མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་རེས་འཁོར་རིམ་བཞིན་སླར་གསོ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་འགྲུལ་བ་རྣམས་པ།
2024ལོའི་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ45སྟེང་མཚོ་སྔོན་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་ཚང་མའི་བཀག་སྡོམ་གློད་པ་དང་། གོང་རིམ་གཙོ་གཉེར་སྡེ་ཁག་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་ཟླ11པའི་ཚེས26ཉིན་གྱི་ཆུ་ཚོད12སྟེང་ནས་བཟུང་། ནུབ་མཚོ་ནས་ཟི་ལིང་བར་གྱི་འགྲུལ་སྐྱེལ་ལམ་ཐིག་ཁག་ཅིག་རིམ་བཞིན་སླར་གསོ་བྱ་རྒྱུ་ཡིན་ལ། ཚེས27ཉིན་ནས་བཟུང་། འགྲུལ་སྐྱེལ་ལམ་ཐིག་ཚང་མ་རྒྱུན་ལྡན་ལྟར་སླར་གསོ་བྱས་ཏེ་འགྲུལ་བའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་རྒྱུ་ཡིན་པས། ཚང་མས་ཤེས་པར་འཚལ། མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱིས་ལྷག་བསམ་རྣམ་དག་གིས་ཁྱེད་ལ་ཞབས་ཞུ་སྒྲུབ་ངེས་ཡིན་ལ། ཁྱེད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ། འདྲི་རྩད་ཁ་པར། 0970-8643278
མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས།
2024ལོའི་ཟླ11པའི་ཚེས26ཉིན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州原子城汽车客运站
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系