རྐང་ཚར་ཆུ་མཚོ་དཔོན་ལམ་ལུགས་ཀྱི་སྐུལ་འདེད་མ་དངུལ་སྒོར་ཁྲི100ཐོབ།

政务   2024-11-21 17:32   青海  

རྐང་ཚ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ཆུ་མཚོ་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་ཞིབ་བཤེར་ཐད་སྐུལ་འདེད་མ་དངུལ་སྒོར་ཁྲི100ཐོབ་པ།

ཉེ་བའི་ལོ་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཆུ་བོ་ཤར་གཏོང་དང་། ཆུ་བོ་དྭངས་པ། ཆུ་ངོགས་ལྗང་བ། ཡུལ་ལྗོངས་མཛེས་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས། ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་བཅོས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ། ཆུའི་སྦགས་བཙོག་འགོག་བཅོས་བཅས་ལ་སྐུལ་འདེད་བཏང་བ་དང་། ཆུ་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པར་རྒྱུན་མ་ཆད་པར་ཤུགས་བསྣན་ནས། ཆུ་མཚོ་དཔོན་ལམ་ལུགས་རྒྱུན་འཁྱོངས་ཐོབ་པ་དང་ཆུ་བོ་དང་མཚོ་སོགས་བཅོས་སྐྱོང་ཐོབ་ནས་དྭངས་གཙང་གི་བཞུར་རྒྱུན་ཁག་ཐེག་བྱུང་བས། ཞིང་ཆེན་སྲིད་གཞུང་གིས་ཆུ་མཚོ་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་ཞིབ་བཤེར་ཐད་སྐུལ་འདེད་སྒོར་ཁྲི100འགྲེམ་གཏོང་བྱས།
རྐང་ཚ་རྫོང་གིས་རྫོང་དང་ཡུལ་ཚོ། གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་མཚོ་དཔོན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྫོང་རིམ་པའི་སྤྱི་ཁྱབ་ཆུ་མཚོ་དཔོན་གཞོན་པ་དང་འགན་འཁུར་བའི་ཆུ་མཚོ་དཔོན3ལེགས་སྒྲིག་དང་ཁ་གསབ་བྱས་པ། སྤྱི་ཁྱབ་ཆུ་མཚོ་དཔོན་གྱི་བཀའ་བརྡ1དང་འགན་འཁུར་ཆུ་མཚོ་དཔོན་གྱི་བཀའ་བརྡ3ལ་མིང་རྟགས་བཀོད་པ། “ཆུ་དཔོན་གསུམ་དང་ཁོངས་མི་གཅིག”གིས་མི་ཐེངས་ཁྲི1.2ལ་ཆུ་བོ་དང་མཚོ་སྐོར་ཞིབ་བྱས་པ་དང་གནད་དོན624ཐག་གཅོད་བྱས་པ་བཅས་གཙོ་གནད་ཆུ་བོའི་བཅད་ཁ་དེⅡལས་སྤུས་ཚད་ལེགས་པའི་བསྡུར་ཚད100%ཟིན། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་མཉམ་སྒུལ་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་རོགས་ལས་བཅས་ཀྱི་ལམ་ལུགས་ཁག3འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།《རྐང་ཚ་རྫོང་གི“ནགས(རྩྭ)དཔོན་ལམ་ལུགས”དང“ཆུ་མཚོ་དཔོན་ལམ་ལུགས”ཀྱི་མཉམ་སྒུལ་ལམ་ལུགས་བྱ་བའི་ཇུས་གཞི》《“ཆུ་དཔོན་དང་ཞིབ་དཔྱོད་དཔོན་ཟུང་འབྲེལ”གྱི་མཐུན་སྦྱོར་ལམ་ལུགས་ལ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་བ་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས་པ་དང་། མཐའ་འཁོར་གྱི་རྫོང་དང་ས་མཚམས་ལས་བརྒལ་བའི་ཆུ་བོའི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་གྲོས་མཐུན་བཞག
རྐང་ཚ་རྫོང་གིས་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་གསང་སྤྱོད་གསར་བརྗེ་སོགས་ཀྱི་ཆེད་དོན་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བཟོ་འགོད་ལག་བསྟར་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གྱུར་ཚད་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ཅན་དུ་གྱུར་ཚད་སོ་སོར99.8%དང85%ཟིན་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྐོར་བྱང་ངོགས་དང་དེ་བཞིན་ཆུ་བོ་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱས། ཆུ་བོ་དང་མཚོའི“གཙང་སེལ་བཞི”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བ་དང། ཆུ་ལོག་རྒྱུག་ལམ་གྱི་འབུར་ཐོན་གནད་དོན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། རྫོང་ཡོངས་ཀྱི་ཆུ་བོ་དང་མཚོ་ཡི་གཙང་སྦྲའི་དཔུང་ཁག་ཁྱོན་མི་ཐེངས9700ལྷག་ལ་སྐུལ་སློང་བྱས་པ་དང་། གཙོ་གནད་ཆུ་བོ6དང་སྤྱི་ལེ2793ལ་སྐོར་ཞིབ་བྱས་པ་སོགས་བསྡོམས་པས་ཆུ་བོ་དང་མཚོ་ཡི་གད་སྙིགས་ཏུན4626གཙང་སེལ་བྱས་པས། ཕན་འབྲས་ཡོད་པའི་སྒོ་ནས་ཆུ་བོ་དང་མཚོ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད། 


ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/冷公加

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章