ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-11-22 08:38   青海  

གསར་འགྱུར་གལ་ཆེན།

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་། པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕྱིར་རང་རྒྱལ་དུ་ལོག  

ཚོང་དོན་པུས་སྲིད་ཇུས་དང་བྱེད་ཐབས་ཁག་དགུ་ཡོངས་བསྒྲགས་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ནང་ས་མཚམས་སྒྲོལ་བའི་ཚོང་དོན་སྡོམ་རྩིས་ཇེ་ལེགས་སུ་གཏོང་བ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཚོང་ཟོག་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད། 

ད་ལོའི་ཟླ1པོ་ནས10པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་སུ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར1158.3བཏང་ཞིང་། དུས་མཚུངས་ལས10.6%འཕར་ཡོད། 

རང་རྒྱལ་གྱི“དགུ་ཚིགས”རབས་གསར་པའི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་མ་ལག་དེ་གསར་དུ་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་རི་མོའི་རྩིས་རྒྱག་ཁྱབ་ཁོངས་ཀྱི་མིང་གྲལ་ནང་ཨང་དང་པོ་ཐོབ་པ་རེད།    ཀྲུང་གོའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཅན་ཕིང་གིས་རང་རྒྱལ་གྱི་མི་ཞུགས་ཟླ་བར་འཛེག་པའི་ལས་འགན་དེ་ཐོག་མའི་མ་དཔེ་ཞིབ་བཟོའི་དུས་མཚམས་སུ་སླེབས་ཡོད་པ་བསྟན།     2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་ཐོག་མའི་རྒྱུགས་ལེན་དེ2024ལོའི་ཟླ12པའི་ཚེས21ཉིན་ནས་ཚེས22ཉིན་བར་སྤེལ་རྒྱུ་དང་མི་ཁྲི388ཀྱིས་མིང་ཐོ་བཀོད་ཡོད་པ་རེད།  

ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁར་གོ་ལ་ཧྲིལ་པོའི་ཏུན་ཁྲི40ཡོད་པའི་གཏེར་འདོན་གྲུ་གཟིངས་གཉིས་དུས་གཅིག་ཏུ་ལས་ཀ་བྱས་ནས་གོ་ལ་ཧྲིལ་པོའི་གྲུ་ཁ་གཉེར་སྐྱོང་གི་ལེའུ་གསར་པ་ཞིག་བཏོད་ཡོད།   

ཚེས21ཉིན། སྐམ་ཆུ་གཉིས་ཀྱི་ཕར་རྒོལ་དམག་གྲུ་ཧའེ་ནན་དམག་གྲུ་དང་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཁྲང་ཧྲ་དམག་གྲུ་ལས་གྲུབ་པའི་དམག་གྲུའི་དཔུང་རུ་ཤང་ཀང་དུ་འབྱོར་ནས་དུས་ཡུན་ཉིན5ཡི་འཚམས་འདྲིའི་བྱེད་སྒོ་སྤེལ་མགོ་བརྩམས་པ་རེད། 

ཀྲུང་གོས་པར་ཙིར་དང་།   ལྷོ་ཨ་ཧྥེ་རི་ཁ།  ཨ་ཧྥེ་རི་ཁ་མནའ་འབྲེལ་བཅས་དང་མཉམ་དུ“སྒོ་དབྱེ་ཚན་རིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་མགོ”བཏོན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ལ་ཕན་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད།

ཚེས21ཉིན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་རྒྱལ་སྲུང་པུའུ་ཀྲང་ཟུར་པ་ཅ་ལན་ཐེར་འཛིན་བཟུང་བྱ་རྒྱུའི་བཀའ་བཏང་བ་རེད།     

སྤྱི་ཚོགས།

ད་ལོའི་ཐོག་དང་པོའི་བཙག་རླུང་གིས་ཁྱབས་ཁོངས་ཆེ་བའི་ཁངས་ཆར་བབས་པ་དང་། སྔོན་དཔག་བྱས་ན་ཚེས28ཉིན་གྱི་སྔ་རྗེས་སུ་དྲོད་ཚད་དམའ་ཤོས་ཀྱི་ཏུའུ0དེ་འབྲི་ཆུའི་དབུས་སྨད་རྒྱུད་དུ་སླེབས་རྒྱུ་ཡིན་པ་རེད།     

པེ་ཅིང་གིས་རང་རྒྱལ་གྱིས་བཟོས་པའི་རྩིས་ཤུགས་ཡུལ་རྣམ་ར་སྤྲོད་ལས་སྟེགས་བཏོན་ནས་རང་རྒྱལ་གྱིས་བཟོས་པའི་ཉིང་ལྷེབ་རིགས10ལྷག་ཙམ་བསྡུ་རུབ་བྱས་པ་དང་། རྩིས་ཤུགས500Pལྷག་ཙམ་འཁོར་སྐྱོད་བྱས་ཡོད་པ་རེད།    ཧུའུ་ནན་ཕིང་ཅང་རྫོང་དབན་ཀུའུ་གསེར་གྱི་གཏེར་ཁུངས་ནས་གསེར་གྱི་གཏེར་ཁའི་ཁྱབ་རྒྱུད40ལྷག་ཙམ་རྙེད་པ་དང་། སྔོན་དཔག་བྱས་ན་གསེར་གྱི་ཐོན་ཁུངས་གསོག་ཉར་བྱེད་ཚད་ཏུན1000ལྷག་ཙམ་ཡོད་པ་རེད།  

ཧུའུ་ནན་ཕིང་ཅང་རྫོང་དབན་ཀུའུ་གསེར་གྱི་གཏེར་ཁུངས་ནས་གསེར་གྱི་གཏེར་ཁའི་ཁྱབ་རྒྱུད40ལྷག་ཙམ་རྙེད་པ་དང་། སྔོན་དཔག་བྱས་ན་གསེར་གྱི་ཐོན་ཁུངས་གསོག་ཉར་བྱེད་ཚད་ཏུན1000ལྷག་ཙམ་ཡོད་པ་རེད།    

ཧྲན་ཏུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོའི་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མིའམ་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་གི་ཙུའུ་ཀྲང་ལུང་ཧྥེ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་དོན་ལ་ཁྲིམས་ལྟར་གཞུང་གཏུག་བྱས།   

འབར་མའི་ཏང་དབྱང་ས་ཁུལ་དུ་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཉེས་གསོག་དོགས་ཅན763རང་རྒྱལ་ཕྱོགས་ལ་རྩིས་སྤྲད་པ་དང་། རང་རྒྱལ་གྱི་མཐའ་མཚམས་སུ་ཉེ་བའི་འབར་མའི་བྱང་རྒྱུད་ས་ཁུལ་གྱི་གཞི་ཁྱོན་ཅན་གྱི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་པའི་གླིང་ཁུལ་ཚང་མ་མེད་པར་བཟོས་པ་རེད།     

ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེང་ཆིན་ཝུན་རྒྱལ་སྤྱིའི་བུད་མེད་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས(WTA)ཀྱི་ལོ་འཁོར་གྱི་སྤོ་ལོ་རྒྱག་མཁན་གྱི་འོས་མི་ཡག་ཤོས་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།     

རྒྱལ་ནང་གི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུའི་ཐོག་རང་རྒྱལ་གྱིས་བཟོས་པའི་མཁའ་འགྲུལ་གྱི་བྱི་རྟའི་གཞུང་ཐིག་གི་འགྱིག་འཁོར་ཐོག་མར་སྒྲིག་སྦྱོར་བྱས་པ་དང་འབྲེལ་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་ཡོད།     

ཅི་ཏ་ཡོན་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་མགོ་ཚུགས་རྗེས། ནང་སོག་གི་དབུས་ནུབ་ས་ཁུལ་དེ་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད།     

རང་རྒྱལ་གྱིས“རང་བྱུང་སོལ་རླངས+ལྷན་སྐྱེས་ཐོན་ཁུངས”ཀྱི་ཁྱབ་ཁོངས་ཐད་ཚད་བརྒལ་བྱུང་ནས་རླངས་ཞིང་ནང་གི་ལིས་དང་།  པོར། ནཱ། ཅཱ་སོགས་ལྷན་སྐྱེས་ཐོན་ཁུངས་ཀྱི་ནུས་ཆེའི་རིགས་དབྱེའི་ཚུར་བསྡུ་མངོན་འགྱུར་བྱུང་ཡོད།     

2024ལོའི་ཟླ12པའི་ཚེས1ཉིན་ནས2025ལོའི་ཟླ2པའི་ཚེས28ཉིན་བར། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མོང་ཧྲ་ཧྲན་སོགས་མཛེས་ལྗོངས་ཁུལ་གསུམ་གྱིས་ཡུལ་སྐོར་བ་ཚང་མར་རིན་མེད་ངང་སྒོ་མོ་འབྱེད་རྒྱུ་དང་མོ་ཀའོ་བྲག་ཕུག་ལ་རིན་གོང་ཕྱེད་ཀ་གཅོག་རྒྱུ་རེད།     

སྲིད་ཇུས།

ཅི་ལིན་ཞིང་ཆེན་གྱིས་སྨན་བཅོས་འགན་བཅོལ་གྱི་བྱེད་ཐབས་ཁག16བཏོན་ནས་གངས་འཁྱག་ལུས་རྩལ་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་།    གངས་འཁྱག་དཔལ་འབྱོར་གཅིག་སྡུད་ཁུལ་དུ་ས་གནས་གཞན་གྱི་ཡུལ་སྐོར་བའི་སྨན་བཅོས་འགན་བཅོལ་མགྱོགས་མྱུར་རྩིས་རྒྱག་གི་ལས་སྟེགས་འཛུགས་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།     

ཧོ་ནན་གྱིས་དངོས་ཟོག་ཆེ་རིགས་དབོར་འདྲེན་རླངས་འཁོར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་དུས་ཚོད་ཀྱི་ཚོད་འཛིན་མེད་པར་བཟོས།     

ཤིན་ཅང་གིས་བྱེད་ཐབས10བཏོན་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣས་ཁེ་ལས་སུ་བྱས་རྗེས་འཇོག་པར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཁེ་ལས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ནས་རང་བདག་ངང་གོ་མིང་དཔྱད་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།     

དེ་རིང་གི་གནམ་གཤིས།

ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་བྱང་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་། ཧེ་ལུང་ཅང་གི་ཤར་ལྷོ་རྒྱུད་དང་ཞིན་ཅང་གི་བྱང་རྒྱུད་དང་དབྱི་ལི་ཆུ་རོང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཆེ་བ་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་བྱང་རྒྱུད། དབུས་ནུབ་རྒྱུད་བཅས་སུ་ཆར་འབྲིང་ཙམ་འབབ་པ་དང་། དེའི་ནང་། སི་ཁྲོན་གྱི་ལྷོ་རྒྱུད་ས་གནས་ཁག་ཏུ་ཆར་ཆེན་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章