མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་ཐབས་བཏོན་པ།
དྲ་དམངས་ལ་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བྱས་ནས་དྲ་དམངས་ཀྱིས་དྲ་ཐོག་གི་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་བྱ་ཤུགས་ཆེ་རུ་གཏོང་ཆེད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཐེར་འདོན་བྱ་དགའི་ཞིབ་དཔྱད་དང་སྤྲོད་པའི་བྱ་བ་ཚད་ལྡན་དུ་བཏང་ནས་ཐེར་འདོན་བྱ་དགའི་དངུལ་སྤྲོད་རྒྱུ་ཚད་ལྡན་ནན་མོ་དང་དྲང་གཞག་ཁ་གསལ་ཡོང་བའི་འགན་ལེན་བྱ་ཆེད་བྱ་ཐབས་འདི་བཟོས་པ་ཡིན། དོན་ཚན་དང་པོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་སྦྲེལ་དྲ་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་ལྟེ་གནས(གཤམ་དུ་བསྡུས་མིང་ལ་ཐེར་འདོན་ལྟེ་གནས་ཞེས་བརྗོད་རྒྱུ)སུ་ཐེར་འདོན་བྱ་དགའི་ཐེབས་རྩ་བཙུགས་པ་དང་འབྲེལ་ཡོད་བྱ་ཐབས་གཞིར་བཟུང་ཐེར་འདོན་གྱི་བྱས་རྗེས་ཡོད་མཁན་ལ་བྱ་དགའ་སྤྲོད་རྒྱུ། དོན་ཚན་གཉིས་པ། 《བྱ་དགའི་བྱེད་ཐབས》དང་མཐུན་པའི་ཐེར་འདོན་གྱི་བྱས་རྗེས་ཡོད་མཁན(ལས་ཁུངས་ཚུད)ཐེར་འདོན་བྱས་པའི་གནོད་ཡོད་ཆ་འཕྲིན་གྱི་རིགས་དང་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ལ་གཞིགས་ནས་ཞིབ་དཔྱད་བྱས་པ་བརྒྱུད། ཁུངས་སྣེ་རེར་སྒོར50ནས་ཁྲི10བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཐེར་འདོན་གྱི་ནང་དོན་ཞིབ་ཕྲ་གཤམ་གསལ་ཏེ། (གཅིག)རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་གཞི་རྩའི་རྩ་དོན་གྱི་བྱ་སྤྱོད་རང་བཞིན་གྱི་ཆ་འཕྲིན་ལ་ངོ་རྒོལ་བྱེད་པའི་རིགས་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། ཏང་གི་མགོ་ཁྲིད་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངན་སྐུལ་གྱིས་མགོ་རྟིང་སློག་པ། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ལ་མངོན་སུམ་འཛེམ་མེད་ཀྱིས་ངོ་རྒོལ་དང་ཡང་ན་ཚུར་རྒོལ་བྱེད་པ། རྩ་ཁྲིམས་ཀྱི་གཏན་འབེབས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འགན་སྲུང་ལ་ངོ་རྒོལ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་པ་སོགས་ཡིན། (གཉིས།)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་པ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློགས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རང་བཞིན་གྱི་ཆ་འཕྲིན་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུར་ངན་སྐུལ་བྱས་རིགས། རྒྱལ་ཁབ་ཀྱི་གསང་བ་དང་གསང་བའི་གནས་ཚུལ་ལམ་དམག་དོན་གྱི་གསང་བ་ཕྱིར་གྱར་བ། ཁ་བྲལ་རིང་ལུགས་ལག་བསྟར་བྱེད་པ་འུད་སྒྲོག་བྱེད་མཁན། གནོད་འཚེའི་སྒྲ་བརྙན་ཁྱབ་སྤེལ་གཏོང་བ། ཆོས་ལུགས་ཀྱི་ཐལ་དྲགས་པའི་བསམ་བློ་སྒྲོག་སྤེལ་དང་དྲག་ཤུགས་འཇིགས་སྐུལ་གྱི་འཇབ་རྒོལ་ངན་སྐུལ་བྱེད་རིགས། འཇིགས་སྐུལ་དང་གཏུམ་སྤྱོད་ཉེས་གསོག་གི་རྩལ་ནུས་བསླབས་པའི་རིགས་ཡིན། (གསུམ།)རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་པ་ཐེབས་པའི་བྱ་འགུལ་རང་བཞིན་གྱི་ཆ་འཕྲིན་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། རང་རྒྱལ་གྱི་རྒྱལ་སྤྱིའི་མཚན་སྙན་དང་སྣང་བརྙན་ལ་གནོད་པ་དང་། རང་རྒྱལ་གྱི་ཆབ་སྲིད་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན། རིག་གནས་ཁེ་ཕན། ཕྱི་འབྲེལ་ཁེ་ཕན་སོགས་ལ་གནོད་པའི་རིགས་ཡིན།(བཞི།)མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངན་སྐུལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རང་བཞིན་ལྡན་པའི་ཆ་འཕྲིན་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། རང་རྒྱལ་གྱི་མི་རིགས་སྲིད་ཇུས་ལ་ཚིག་མཚོན་འདེབས་པ་དང་། རང་རྒྱལ་གྱི་འདྲ་མཉམ་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་གཏོར་བཤིག་གཏོང་བའི་རིགས། བསམ་ངན་ཁོག་བཅུག་གིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་སྟེ་མཇུག་འབྲས་ཚབས་ཆེན་བཟོས་ནས་མི་རིགས་འཁོན་རེས་དང་གདོང་ཐུག་བྱུང་བ་སོགས་ཡིན།(ལྔ།)རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་གཏོར་བརླག་གཏོང་བ་དང་། ལོག་ཆོས་དང་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་རང་བཞིན་གྱི་ཆ་འཕྲིན་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་ལ་ཕར་རྒོལ་དང་གཏོར་བརླག་བྱེད་པ། ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་སྐྱོན། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བཀག་འགོག་བྱེད་པའི་བྱ་འགུལ།
ལོག་ཆོས་རྩ་འཛུགས་སྒྲིག་འཛུགས་དང་ལོག་ཆོས་རྩ་འཛུགས་ཀྱི་ཁོངས་མིར་འབྲེལ་གཏུག་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱ་རྒྱུར་གཏོར་བཤིག་གཏོང་བ་སོགས་ཡིན།(དྲུག)དཀྲོག་གཏམ་སྒྲོག་པ་དང་། དཔལ་འབྱོར་སྒྲིག་ལམ་དང་སྤྱི་ཚོགས་སྒྲིག་ལམ་དཀྲུག་པ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་བྱ་སྤྱོད་རང་བཞིན་ལྡན་པའི་ཆ་འཕྲིན་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། ཆ་འཕྲིན་རྫུན་མ་སྣ་ཚོགས་བཟོས་པ་དང་ཁྱབ་སྤེལ་བྱས་པར་མ་ཟད་ཤུགས་རྐྱེན་ངན་པ་བཟོས་པ།
ཁྲིམས་འགལ་གྱི་འདུ་ཚོགས་དང་ཚོགས་པ་འཛུགས་པ། རྔམ་སྟོན་བཅས་བྱེད་པར་ངན་སྐུལ་དང་མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པ། ཁྲིམས་འགལ་གྱིས་དམངས་ཁྲོད་རྩ་འཛུགས་ཀྱི་མིང་ཐོག་ནས་བྱེད་སྒོ་སྤེལ་བ་སོགས་ཡིན།(བདུན།) འཁྲིག་སྦྱོར་ཁྱབ་སྤེལ་དང་ཆགས་སྲེད། རྒྱན་འཛུགས། དྲག་ཤུགས། དམར་གསོད། འཇིགས་སྐུལ་ལམ་ཡང་ན་ཉེས་ཅན་གྱི་བྱ་བ་སྒྲུབ་པར་ངན་སྐུལ་བྱས་པའི་བྱ་སྤྱོད་རང་བཞིན་གྱི་ཆ་འཕྲིན་འགྲེམས་སྤེལ་བྱེད་པ་ཐེར་འདོན་བྱ་དགོས། དེའི་ནང་དོན་ནི། ཆགས་སྲེད་རིགས་ཀྱི་ནང་དོན་ཁྱབ་སྤེལ་བྱས་ནས་ཆགས་སྲེད་རིགས་ཀྱི་ས་ཚིགས་ཀྱི་སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱེད་པ། གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་གནོད་པ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་འགལ་བའི་ཆ་འཕྲིན་ཐ་ཤལ་ཁྱབ་སྤེལ་བྱེད་པ། མི་མང་མཉམ་རུབ་ཀྱིས་རྒྱན་འཛུགས་དང་ཤོ་ཁང་འཛུགས་གཉེར་རམ་རྒྱན་འགྱེད་བྱ་བ་ལས་ཀར་བརྩིས་པ།
མེ་མདའ་ངོ་མ་འདྲ་བཟོ་སོགས་བཀག་སྡོམ་དངོས་རྫས་ཕྱིར་འཚོང་བྱེད་པ།
ཁྲག་དྲི་བྲོ་བའི་དྲག་ཤུགས་དང་དམར་གསོད། འཇིགས་སྐུལ་བཅས་ཀྱི་ནང་དོན་ཁྱབ་སྤེལ་གཏོང་བ། མི་གཞན་ལ་ངན་སྐུལ་གྱིས་ཉེས་གསོག་བྱ་བ་སྒྲུབ་ཏུ་བཅུག་པའི་རིགས་སོགས་ཡིན།(བརྒྱད།)རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་སྲིད་པའི་དྲ་བའི་གསང་འཕྲིན་གྱི་ཁུངས་སྣེ་གཞན་དག་སོགས་ཡིན།དོན་ཚན་གསུམ་པ། ཐེར་འདོན་བྱས་པའི་དྲ་ཐོག་གི་གནོད་ཡོད་ཆ་འཕྲིན་གྱི་ནུས་པ་ཐོན་པའི་གནས་ཚུལ་ལ་གཞིགས་ནས། གཤམ་གྱི་ཚད་གཞི་ལྟར་རིམ་བསྡུར་གཏན་འབེབས་བྱ་དགོས།(གཅིག)ཚབས་ཆེ་བའི་དྲ་ཐོག་གི་གནོད་ཡོད་ཆ་འཕྲིན་གྱི་ཁུངས་སྣེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་གནས་ཚུལ་ཧ་ཅང་ཚབས་ཆེན་དང་ནང་གནས་ཀྱི་གནས་ཚུལ་དུས་ཐོག་དང་ཡང་དག་ངང་ཐེར་འདོན། ཉེན་ཟོན་རང་བཞིན་དང་ནང་གནས་རང་བཞིན་ཆེན་པོ་ལྡན་པ། ཉེན་ཁར་ཁ་གཏད་གཅོག་ཐབས་དང་སྔོན་འགོག་ཚོད་འཛིན་བྱེད་པར་གཞི་འཛིན་ས་ཧ་ཅང་གལ་ཆེན་ལྡན་པའི་གནོད་ཡོད་ཆ་འཕྲིན་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པར་ཐེངས་གཅིག་རང་བཞིན་གྱི་སྒོར་ཁྲི5ནས་ཁྲི10བར་གྱི་བྱ་དགའ་སྤྲོད་རྒྱུ།(གཉིས།)གལ་ཆེའི་དྲ་ཐོག་གི་གནོད་ཡོད་ཆ་འཕྲིན་གྱི་ཁུངས་སྣེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཚབས་ཆེན་དང་ནང་གནས་ཀྱི་གནས་ཚུལ་དུས་ཐོག་དང་ཡང་དག་ངང་ཐེར་འདོན། རྩད་གཅོད་དང་ཚོད་འཛིན་ཐུབ་པའི་ཆ་རྐྱེན་ལྡན་པ། ཉེན་ཁ་སྔོན་འགོག་དང་ཐག་གཅོད་ཀྱི་བྱ་བ་ཡག་པོ་སྒྲུབ་རྒྱུར་གལ་ཆེའི་གཞི་འཛིན་ས་མཁོ་འདོན་བྱེད་པའི་གནོད་ཡོད་ཆ་འཕྲིན་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི1ནས་ཁྲི5བར་སྤྲོད་རྒྱུ།(གསུམ།)དྲ་ཐོག་གི་གནོད་ཡོད་ཆ་འཕྲིན་གྱི་ཁུངས་སྣེ་གལ་ཆེན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་འཕེལ་ཕྱོགས་གལ་ཆེན་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ཐེར་འདོན་བྱས་ཏེ། འབྲེལ་ཡོད་དོགས་གཞི་ཅན་གྱི་གནས་ཚུལ་བདེན་དཔང་ར་སྤྲོད་དང་། གནད་དོན་གལ་ཆེན་ལ་བརྡར་ཤ་གཅོད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་པའམ་ཡང་ན་རྒྱབ་ཕྱོགས་ཀྱི་རྒྱབ་ལྗོངས་རྩད་ཆོད་མཐའ་གསལ་དང་། མགོ་ཁྲིད་མི་སྣ་སྒྲིག་འཛུགས་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པའི་གནོད་ཡོད་ཆ་འཕྲིན་ཁུངས་སྣེ་འདོན་སྤྲོད་བྱས་པར་ཐེངས་གཅིག་རང་བཞིན་གྱི་སྒོར་སྟོང5ནས་སྒོར་ཁྲི1བར་གྱི་བྱ་དགའ་སྤྲོད་རྒྱུ། (བཞི།)དྲ་ཐོག་གི་ལྡོག་ཕྱོགས་གནོད་ཡོད་ཆ་འཕྲིན་གལ་ཆེན་ཏེ། སྔོན་གཤེགས་དཔའ་བོར་བསམ་ངན་ཁོག་བཅུག་གིས་དམའ་འབེབས་གཏོང་བ་དང་། ལོ་རྒྱུས་རྫུན་མ་ཁྱབ་བསྒྲགས་བྱེད་པ། བསམ་ངན་ཁོག་བཅུག་གིས་མི་རིགས་ཀྱི་འགལ་བ་སློང་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་གནོད་ཡོད་ཆ་འཕྲིན་ལ་གནོད་པའི་ཚད་ལ་གཞིགས་ནས་ཐེངས་གཅིག་རང་བཞིན་གྱི་སྒོར100ནས300བར་གྱི་བྱ་དགའ་སྤྲོད་རྒྱུ།(ལྔ།)དྲ་ཐོག་གི་ལྡོག་ཕྱོགས་གནོད་ཡོད་ཆ་འཕྲིན་གལ་ཆེན་ཏེ། དྲ་ཐོག་གི་དྭངས་གསལ་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་བཟོས་པའི་ལྡོག་ཕྱོགས་གནོད་ཡོད་ཆ་འཕྲིན་ལ་གནོད་ཡོད་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་སྒོར50ནས་སྒོར300བར་གྱི་བྱ་དགའ་སྤྲོད་རྒྱུ། དོན་ཚན་བཞི་པ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་དྲ་རྒྱའི་གླེང་ཕྱོགས་མཁོ་བསྟུན་བཀོད་འདོམས་ལྟེ་གནས་ཀྱིས་ཐེར་འདོན་བྱས་པའི་དྲ་རྒྱའི་ལྡོག་ཕྱོགས་གནོད་ཡོད་ཆ་འཕྲིན་དང་གསང་འཕྲིན་ཁུངས་སྣེར་ཐོག་མའི་ཞིབ་དཔྱད་བྱེད་འགན་འཁུར་རྒྱུ་དང་། ལས་བགོས་འགན་གཉེར་ཀྲུའུ་རིན་གཞོན་པས་ཞིབ་བཤེར་ཆོག་མཆན་བཀོད་རྗེས་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་བྱ་བའི་ཚོགས་འདུར་བསྐྱར་ཞིབ་བྱ་རྒྱུར་འབུལ་རྒྱུ་མ་ཟད། བྱ་དགའི་རེ་འདུན་ཞུ་རྒྱུ། བྱ་དགའ་སྤྲོད་རྩིས་ཡོད་པའི་དྲ་རྒྱའི་གསང་འཕྲིན་གྱི་ཁུངས་སྣེ་གལ་ཆེན་ལ་སྔོན་ལ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུས་རྗེས་བྱ་དགའ་སྤྲོད་རྒྱུ།དོན་ཚན་ལྔ་པ། གཏུམ་སྤྱོད་འཇིགས་སྐུལ་བྱ་སྤྱོད་རིགས་ཀྱི་ཆ་འཕྲིན་དང་། ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་གལ་ཆེན། དྲ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བར་བྱས་རྗེས་གཟེངས་སུ་ཐོན་པའི་ཐེར་འདོན་མི་སྣར་གཙོ་གནད་དུ་བྱ་དགའ་སྤྲོད་པ། སྡེ་ཁག་དང་སྤྱི་གཉེར་ཁང་གིས་ཐེར་འདོན་དྲ་བའི་ཐོག་གི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་སྒྲིག་འཛུགས་བྱས་ཏེ་དྭངས་གསལ་དྲ་བའི་བར་མཐོངས་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཐེར་འདོན་ལྟེ་གནས་ཀྱིས་ཡིག་ཐོག་སྙན་ཞུའི་བྱ་དགའི་གོ་རིམ་གཞིར་བཟུང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་མགོ་ཁྲིད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་ལ་ཐོ་འགོད་སྙན་སེང་ཞུ་བ་དང་སྡེ་ཁག་རེར་སྒོར་ཁྲི10ཡི་བྱ་དགའ་སྤྲོད་རྒྱུ།དོན་ཚན་དྲུག་པ། ཐེར་འདོན་བྱེད་མཁན་གྱིས་མིང་ངོ་མ་སྤྱད་དེ་ཐེར་འདོན་བྱེད་པར་བསྔགས་སྐུལ་བྱ་དགོས་པ་དང་བྱ་དགའི་དངུལ་ལེན་པར་ཐོབ་ཐང་དཔང་ཡིག་དང་དངུལ་བྱང་ཆ་འཕྲིན་སོགས་ཀྱི་རྒྱུ་ཆ་མཁོ་འདོན་བྱ་དགོས། རྒྱུ་ཆ་མཁོ་འདོན་མི་བྱེད་པ་དང་ཐེར་འདོན་བྱེད་མཁན་གྱི་རྒྱུ་རྐྱེན་དབང་གིས་དུས་ཐོག་ཏུ་འབྲེལ་གཏུག་བྱེད་མ་ཐུབ་ན། ཐེར་འདོན་བྱ་དགའི་དངུལ་དེ་བྱ་དགའི་ཆ་རྐྱེན་དང་མཐུན་པའི་ཐེར་འདོན་བྱས་ཡོད་པའི་མི་སྣ་རྗེས་མར་སྟེར་རྒྱུ། ཐེར་འདོན་བྱེད་མཁན་གྱི་འདོད་བློ་གཞིར་བཟུང་ཐེར་འདོན་ལྟེ་གནས་ཀྱིས་ཚབ་བྱས་ནས་བྱ་དགའི་དངུལ་སྤྱི་ཚོགས་ཀྱི་སྤྱི་ཕན་སྒྲིག་གཞིར་ཞལ་འདེབས་ཕུལ་ཆོགདོན་ཚན་བདུན་པ། གལ་ཏེ་སྤྱི་བདེ་དང་རྒྱལ་ཁབ་བདེ་འཇགས་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐེར་འདོན་ཁུངས་སྣེར་ཡང་བྱ་དགའ་སྤྲོད་དགོས་ན། ཐེར་འདོན་ལྟེ་གནས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱ་དགའ་སྤྲོད་རྒྱུའི་གྲོས་མོལ་བྱས་ཏེ། རྩ་དོན་ཐོག་ཁུངས་སྣེ་གཅིག་མཚུངས་ལ་བྱ་དགའ་བསྐྱར་ཟློས་མི་སྤྲོད།གཤམ་གྱི་བྱེད་ཐབས་ལྟར་ཐེར་འདོན་བྱ་ཐུབ།
ཐེར་འདོན་བྱེད་སྟངས་དང་པོ།1.གཤམ་གྱི་རྩ་གཉིས་ཨང་བཤེར་བརྒྱུད་དེ“མཚོ་སྔོན་དྲ་རྒོལ”གྱི་ཐེར་འདོན་དྲ་ངོས་སུ་འཛུལ་དགོས།
2.ཐེར་འདོན་དྲ་ངོས་སུ་འཛུལ་ནས་ཐེར་འདོན་བྱེད་པའི་ཆ་འཕྲིན་བྲིས་ཏེ་ཐེར་འདོན་ལེགས་གྲུབ་ཡོང་བ་བྱེད་དགོས།
ཐེར་འདོན་བྱེད་སྟངས་གཉིས་པ།1.གཤམ་གྱི་སྦྲེལ་མཐུད་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་དྲ་ཚིགས་སུ་འཇུག་པ། 2.“འཕྲལ་མར་ཐེར་འདོན་ལས་སྟེགས་སུ་འགྲོ་དགོས”ཞེས་པར་མནན་ཏེ་ཐེར་འདོན་བྱ་ཡུལ་དུ་ཕྱིན་ནས་ཐེར་འདོན་ཆ་འཕྲིན་འབྲི་དགོས།
ཐེར་འདོན་བྱེད་སྟངས་གསུམ་པ།1.སྐད་འཕྲིན་འཚོལ་བཤེར་བརྒྱུད་དེ“དྲ་འཕྲིན་མཚོ་སྔོན”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་པ།
ཡང་ན་གཤམ་གྱི་མིང་བྱང↓↓↓འདི་མནན་ནས་དོ་ཁུར་བྱེད་པ།
གཉིས། དོ་ཁུར་བྱས་རྗེས། “ཆ་འཕྲིན་སྐུར་བ”ཞེས་པར་ནོན་པ།
3.ཆ་འཕྲིན་དྲ་ངོས་སུ་ཐོན་རྗེས་གཤམ་གྱི“ཐེར་འདོན་བདག་སྤྲོད”ཅེས་པ་ནོན་དགོས།
4.ཐེར་འདོན་དྲ་ངོས་སུ་འཛུལ་ནས་ཐེར་འདོན་བྱེད་པའི་ཆ་འཕྲིན་བྲིས་ཏེ་ཐེར་འདོན་ལེགས་གྲུབ་ཡོང་བར་བྱེད་དགོས།
སྦྲེལ་དྲའི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་གང་དག་ལ་འཕྲད་ཚེ་ཐེར་འདོན་བྱ་ཆོག་གམ།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/网信青海
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系