རྒན་རྒོན་ཚོས་དགུན་དུས་སུ་ཡིད་གཟབ་གནང་དགོས་པའི་གནད་དོན་འགའ།

政务   2024-11-23 11:03   青海  

  ནད་ཐོག་སྨན་བཅོས་ཀྱི་གྲངས་གཞི་ལས་མངོན་པར། དགུན་དུས་རྒན་རྒོན་གྱི་སྙིང་ཁམས་ཁྲག་རྩའི་ནད་ལངས་ཚད་དེ་དབྱར་དུས་ཀྱི་ལྡབ་གཉིས་ལྷག་ཙམ་ཡིན། རྒན་རྒན་ཚོ་ཞོགས་པ་མལ་ལས་ལངས་རྗེས་གཤམ་གསལ་གྱི་གནད་དོན་དེ་དག་ལ་ཡིད་གཟབ་གནང་དགོས།

གཅིག ཞོགས་པ་གཉིད་སད་རྗེས་ཧོབ་དེ་མལ་ལས་ལངས་མི་རུང་།

མི་གཉིད་ཉལ་བའི་སྐབས་སུ། ཀླད་ཆེན་སྐྱི་རིམ་ནི་གཉིད་ལོག་པ་དང་ཚོད་འགོག་གི་རྣམ་པར་གནས་ཤིང་། སྐྱེ་ལུགས་ཀྱི་བྱེད་ནུས་སྣ་ཚོགས་དལ་མོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པས། གལ་ཏེ་སྐབས་དེར་ཧོབ་དེ་མལ་ལས་ལངས་ན། ཀླད་པར་ཁྲག་མཁོ་འདོན་མི་འདང་བ་དང་། གྲིབ་སྐྱོན་ཕོག་པའམ་ཡང་ན་གློ་བུར་དུ་འཆི་བ་སོགས་ཀྱི་ཆག་སྒོ་ཐོན་སྲིད།

 ✅ཡང་དག་པའི་བྱེད་སྟངས།

མལ་ལས་ལངས་དུས་དལ་མོ་བྱེད་དགོས་ཏེ། དཔེར་ན་གཉིད་སད་མ་ཐག་ཏུ་མིག་གདངས་ནས་ཉལ་ཁྲིའི་སྟེང་དུ་སྐར་ཆ30ཙམ་ཉལ་དགོས་པ་དང་། དེ་ནས་རིམ་གྱིས་དལ་མོར་ཡར་ལངས་རྗེས་ཉལ་ཁྲིའི་འགྲམ་དུ་སྐར་ཆ30ཙམ་བསྡད་རྗེས་ད་གཟོད་སར་འབབ་དགོས།

གཉིས། བཤང་གཅི་གཏོང་དུས་ཤུགས་ཆེ་དྲགས་མི་ཉན།

རྒན་རྒོན་གྱི་ངོས་ནས་བཤད་ན། ཤུགས་ཆེན་པོས་བཤང་གཅི་གཏོང་བ་ནི་འཛེམ་བྱ་ཆེན་པོ་ཞིག་ཡིན། ཤུགས་ཆེ་དྲགས་ན། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། སྙིང་གི་ཤ་གནད་ལ་གསོ་རླུང་ཟད་ཚད་ཇེ་ཆེར་འགྲོ་གི་ཡོད་པས། སྙིང་གི་ཤ་གནད་ལ་ཁྲག་ཆད་པ་དང་། སྙིང་ལ་ཟུག་གཟེར་ལངས་པ། ཡང་ན་སྙིང་གི་འཕར་ཚད་འཁྲུག་པ་སོགས་བྱས་ཏེ། སྙིང་རྩ་འགགས་ནས་ཚབས་ཆེ་བའི་དུས་ཐ་ན་སྲོག་ཤོར་བའི་ཉེན་ཁ་ཡོད།

✅ཡང་དག་པའི་བྱེད་སྟངས།

བཤང་གཅི་གཏོང་སྐབས་ཤུགས་ཆེ་དྲགས་མི་ཉན། ཐེངས་རེའི་བཤང་གཅི་གཏོང་ཡུན་སྐར་མ10ལས་མི་བརྒལ་བ་བྱེད་དགོས།

བཙོག་པ་འགག་སླ་བའི་རྒན་རྒོན་ཚོར་མཚོན་ན། དུས་རྒྱུན་སྔོ་ཚལ་དང་སིལ་ཏོག་མང་ཙམ་ཟ་བ་དང་། ཆུ་མང་ཙམ་འཐུང་བ། འགུལ་སྐྱོད་འོས་འཚམ་བྱེད་པ། ཡང་ན་ཆེད་ལས་སྨན་པའི་མཛུབ་སྟོན་འོག་བཤལ་སྨན་འཐུང་ཆོག

གསུམ། ཞོགས་པར་ཤུགས་དྲག་ཆེ་བའི་ལུས་རྩལ་རྩེད་མི་ཉན།

མི་མང་པོ་ཞིག་ཞོགས་པ་ལུས་སྦྱོར་བྱེད་པར་འགྲོ་དགའ་པོ་ཡོད། དགུན་དུས་གནམ་གཤིས་གྲང་ཞིང་། ཁང་པའི་ཕྱི་ནང་གི་དྲོད་ཚད་ཧེ་བག་ཆེ་བས། གལ་ཏེ་སྐབས་འདིར་འགུལ་སྐྱོད་དྲག་པོ་བྱས་ན། སྙིང་ཤའི་གསོ་རླུང་མཁོ་སྤྲོད་བྱེད་ཚད་མང་དུ་ཕྱིན་ནས། སྙིང་གི་ཁུར་པོ་ལྕི་རུ་འགྲོ་གི་ཡོད། རྒན་རྒོན་གྱི་ངོས་ནས་བཤད་ན། གསོ་རླུང་མཁོ་འདོན་བྱེད་ཚད་མི་འདང་བ་དང་། སྙིང་ལ་ཁྲག་མི་འདང་བའི་གནས་ཚུལ་ཐོན་གྱི་ཡོད། ཚབས་ཆེ་བའི་སྐབས་སྙིང་རྩ་འགག་པའི་ཉེན་ཁ་ཡོད།

✅ཡང་དག་པའི་བྱེད་སྟངས།

དགུན་དུས་ཞོགས་པར་རྩལ་སྦྱོང་ལ་འགྲོ་བའི་སྐབས་ལུས་པོར་དྲོད་སྲུང་ཡག་པོ་བྱེད་དགོས་པ་དང་། འགུལ་སྐྱོད་ཆེ་དྲགས་རྒྱུ་མེད་པ། འགུལ་སྐྱོད་མ་བྱས་པའི་སྔོན་ལ་གྲ་སྒྲིག་སྦྱོང་བརྡར་བྱེད་དགོས།

བཞི་པ། གཟུགས་པོ་འཁྲུད་བྱེད་ཀྱི་ཆུ་ཚ་དྲགས་མི་ཉན།

དགུན་དུས་གནམ་གཤིས་གྲང་མོ་ཡོད་པས། མི་འགའ་ཞིག་མལ་ལས་ལངས་པའམ་ཡང་ན་ཞོགས་པ་ལུས་རྩལ་རྩེད་ནས་ལོག་སྐབས། ཆུ་ཚ་པོས་གཟུགས་པོ་འཁྲུད་ཀྱི་ཡོད། མིའི་ལུས་ཁམས་ཀྱི་དྲོད་ཚད་དམའ་བའི་སྐབས་སུ། ཆུ་ཚ་པོ་གློ་བུར་དུ་མགོ་ནས་མར་འབབ་ན། མགོ་དང་ལུས་པོ་ཡོངས་ཀྱི་པགས་པའི་ཁྲག་རྩ་གློ་བུར་དུ་རྒྱས་ཏེ། ཁྲག་མང་པོ་ཞིག་པགས་པའི་ངོས་སུ་འདུས་པས། སྙིང་དང་ཀླད་པ་སོགས་དོན་སྣོད་གཙོ་བོ་དག་ལ་ཁྲག་ཤིན་ཏུ་དཀོན་པ་དང་། མགོ་ཡུ་འཁོར་བ་དང་བྲང་ཁ་བསྡམས་པ། ཐ་ན་སྙིང་གཟེར་ལངས་པ་དང་སྙིང་རྩ་འགག་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

✅ཡང་དག་པའི་བྱེད་སྟངས།

ལུས་པོ་འཁྲུད་བྱེད་ཀྱི་ཆུའི་དྲོད་ཚད38℃-40℃བར་ཚོད་འཛིན་བྱས་ན་འཚམ་པོ་ཡོད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章