ནས་བཅུད་སྦི་རག་གིས་བསྐྱངས་པའི“ཧྲན་ཏུང་དང་མཚོ་སྔོན་གྱི་བརྩེ་བ”།

政务   2024-11-22 17:06   青海  


རྨ་ཆུ་ནི་ཀྲུང་ཧྭའི་ཤེས་རིག་གི་མ་ཡུམ་གཙང་བོར་བསྔགས་ཤིང་། གནའ་ནས་ད་བར་དུ། སྙན་ངག་མཁན་གང་མང་ཞིག་གིས་བསྟོད་ཚིག་གི་མེ་ཏོག་ཅི་དགར་གཏོར་མྱོང་། སྙན་ཚིག་རེ་རེ་རྨ་ཀླུང་གི་བཞུར་རྒྱུན་བཞིན་ལོ་རྒྱུས་ཀྱི་ཕང་བ་ནས་བརྡོལ་ཞིང་འཇགས་པ་མེད་པར་བསྐལ་བའི་མཐའ་རུ་བསྲིངས།
“མཚོ་སྔོན་ཡུལ་དུ་སོས་དལ་སྒོ་ཕྱུགས་འཚོ།། རྨ་ཆུའི་འགྲམ་དུ་སྟོན་འགོག་ལྷོད་ཀྱང་རུང་།།” ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཀོ་ཧྲི་ཡིཁུགས་དགུའི་སྙན་ངག་ཚན་པ་གསུམ》དུ་མཐའ་མཚམས་འབངས་མིའི་བདེ་སྡོད་ལས་བརྩོན་ལ་རེ་སྨོན་བཅངས་ཡོད་ཅིང་། མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྔར་བས་ཤུགས་སྣོན་དགོས་ཨང་།
ལེ་བར་ཁྲི་ཡི་རྨ་ཆུ་ལི་མ་མཚོ་སྔོན་རྨ་རྒྱལ་ནས་བཞུར་ཏེ་རྨ་འགྲམ་ཞིང་ཆེན་དགུ་བུ་ལྟར་བསྐྱངས་ནས་ཧྲན་ཏུང་དུ་རྒྱ་མཚོར་འབབ། ཆུ་གཅིག་གི་མགོ་རྔ་མཉམ་འཐུང་བྱེད་པའི་མཚོ་སྔོན་དང་ཧྲན་ཏུང་གཉིས་ཀྱིས་དཔུང་བ་མཉམ་གཤིབ་ངང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་གིན་འདུག
ད་ཆ། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བ་རུ་བསྐྱོད་ན། སྦི་རག་བཟོ་གྲྭ་གསར་བ་རུ་ཨེ་ཨཱར་དང་ལཱ་གྷར་བྲོ་བའི་ནས་བཅུད་སྦི་རག་སྙལ་གྱིན་ཡོད་ལ། “ཧྲན་ཏུང་དང་མཚོ་སྔོན”གྱི་མཛའ་བརྩེ་ཟབ་མོའང་བསྙལ་འདུག

མཚོ་སྔོན་གྱི་རི་ཐང་དང་ཞིང་ཚིགས་སུ་ཆེས་རྒྱུན་མཐོང་གི་ལོ་ཏོག་ནི་ནས་ཡིན། ལིའོ་ཁྲིན་གྲོང་ཁྱེར་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་ཚན་གཙོ་གཞོན་པའམ་རྐང་ཚ་རྫོང་འཕེལ་བསྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲའོ་ཀྲི་ཞིན་གྱིས་བཤད་རྒྱུར། དཀོན་ལོ་གོང་མ་སྡེ་བ་རུ་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་སོར་འཇོག་ཐུབ་ཡོད་ཅིང་། འགྲིམ་འགྲུལ་སྟབས་བདེ་དང་དམངས་སྲོལ་མངོན་གསལ། མ་རྒྱུ་འཛོམས་པ། རྫ་ཆུ་དྭངས་པ་སོགས་ཀྱི་དགེ་མཚན་ལྡན་པས། ང་ཚོས་དཀོན་ལོ་གོང་མ་སྡེ་བ་རུ་ནས་བཅུད་སྦི་རག་གི་ཐོན་སྐྱེད་ལས་གཞི་འདི་དངོས་འབེབས་བྱས་པ་ཡིན།
བཟོ་སྐྲུན་དང་ཐོན་སྐྱེད་ལོ་གཅིག་ལ་བྱས། 2023ལོར་ལིའོ་ཁྲིན་གྲོང་ཁྱེར་གྱིས་སྒོར་ཁྲི989བཏང་ནས་ནས་བཅུད་སྦི་རག་ལས་སྣོན་ལས་གཞི་འཛུགས་སྐྲུན་བྱས་ཤིང་། ལས་གཞི་འདིས་ཧ་ལམ་ལོ་རེར་སྦི་རག་ཏུན950ཐོན་སྐྱེད་བྱེད་ཐུབ་ལ། དེའི་ནང་ཀྲིན་སྣོད་སྦི་རག་ཏུན475དང་ཟོ་སྣོད་སྦི་རག་ཏུན10། དམ་སྣོད་སྦི་རག་ཏུན465ཡོད་པ་རེད།

“ཞིམ་དང་མི་ཞིམ་འཐུང་ན་ཤེས།” སྦི་རག་བཟོ་གྲྭའི་ལས་སྒྲུབ་མི་སྣས་བྱང་ཆ་ལྡན་པའི་ངང་སྦི་རག་ཅིག་གི་ཁ་ཕྱེས་པ་ན། གསེར་གྱི་མདངས་དང་ལྡན་པའི་སྦི་རག་ལས་སྦྲང་གི་མངར་ཁ་འཛོམས་པའི་བསུང་ངད་ལྡང་ཡོང་ལ། ཁམ་གང་འཐུང་བ་ཙམ་གྱིས་ཀྱང་སྦི་རག་གཞན་དང་མི་མཚུངས་པ་ཚོར་ཐུབ། 
སྦི་རག་ནས་སྦི་རག་དུས་སྟོན་བར་དུ། ཞིང་སྡེའི་ཐོན་ལས་གསུམ་པོ་མཉམ་བསྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་པ་དང་། སྦི་རག་ཕོར་གང་གྲོང་གསེབ་དར་སྤེལ་གྱིསྒུལ་ཤུགས་གསར་བརགྱུར། ས་གནས་སུཞིང་ལསདངཡུལ་སྐོར་རིག་གནས། སྐྱེ་ཁམསབཅས་མཉམ་བསྲེས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་ཤུགས་བསྣན་པས། ཁྱད་ཆོས་མངོན་གསལ་དོད་པའི་ཞིང་སྡེ་ཡུལ་སྐོར་ཐོན་ལས་གྲུབ་པ་རེད། 
མཚོ་སྔོན་གྱི་ཆུ་ཧྲན་ཏུང་གི་ཆང་དང་འཕྲད་ཅིང་། ཧྲན་ཏུང་གི་སྦི་རག་རིག་གནས་ས་གནས་ཀྱི་མི་རིགས་རིག་གནས་དང་མཉམ་འདྲེས་བྱུང་སྟེ། མིང་བྱང་གསར་རྐྱང་ཞིག་ཆགས་ཡོད་དོ།།


ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章