ཁ་ལོ་བའི་སློབ་གྲྭའི་དགེ་རྒན་གྱིས་ཆང་འཐུངས་ནས་རླངས་འཁོར་བསྐོར་བས་

政务   2024-11-23 17:46   青海  

 

ཁ་ལོ་བའི་སློབ་གྲྭའི་དགེ་རྒན་གྱིས་ཆང་འཐུངས་ནས་རླངས་འཁོར་བསྐོར་བས་བཟུང་།



ཟླ11པའི་ཚེས19ཉིན་གྱི་ཆུ་ཚོད8ཡས་མས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུའུ་རུ་ཆེན་བཞི་པས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ཚྭ་འདམ་གཞུང་ལམ་ཝུའུ་ཀྲུང་སྡེ་བར་ཆང་འཐུངས་ནས་རླངས་འཁོར་བསྐོར་བའི་ཆེད་དོན་ཞིབ་བཤེར་ཐག་གཅོད་བྱེད་སྐབས། ཁ་ལོ་བའི་སློབ་གྲྭ་ག་གེ་མོ་ཞེས་ཡི་གེ་བྲིས་པའི་རླངས་འཁོར་ཞིག་ཞིབ་བཤེར་ས་ཁོངས་སུ་ཡོང་བ་དང་། ལས་འགན་སྒྲུབ་མཁན་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལྟར་ཁ་ལོ་བར་དབུགས་འབྱིན་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས། ཞིབ་བཤེར་མཇུག་འབྲས21mg/100mlཟིན་ཏེ་ཆང་འཐུངས་ནས་རླངས་འཁོར་བསྐོར་བའི་ཚད་གཞི་ལ་སླེབས་ཡོད།

འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བ་དེ་ནི་ཁ་ལོ་བའི་སློབ་གྲྭའི་དགེ་རྒན་ཡིན་པ་ཤེས་རྟོགས་བྱུང་། མིག་སྔར། གྱོད་དོན་དེ་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།



ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章