརྒལ་ཚེ། གཅིག་གྱུར་ཐོག་ཁྲལ་ཚད1%ལྟར་གན་ཁྲལ་འཇལ་དགོས་པའི་སྤྱི་བསྒྲགས་བྱས།
➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཡང་བའི་བཟོ་ལས་ལས་རིགས་ཀྱི་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད་པ་རེད།
➤རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར6351བཏང་བ་དེ། དུས་མཚུངས་ལས10.9%འཕར་ཡོད།
➤ཚེས13ཉིན། ལྷ་གྲུ་བརྒྱད་པའི་ཟོག་འདྲེན་འཕུར་གྲུ་དང་རྒྱང་སྐྱོད་བདུན་པའི་རྒྱང་ཚོར་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཉིས་འཕེན་གཏོང་ཁུལ་དུ་ཐད་ཀར་བརྒྱུད་འདྲེན་བྱས་པ་དང་། འཕེན་གཏོང་ལས་འགན་ལྗོངས་ཡོངས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་སྦྱོང་བརྡར་བྱས་ཤིང་། ལྷ་གྲུ་བརྒྱད་པ་ཉེ་ཆར་སྐབས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད།
➤ཚེས13ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་གྱིས་མཚོ་དམག་དང་མཁའ་དམག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་བར་སྣང་མངའ་ཁོངས་དང་མཐའ་འཁོར་ས་ཁོངས་སུ་ཉེན་ཟོན་སྐོར་གཡེང་བྱས་ཤིང་། འདི་ནི་འཐབ་ཁུལ་དཔུང་སྡེས་ཁྲིམས་ལྟར་སྤེལ་བའི་ཉེན་ཟོན་སྐོར་ཞིབ་བྱེད་སྒོ་ཞིག་ཡིན།
➤ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་གསལ་བསྒྲགས་སྤེལ་ནས་ཨ་རིའི་ཁེ་ལས་མཁས་ཅན་ཨའེ་ལུང·མ་སི་ཁེ་དང་ཝུའེ་ཝུའེ་ཁེ·ལ་མ་སི་ཝ་སྨི་གཉིས་པོས་ཁོང་གི་ལས་འགན་འཁུར་ཐེངས་གཉིས་པའི་སྲིད་གཞུང་ཁྲོད“སྲིད་གཞུང་གི་ལས་ཕྱོད་པུ”གསར་པ་ཞིག་ལ་མགོ་ཁྲིད་བྱ་རྒྱུ་ཁྱབ་བསྒྲགས་བྱས།
➤ཚེས12ཉིན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས(ཨོའུ་ཕེ་ཁེ)ཀྱིས་ཟླ་འཁོར་རྡོ་སྣུམ་ཁྲོམ་རའི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། 2024ལོ་དང2025ལོའི་གོ་ལ་ཧྲིལ་པོའི་རྡོ་སྣུམ་དགོས་མཁོའི་སྔོན་དཔག་ཚད་གཞི་དམའ་རུ་གཏོང་རྒྱུ་ཡིན་པ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཉེན་བརྡ་སྔོན་པོ་བཏང་བའི་ནང་དུ། དེ་རིང་ཞིན་ཅང་གི་དབུས་བྱང་རྒྱུད་དང་ཀན་སུའུ་ཡི་ནུབ་རྒྱུད། ནང་སོག་གི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ་བཞི་ནས་དྲུག་བར་དང་ཐོལ་རླུང་རིམ་པ་བདུན་ནས་བརྒྱད་བར་ཡོད་པ་རེད།
➤ཚེས13ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད། ན་སོ་དར་ལ་མ་བབས་པའི་མིར་བཙན་གཡེམ་བྱེད་མཁན་ཉེས་ཅན་ཀུའོ་ཆེ་གེ་མོ་དང་ཧྲང་ཆེ་གེ་མོ། ཀུང་ཆེ་གེ་མོ་བཅས་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་པ་རེད།
➤ཚེས13ཉིན་ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་སྐབས་བཅོ་ལྔ་པའི་ཀྲུང་གོའི་གོ་མཚོན་ཁང་དུ། རང་རྒྱལ་གྱིས་ཁྲབ་ལྡན་རླངས་འཁོར་དང་མེ་སྒྱོགས། མི་མེད་གནམ་གྲུ། མི་མེད་རླངས་འཁོར་སོགས་རིགས་སྣ་ཚོགས་ཀྱི་ས་ངོས་སྒྲིག་ཆས་གསར་ཤོས8འགྲེམ་སྤེལ་བྱས།
➤ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར(ཞི་ཨན)གཏོང་ཐེངས4041ཡིན་ལ། ཞི་ཨན་ནི་རྒྱལ་ཡོངས་ཀྱི་རིམ་རྩིས་བྱས་ན་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་ཐེངས25000ལས་བརྒལ་བའི་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད།
➤རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཚད་རྡུལ་གྱི་ཞིབ་ཅིང་ཚགས་པའི་ཚད་འཇལ་ལག་རྩལ་སྤྱད་དེ་མི་མངོན་པའི་དངོས་པོས་འཇམ་ཁྲིད་བྱས་པའི་རང་འཁྱོལ་གྱི་འབྲེལ་ཡོད་ཕན་ཚུན་ནུས་པ་འཚོལ་ཞིབ་བྱས་ནས། དེར་སྔོན་རྒྱལ་སྤྱིའི་ཐོག་གི་འཚོལ་ཞིབ་མཚམས་ཚད་ལྡབ50ཡན་མཐོ་རུ་བཏང་བར་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་རེད།
➤སི་ཁྲོན་ལིང་ཧྲན་གྱི་གཙོ་སྒྲོན་པ་སུན་ག་གེ་མོ་སོགས་ཀྱིས་ཐད་གཏོང་བྱེད་སྐབས“མི་གསོད་དོན་རྐྱེན་ཐོན་ཡུལ”ཞེས་པ་འཁྲབ་ནས་ཚོང་ཟོག་ནང་འདྲེན་བྱས་པར་ཁེ་བཟང་སྒོར་ཁྲི70ལྷག་ཙམ་བྱུང་ཡོད། མིག་སྔར་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི10ལ་ཉེན་རྟོག་ཕྱོགས་ཀྱིས་སྲིད་འཛིན་ཆད་པ་བཅད་ཡོད།
➤ཀྲེ་ཅང་ཧང་ཀྲོའུ་ཡི་ལོ84ལ་སླེབས་པའི་རྒན་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ཡུར་དུ་ལྷུང་སྟེ་གློག་སྒུལ་རླངས་འཁོར་གྱིས་མནན་ཞིང་། སློབ་འབྲིང་སློབ་མ་ཉེ་རུའེ་སེན་དང་ཧོ་ཏུང་རུན་གཉིས་ཀྱིས་མཉམ་དུ་གློག་སྒུལ་རླངས་འཁོར་ལྗིད་པོ་སྤར་ནས་རྒན་པ་སྐྱོབ་ཐུབ་པ་བྱུང་ཡོད། ཚེས11ཉིན། ན་གཞོན་གཉིས་ལ་སློབ་གྲྭ་ཡོངས་ཀྱི་གཟེངས་བསྟོད་ཐོབ།
སྲིད་ཇུས།
➤ཧེ་ལུང་ཅང་གིས་བརྡ་ཐོ་བཏང་ནས་ཆུ་འབྲས་ཀྱི་སོག་མ་ཞིང་ནང་དུ་སྦས་པ་དང་། ལོག་རྒྱག་པ་སོགས་ལས་དོན་སྤེལ་བར་ཞིང་འཕྲུལ་དོ་དམ་བཀོད་གཏོང་བཀོད་འདོམས་སྟེགས་བུའི་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་པ་དང་ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་འདྲ་བ་མེད་རིགས་ལ་ཞིང་ཆེན་རིམ་པའི་མུའུ་རེར་ཁ་གསབ་སྒོར20སྤྲོད་རྒྱུ་ཡིན་པ་རེད།
➤ཅང་སུའུ་ཡིས་ཁ་གསལ་བཏོན་དོན། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི100མན་གྱི་གྲོང་ཁྱེར་དུ་སྨི100ཡན་གྱི་སྐྲུན་དངོས་བསྐྲུན་རྒྱུར་ཚོད་འཛིན་ནན་པོ་བྱེད་པ་དང་། སྨི250ཡན་གྱི་སྐྲུན་དངོས་བསྐྲུན་མི་ཆོག
➤ཀོང་ཏུང་ཧྲེན་ཀྲེན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས། ཧྲེན་ཀྲེན་དུ་འབུམ་རམས་ཕྱི་ཚར་གྱི་ལས་དོན་སྒྲུབ་པར་ཡོང་མཁན་མི་རེས་ཆེས་མཐོ་ཤོས་སྒོར་ཁྲི60རོགས་སྐྱོར་བྱེད་ཀྱི་ཡོད།
དེ་རིང་གི་གནམ་གཤིས།
➤ཞིན་ཅང་གི་བྱང་ཁུལ་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་མམ་ཁ་ཆར་འདྲེས་མ་ཡོད་པ་དང་། དེའི་ནང་དུ་ཞིན་ཅང་གི་ཨ་ལེ་ཐའེ་དང་ཐ་ཁྲེང་། དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་ཀྱིན་ཡོད་ལ། ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་ཀྱིན་ཡོད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། ཧྭ་བྱང་། ཧོང་ཧྭའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད། ཧྭ་ནན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཙམ་ནས་འབྲིང་ཙམ་བར་འབབ་ཀྱིན་ཡོད་པ་དང་། དེའི་ནང་དུ་ཅི་ལིན་གྱི་ལྷོ་རྒྱུད་དང་། ལིའོ་ཉིང་གི་དབུས་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀོང་ཏུང་གི་དབུས་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系