མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད10དང་སྐར་མ30སྟེང་གྲང་རྒྱུན་གྱི་ཉེན་བརྡ་སེར་པོ་བཏང་པ་སྟེ། སྔོན་དཔག་བྱས་པ་ལྟར་ན་ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད14ནས་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད14བར་མདའ་བཞི་རྫོང་དང་འཇུ་ལག་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་བཅས་ལ་གྲང་རྒྱུན་གྱི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། གནམ་གཤིས་དྲོད་ཚད་རིམ་རྩིས་བྱས་ན་ཧྲེ་ཧྲི་ཏུའུ8ཡན་ཇེ་དམའ་རུ་འགྲོ་བ་དང་ས་ཆ་ཁ་ཤས་སུ་ཧྲེ་ཧྲི་ཏུའུ10ཡན་ཇེ་དམའ་རུ་འགྲོ་རྒྱུ་རེད། མདའ་བཞི་རྫོང་དང་རྐང་ཚ་རྫོང་ལ་རིམ་པ6~7བར་གྱི་ནུབ་བྱང་གི་རླུང་གཡུག་རྒྱུ་ཡིན་པ་དང་རིམ་པ8ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད། ཚེས23ཉིན་གྱི་དགོང་མོ་ནས་ཚེས24ཉིན་བར་ཁུལ་ཡོངས་ལ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་ཡིན་པ་དང་། འཇུ་ལག་གི་ཡུལ་ཚོ་དང་གྲོང་རྡལ་ཁག་ཅིག་ལ་ཁངས་དྲག་པོ་འབབ་རྒྱུ་རེད། དྲོད་ཚད་ཇེ་དམའ་རུ་འགྲོ་བ་དང་རླུང་གཡུག་པ། ཁ་བ་འབབ་པ་བཅས་ཀྱི་གནམ་གཤིས་ཀྱིས་ཞིང་ཕྱུགས་ལས་ཐོན་སྐྱེད་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན། བགྲོད་ལམ་འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཁོར་སྐྱོད། སྤྱི་དམངས་ཀྱི་བདེ་ཐང་བཅས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པས་ཡིད་གཟབ་གནང་དགོས། 1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་གཞིར་བཟུང་གྲང་རྒྱུན་དང་རླུང་ཆེན་གཡུག་པ། ཁངས་འབབ་པ་བཅས་ཀྱི་མཁོ་བསྟུན་གྲ་སྒྲིག་བྱ་བ་ཡག་པོར་བསྒྲུབ་དགོས། 2.མི་སྒེར་གྱིས་གྱོན་ཆས་མཐུག་པོ་གྱོན་པ་དང་དྲོད་སྲུང་ལ་དོ་སྣང་བྱས་ཏེ་ཕྱི་ལ་མི་འགྲོ་བ་བྱེད་དགོས3.ཞིང་ཕྱུགས་ལས་དང་ནགས་ལས། གསོ་སྤེལ་ལས་རིགས་སོགས་ཀྱིས་གྲང་འགོག་གི་བྱ་ཐབས་སྤྱད་དེ་ལོ་ཏོག་དང་ཤིང་སྡོང་། ཕྱུགས་རིགས་སོགས་ཀྱི་གནོད་འཚེ་འགོག་པའི་བྱ་བ་ཡག་པོར་སྒྲུབ་དགོས། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
来源/海北州气象台
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系