མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གིས་སྡེ་བ་རིམ་པའི་རྩ་འཛུགས་གཡུལ་ས་སྟོབས་ལྡན་དུ་གཏོང་བ་དེ་སྡེ་བའི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་དང་གོང་བུར་བསྒྲིལ་ཤུགས་མཐོར་འདེགས་གཏོང་བའི་འགོ་རྩོམ་ས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣང་བརྙན་དང་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བར་ནུས་ལྡན་གྱིས་སྐུལ་འདེད་བྱེད་པ། “འཛུགས་སྐྲུན”ཐད་ཤུགས་སྣོན་པ་དང“དོ་དམ”ཐད་ཐབས་ཇུས་འདོན་པ། “བཀོལ་སྤྱོད”ཐད་གྲུབ་འབྲས་ཐོན་པར་བྱས་ཏེ། ཏང་ཡོན་སློབ་གསོའི་གསོ་སྦྱོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་།ཏང་གི་སློབ་གྲྭ་ལེགས་པོར་བསྐྲུན་ཏེ་གསོ་སྦྱོང་ལེགས་འཛིན་བྱས་པ། “ཡུལ་བབ་དང་བསྟུན་པ་དང་ཚད་ལྡན་གྲོན་ཆུང་། བྱེད་ནུས་གཅིག་བསྡུས། སློབ་གྲྭ་གཅིག་མང་དུ་བཀོལ་བའི”རྩ་དོན་ལྟར། ཞང་གྲོང་ཏང་གི་སློབ་གྲྭ་འཛུགས་སྐྲུན་ཁྱོན་ཡོངས་སུ་ཁེབས་པ་དེ་དུས་རབས་གསར་པའི་ཏང་ཡོན་སློབ་གསོ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་འགོ་རྩོམ་ས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། དགེ་རྒན་མཛོད་ཀྱི་ཁོངས་མི་རྩ་འཛུགས་བྱས་ཏེ་ཁྱབ་ཁོངས་མི་འདྲ་བའི་ཏང་ཡོན་གྱི་དགོས་མཁོར་དམིགས་ནས། འོས་འཚམ་གྱིས་སློབ་ཁྲིད་སྒྲིག་བཟོ་བྱས་པ་དང་། གསོ་སྦྱོང་ཁྱོན་ཡོངས་སུ་ཁེབས་པར་བྱས་ཤིང་། རོང་འབྲོག་པའི་ཏང་ཡོན་གྱི་ཕྱོགས་བསྡུས་སྤུས་ཀ་ཇེ་མཐོར་གཏོང་བར་རོགས་རམ་བྱས་ཏེ། ཞང་གྲོང་ཏང་གི་སློབ་གྲྭ་དེ་ཏང་ཡོན་གྱི་སློབ་གསོ་མྱོང་བའི་སློབ་ཁང་ཆེན་མོར་གྱུར་ཏུ་བཅུགས་གནས་མཁོ་སྤྲོད་བྱས་ཏེ་དམངས་ཀྱི་དཀའ་ངལ་བསལ་བ། སྡེ་བ་རིམ་པའི་རྩ་འཛུགས་བྱ་འགུལ་ས་གནས་ཀྱི“ཏང་ཡོན་སློབ་གསོ་དང་སྡེ་བ་རིམ་པའི་གྲོས་སྡུར། ཆ་འཕྲིན་དྲིལ་སྒྲོག དམངས་ལ་ཞབས་ཞུ་སྒྲུབ་པ། རིག་གནས་བྱ་འགུལ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚད་གཞི་མཐོ་བའི་ཏང་ཡོན་བྱ་འགུལ་ཁང་དང་གསར་བརྗེ་དཔེ་ཁང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས། སྡེ་བའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་བྱེད་ནུས་ཁང་གསར་སྐྲུན་བྱས་པར་མ་ཟད། “ས་ཚིགས་གཅིག་ཅན”གྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་དང“སྐར་མ15”ཡི་དམངས་ཕན་ཞབས་ཞུ་ཚོམས་ཆེན་གསར་སྐྲུན་བྱས་ཏེ། ཆ་འཕྲིན་གང་སར་ཁྱབ་པ་དང་མང་ཚོགས་ཉུང་འགྲོ་བྱེད་པ། ཐོན་ཁུངས་མང་དུ་མཉམ་རོལ་བྱེད་དུ་བཅུགམཉམ་རོལ་གཡུལ་སས་མཉམ་རོལ་བྱེད་པར་སྐུལ་འདེད་བཏང་བ། དགོན་ལུང་དང་འཇུ་ལག རྟ་ཐང་བཅས་རྫོང་གསུམ་གྱིས་སྤུས་ཚད་མཐོན་པོའི་མཉམ་ལས་འཕེལ་རྒྱས་ཀྱི་སྒྲོམ་གཞི་གྲོས་མཐུན་བཞག་པར་བརྟེན། “འཇུ་ལག་རྫོང་དང་རྟ་ཐང་རྫོང་། དགོན་ལུང་རྫོང་། ཞིང་ཆེན་རིམ་པ། གྲོང་ཁྱེར(ཁུལ)རིམ་པའི་ཏང་ཀྲི་པུའུ་རྩ་འཛུགས་འཚོ་བའི་མཉམ་རོལ་གཡུལ་སའི”ཆ་འཕྲིན་སྒྲོག་སྤེལ་བྱས་པ་དང་། རྫོང23གྱི་ཏང་ཀྲི་པུའུ་རྩ་འཛུགས་འཚོ་བའི་མཉམ་རོལ་གཡུལ་སའི་ནང་དོན་གཙོ་བོ་དང་ས་གནས། འབྲེལ་གཏུག་བྱེད་སྟངས་སོགས་མཉམ་འབྲེལ་སྒོས་སྒྲོག་སྤེལ་བྱེད་པ། རྫོང་གསུམ་གྱི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་བརྗེ་རེས་སྟེགས་བུ་བསྐྲུན་ཞིང་། “མཉམ་སྐྲུན་དང་མཉམ་རོལ། མཉམ་སྐྱོད”ཀྱི་ཏང་འཛུགས་སྐྲུན་བྱ་བའི་བཀོད་སྟངས་གསར་པ་འགོ་བརྩམས་ཏེ། ཏང་འཛུགས་སྐྲུན་གྱི་གཡུལ་སར་སྔར་བས་ཏང་གི“ནུས་པ”ལྡན་པར་བྱས། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系