ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-21 08:37   青海  

གསར་འགྱུར་གལ་ཆེན། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་གི་ལི་མིང་ཕོ་བྲང་དུ་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་གྲོས་མོལ་གནང་།     

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་རྣམ་གཉིས་ཀྱིས་པ་ཞི་ལི་ཡར་ཐུན་མོང་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔར་བས་དྲང་གཞག་གི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཐུབ་པའི་སྐོར་གྱི་ཀྲུང་པར་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་གནང་བ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་གྱི་ཙུང་ཐུང་ལས་ཤག་ཏུ་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་ལྷན་དུ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་དང་།     རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་ཅིག་ཏུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་དང་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་མཉམ་ལས་འཆར་འགོད་ལ་མིང་རྟགས་འགོད་པའི་བྱེད་སྒོར་ཞུགས། 

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་གི་རི་མིན་ཕོ་བྲང་དུ་གྲོས་མོལ་གནང་རྗེས་ཐུན་མོང་ཐོག་གསར་འགོད་པ་དང་མཇལ་འཛོམས་གནང་བ་རེད།  

ཟླ11པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུས་པ་རེད། 

ཟླ10པར། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར7742སླེབས་པ་དང་། དུས་མཚུངས་ལས4.3%འཕར་ཡོད་པ་རེད།

ཟླ10པར། རྒྱལ་ཡོངས་སུ་གསར་དུ་བསྐྲུན་པའི་ཚོང་སྒྱུར་ཁང་པ་དང་ལག་བརྒྱུད་ཁང་པའི་ཚོང་འགྲིག་སྡོམ་འབོར་དུས་མཚུངས་ལས3.9%འཕར་ཡོད། 

རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར་གཞིགས་ན།  ཟླ10པར་ཁྱིམ་སྤྱོད་གློག་ཆས་དང་།  སྒྲ་བརྙན་ཡོ་བྱད་རིགས།    ཁྱིམ་ཆས་རིགས། རླངས་འཁོར་རིགས་བཅས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་ཚད་སོ་སོ39.2%དང་།  7.4%དང3.7%བཅས་འཕར་ཡོད། 

ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།    ཟླ11པའི་ཚེས19ཉིན་བར། རྒྱལ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་རྙིང་བསྡུ་དང་གསར་བརྗེས་བྱེད་ཚད་ཁྲི50ལས་བརྒལ་ཡོད་པ་རེད།  

ཚེས20ཉིན། དམངས་སྲིད་པུས་རྒྱལ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་དངོས་སུ་ཤར་གཏོང་བྱས།

ཚེས20ཉིན། དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་རིན་གོང་གི་སྐྱེད་ཚད(LPR)དངོས་སུ་ཁྱབ་བསྒྲགས་བྱས། དུས་ཡུན་ལོ་གཅིག་དང་ལོ5ཡན་གྱི་སྐྱེད་ཚདLPRལེགས་སྒྲིག་བྱས་མེད། དུས་ཡུན་ལོ་གཅིག་ནང་གིLPR 3.1%དང་དུས་ཡུན་ལོ5ཡན་གྱིLPR 3.6%ཡིན་པ་རེད།  

རང་རྒྱལ་གྱི་མི་ཞུགས་ཟླ་བར་སྐྱོད་པའི་མེ་ཤུགས་འཕུར་མདར་སླར་ཡང་གཏམ་བཟང་ཞིག་ཡོད་པ་ནི།   ཉེ་ཆར། རྒྱང་སྐྱོད་ཨང་བཅུ་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདས་རྒྱུན་སྒྱུར་ཁེབས་དབྱེ་གྱེས་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད།  

ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཚེས19ཉིན་ཁྲིམས་གཞིར་གྲོས་འཆམ་བྱས་ནས་ཅ་ཁར་ཏའི་རྒྱལ་ས་ཡིན་པའི་ཐོབ་ཐང་དངོས་སུ་མེད་པར་བཟོས་པ་དང་འབྲེལ་དམིགས་བསལ་ཁུལ་དུ་བཙུགས། 

སྤྱི་ཚོགས།

ཚེས23ནས་ཚེས27ཉིན་བར།    གྲང་རླུང་གི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ལྷགས་པ་ཆེན་པོ་བརྒྱབ་ནས་དྲོད་ཚད་དམའ་རུ་འགྲོ་རྒྱུ་ཡིན་པ་དང་།   དྲོད་ཚད་ཡོངས་ཁྱབ་ངང6-10℃དང་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད12℃ཡན་དམའ་རུ་འགྲོ་རྒྱུ་རེད། 

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    2021ལོ་ནས2023ལོ་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཚོགས་གཏུམ་སྤྱོད་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྱོན་ཁྲི4.9ལྷག་ཙམ་ཁྲིམས་སྦྱོར་བྱས་པ་དང་། གྱོད་གཞི་ཆེ་གྲས69དམིགས་སུ་བཟུང་ནས་སྐུལ་སྒྲུབ་བྱས་པ་རེད། 

མིག་སྔར།    རང་རེའི་རྒྱལ་ཁབ་ཀྱི་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་ཚོང་རའི་གཞི་ཁྱོན་དུང་ཕྱུར་ཁྲི་ལས་བརྒལ་བ་དང་། ལས་ཞུགས་མི་སྣ་ཁྲི3000ལས་བརྒལ་ཡོད། 

ཟླ11པའི་ཚེས21ཉིན་ནས་ཚེས25ཉིན་བར།    མཚོ་དམག་གི་ཧའེ་ནན་དམག་གྲུ་དང་ཁྲང་ཧྲ་དམག་གྲུ་ལས་གྲུབ་པའི་རུ་དཔུང་དེ་ཤང་ཀང་དུ་འཚམས་འདྲིར་འགྲོ་རྒྱུ་རེད།  

ཅང་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཧའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད། 

ཀྲུང་གོ་ཞིང་ལས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན། ཧང་ཀྲང་གཞོན་པ་ལུའོ་ཝུན་ལུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ནས་ཕྱིར་ཕུད་བྱས་པ་རེད། 

ཚེས20ཉིན།    ས་འོག་གི་སྨི700ཡི་སར་གནས་པའི་ཅང་མོན་གྱི་ཕྲ་རྡུལ་འབྲིང་མའི་དངོས་བཤེར་འཚོལ་ཞིབ་འཕྲུལ་ཆས་ཀྱི་གྲུབ་ཆ་གཙོ་བོ་ལེགས་འགྲུབ་བྱུང་ཡོད།  

ཚེས20ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས41པར་འགན་ལེན་བྱེད་པའི“ཡུང་ཧྲེང”རྟགས་ཅན་གྱི་ཟོག་འདྲེན་གྲུ་གཟིངས་ཅང་སུའུ་ཀྲང་ཅ་གྲུ་ཁ་ནས་མཚོ་འགྲུལ་མགོ་བརྩམས་པ་རེད།  

ཧྲན་ཏུང་ཝུའེ་ཧྥང་གི་བུ་མོ་ཞིག་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུངས་སྐབས་ལྗང་སྒྱུར་བདག་སྐྱོང་བ་ལི་ཀྲུའུ་མིང་ཆུ་ལ་མཆོངས་ནས་བུ་མོ་དེ་བསྐྱབས་པ་རེད།  

སྲིད་ཇུས།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས《འཕྲོ་འགྱེད་ཞིབ་བཤེར་རིགས་ཀྱི་རིན་གོང་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་འཕྲོ་འགྱེད་ཞིབ་བཤེར་རྣམ་གྲངས་གཅིག་གྱུར་བསྡུ་སྒྲིལ་དང་ཚད་ལྡན་དུ་བཏང་ནས་འཕྲོ་འགྱེད་ཞིབ་བཤེར་རིན་གོང་ལུགས་མཐུན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

ཧུའུ་ནན་དང་། ཧྲན་ཤིས།  ཧོ་ནན།  ཨན་ཧུའེ།   ཧུའུ་པེ།   ཅང་ཤིས་བཅས་དབུས་རྒྱུད་ཀྱི་ཞིང་ཆེན་དྲུག་གིས་མཉམ་འབྲེལ་ཐོག་གྲོས་མཐུན་ལ་མིང་རྟགས་བཀོད་དེ་གཏན་འཇགས་རྒྱུ་ནོར་ཐོ་འགོད་དེ“ཞིང་ཆེན་བརྒལ་ནས་གཞུང་སྒྲུབ”བྱེད་མགོ་བརྩམས་པ་རེད། 

ཀྲེ་ཅང་གིས་ཡིག་ཆ་བཀྲམས་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྟོབས་ཤུགས་ལྡན་པའི་ཁེ་ལས་ལ་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་པ་དང་།    ཆ་རྐྱེན་དང་མཐུན་པའི་རྣམ་གྲངས་རྐྱང་བར་རྒྱབ་སྐྱོར་མཐོ་ཤོས་སྒོར་ཁྲི1000བྱས་ཡོད།  

དེ་རིང་གི་གནམ་གཤིས།

ནང་སོག་གི་བྱང་ཤར་ཁུལ་དང་། ཧེ་ལུང་ཅང་གི་ས་ཆ་ཕལ་ཆེ་བ། ཅི་ལིན་གྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཧུའུ་ནན་ནུབ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་ཤར་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་འབབ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章