2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ཟླ12པའི་ཚེས21ཉིན་མགོ་རྩོམ་རྒྱུ་རེད།
2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་དེ2024ལོའི་ཟླ12པའི་ཚེས21ཉིན་ནས་ཚེས22ཉིན་བར་ལེན་རྒྱུ་ཡིན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ནང་མིང་ཐོ་འགོད་མཁན་མི་གྲངས་ཁྲི388ཟིན་ཡོད།
ཉེ་ཆར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་རྒྱུགས་སྤྲོད་ལས་དོན་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་མཉམ་དུ། 2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་ནི་རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་གལ་ཆེན་ཞིག་ཡིན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག སློབ་བསྡུ་ཚན་པ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། མ་མཐའི་མཚམས་ཐིག་གི་བསམ་གཞིག་དང་མཐར་ཐུག་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་འཇུག་རྒྱུགས་སྤྲོད་ལས་དོན་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཁོང་དུ་ཡང་དག་པར་ཆུད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་བ་དང་། འགག་རྩའི་གནད་དོན་ལ་དམིགས་ཏེ། ཞིབ་འཇུག་རྒྱུགས་སྤྲོད་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག སློབ་བསྡུ་ཚན་པ་ཁག་བཅས་ཀྱིས་ཉེན་ཁའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། རྒྱུགས་ལེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་མཉམ་དུ་སྤེལ་ནས། ཉེན་ཁའི་འབྱུང་རྩ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་པ་དང་། ཉེན་ཁ་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱུགས་ལེན་ཁོར་ཡུག་བཟང་པོ་ཧུར་ཐག་གིས་གཏོད་དགོས། བདེ་འཇགས་གསང་སྲུང་ལ་ཤུགས་སྣོན་པ་དང་། ཚད་གཞི་ནན་ཤོས་མཐའ་འཁྱོངས་ཀྱིས་བདེ་འཇགས་གསང་སྲུང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། རྒྱུགས་ཤོག་གི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་དགོས། སྡེ་ཚན་གྱི་མཉམ་འགུལ་ལ་ཤུགས་སྣོན་པ་དང་། བདེ་འཇགས་སྔོན་འགོག་མ་ལག་འཛུགས་པར་ཤུགས་སྣོན་པ། རྒྱུགས་སྤྲོད་སློབ་མ་རྒྱུགས་རར་བསྐྱོད་པའི་ཞིབ་བཤེར་དང་རྒྱུགས་རར་དོ་དམ་ནན་མོ་བྱེད་པ་བཅས་བྱས་ནས། རྒྱུགས་སྤྲོད་བདེ་འཇགས་ཀྱི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། འཕྲལ་བསྟུན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་བསྟུན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོལ་བྱུང་དོན་རྐྱེན་མགྱོགས་མྱུར་ངང་ཐག་གཅོད་འོས་འཚམ་བཅས་བྱེད་དགོས། ཞབས་ཞུ་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བློ་འདྲིའི་ཞབས་ཞུར་ཤུགས་སྣོན་པ། ལུགས་མཐུན་གྱི་རྒྱུགས་སྤྲོད་སྟབས་བདེ་མཁོ་འདོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་ངང་རྒྱུགས་སྤྲོད་སློབ་མར་དྲོད་སྐྱིད་སྦྱིན་པའི་བྱ་བ་དངོས་བསྒྲུབ་དགོས།
ཚོགས་འདུའི་ཐོག་ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག སློབ་བསྡུ་ཚན་པ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། “ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པར་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། ལས་དོན་སྒྲུབ་ཕོད་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། གཟེར་འདེབས་པའི་སྙིང་སྟོབས་ཀྱིས་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系