藏汉双语| ཤ་བོ་སྐྱབས་ཀྱིས་པེ་ཅིང་དུ་ཚོང་འགུགས་རྟོག་ཞིབ་གནང་པ།

政务   2024-11-26 16:09   青海  

ཟླ11པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་པེ་ཅིང་ཀྲུང་ཁི་རིག་འདུས་བཟོ་གྲྭ་དང་ཀྲུང་གོ་གློག་རྡུལ་ཚན་རིག་ཁྱབ་གདལ་ཐེན་ཧི་ཕིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཚོང་འགུགས་རྟོག་ཞིབ་བྱས་ནས་ལྗང་མདོག་རྩིས་ནུས་ཚོང་འགུགས་དང་། གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས། མཐོ་གསར་ལག་རྩལ་ནང་འདྲེན། དམའ་དབྱིངས་དཔལ་འབྱོར་སྐྱེད་སྲིང་སོགས་ཀྱི་ཐད་ལས་གཞི་གྲོས་མོལ་བྱས་པ་དང་དངོས་སྒྲུབ་མཉམ་ལས་བྱས་ནས་མ་འཇོག་མཉམ་ལས་བྱས་པར་ཁྱོན་སྒོར་དུང་ཕྱུར60ཟིན་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་རྟོག་ཞིབ་ལ་ཕེབས་རོགས་གནང་།

ཤ་བོ་སྐྱབས་འཁོར་དང་བཅས་པ་ཀྲུང་ཁི་རིག་འདུས་བཟོ་གྲྭའི་སྤྱི་གཉེར་བ་ལིའུ་ཧའེ་ཡུང་གི་ཕེབས་རོགས་འོག་ཀྲུང་གོ་ཚན་རིག་ཁང་ཚན་རྩལ་གྲུབ་འབྲས་འགྲེམས་ཁང་ལ་ལྟ་སྐོར་བྱས་ཤིང་། FASTགནམ་དཔྱད་རྒྱང་ཤེལ་ཆེ་གྲས་དང་མཚོ་གཏིང་དུ་འཛུལ་བའི་ཡོ་བྱད་སོགས་རྒྱལ་ཁབ་ཀྱི་འཕྲུལ་ཆས་གལ་ཆེན་ཁག་ཅིག་གི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཀྲུང་ཁི་རིག་འདུས་བཟོ་གྲྭའི་འཁོར་སྐྱོད་བྱེད་སྟངས་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ལས་གཞི་ཐོན་ལས་ཅན་དུ་དོན་འཁྱོལ་བྱས་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་པར་མ་ཟད། སྐར་ཁམས་རིག་པའི་རིག་གནས་ཡུལ་སྐོར་ཞིབ་འཇུག་དང་། ཁྱོན་ཡོངས་ཚོད་འཛིན་གྱི་བཟོ་ལས་དྲོད་ཁང་ལག་རྩལ། ཆིང་ནུས་གསོག་འཇོག་ལས་གཞི་ཞིབ་འཇུག་གསར་སྤེལ་དོན་འཁྱོལ་སོགས་ཀྱི་ཐད་བཟོ་གྲྭའི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཀྲུང་ཁི་རིག་འདུས་བཟོ་གྲྭའི་ཚན་རྩལ་ཞབས་ཞུ་ཁྲོམ་རའི་མདུན་གྲལ་དུ་བསྐྱོད་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་བུ་ཤར་གཏོང་ཐུབ་ནས་ཁེ་ལས་དང་ལས་གཞིའི་ཐད་ཕྱོགས་ཡོངས་ནས་ཚན་རྩལ་ཞབས་ཞུ་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་ཁི་རིག་འདུས་བཟོ་གྲྭའི་ལས་གཞི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་བྱང་ཁུལ་གྱི་གསར་བརྗེའི་ཉམས་ཞིབ་དང་། དགུན་དུས་ཡུལ་སྐོར།  ལྗང་མདོག་ནུས་རྒྱུ་གསར་སྤེལ། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཚན་རྩལ་གྱི་ནུས་ཐོན་ལས་གཞི་ཁག་ཅིག་ནང་འདྲེན་བྱེད་པ་དང་ཚན་རྩལ་མཐོ་བའི་ཐོན་ལས་སྔར་ལས་མང་བ་མཚོ་བྱང་ཁུལ་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་གཉིས་ཕན་མཉམ་རྒྱལ་ཡོང་བའི་རེ་བ་ཡོད་ཟེར།        

ཀྲུང་གོ་གློག་རྡུལ་ཚན་རྩལ་ཐའེ་ཅི་སྡེ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཀྲུང་གོའི་གློག་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་ཐོན་ལས་བཀོད་སྒྲིག མ་འཇོག་ཁ་ཕྱོགས། ཚན་རྩལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པ་དང་འབྲེལ་གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་དང་དམའ་དབྱིངས་དཔལ་འབྱོར་སྐྱེད་སྲིང་། མཚོ་སྔོན་གྱི་སྤྱི་པའི་བདེ་འཇགས་དངོས་སྦྱོང་རྟེན་གཞི(གྲ་སྒྲིག)འཛུགས་སྐྲུན། ལས་རིགས་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་མཉམ་ལས་དོན་ཚན་སྐོར་ནས་ཀྲུང་གོ་གློག་རྡུལ་ཚན་རིག་ཁྱབ་གདལ་ཐེན་ཧི་ཕིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ་ལིས་ཚུན་གོ་དང་། ཏང་ཨུའི་ཧྲུའུ་ཅི་ཆི་ཧྥིན། འགན་འཛིན་པ་གཞོན་པ་ལིས་ཀོང་མིན་སོགས་སྤྱི་གཉེར་ཁང་གི་འགན་འཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་གཏིང་ཟབ་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ཁུལ་ནི“མདེལ་གཉིས་སྐར་གཅིག”གི་འབྱུང་ཡུལ་ཡིན་པ་དང་ཀྲུང་གོའི་གློག་རྡུལ་ཚན་རྩལ་སྡེ་ཚོགས “མདེལ་གཉིས་སྐར་གཅིག”ཞིབ་བཟོའི་བྱ་བའི་ནང་ཞུགས་མྱོང་བས་མཚོ་བྱང་ཁུལ་དང་འབྲེལ་བ་གཏིང་ཟབ་ཡོད། ད་ལོ་ནི་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་འབར་གས་ལེགས་གྲུབ་བྱུང་ནས་ལོ་འཁོར60ལོན་པའི་ལོ་ཞིག་ཡིན་ལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་འཁོར25ལོན་པའི་ལོ་ཞིག་ཀྱང་ཡིན་པས་ཕྱོགས་གཉིས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་མཚམས་སྦྱོར་དུ་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་ལས་དང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་རྒྱུའི་རེ་བ་ཡོད། གཅིག་ནས་ལྗང་མདོག་རྩིས་ནུས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་ནི་ས་རྒྱ་ཆེ་བ་དང་གནམ་གཤིས་གྲང་ཞིང་། མཁའ་དབུགས་གཙང་ལ་ཁོར་ཡུག་སྐམ་ཤས་ཆེ། དེ་སྔའི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི(གཉིས་གཉིས་གཅིག་བཟོ་གྲྭ)བཟོ་ཁུལ18ཀྱི་རིག་དངོས་གསོན་སྒྱུར་བེད་སྤྱོད་བྱེད་དགོས་ཤིང་། ཆུ་དང་རླུང་། འོད་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ་དང་ལྗང་མདོག་གི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཀྲུང་གོ་གློག་རྡུལ་ཚན་རྩལ་ཁང་ལ་ཁོངས་མིའི་ལས་ཁུངས་མང་པོ་ཡོད་པ་དང་རྒྱལ་ནང་གི་གློག་རྡུལ་ཆ་འཕྲིན་གྱི་ཁྱབ་ཁོངས་ཡོངས་ལ་ཁྱབ་པའི་ཚན་རྩལ་སྡེ་ཚོགས་ཆེ་གྲས་ཤིག་ཡིན་པས། རང་ངོས་ཀྱི་རྩིས་རྒྱག་ནུས་པ་ཆེན་པོ་ཡོད་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལེགས་ཆ་གསབ་རེས་བྱས་ཚེ་མདུན་ལམ་ཆེན་པོ་ལྡན། གཉིས་ནས་གསར་བརྗེའི་ཉམས་ཞིབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་ནི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དེ་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་གསོ་སྐྱོང་བྱ་ཡུལ་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས། དར་གོས་ཚོང་ལམ་གྱི་སྙིང་སྟོབས་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ལྟ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ། མཚོ་བྱང་སྲིད་ཁྲིམས། མང་ཚོགས་ཚོགས་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་བཅས་ཡོད་པས། གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ་དང་། ཕྱོགས་གཉིས་ཀྱིས་མཚོ་སྔོན་གྱི་སྤྱི་པའི་བདེ་འཇགས་དངོས་སྦྱོང་རྟེན་གཞི(གྲ་སྒྲིག)འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། གསར་བརྗེའི་ཉམས་ཞིབ་ཀྱི་གསོ་སྦྱོང་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གསར་བརྗེའི་ཉམས་ཞིབ་ཀྱི་གསོ་སྦྱོང་ཐེག་ནུས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། གསུམ་ནས་དམའ་དབྱིངས་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ནི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་དུས་མགོར་དབྱི་ཁ་ལོ་སི་རྒྱལ་སྤྱིའི་འཕུར་སྐྱོད་དུས་ཆེན་སོགས་རིག་གནས་ཡུལ་སྐོར་ལས་གཞི་སྒྲུབ་འགན་འཁུར་མྱོང་ཞིང་། མིག་སྔར་མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོ། གཉན་ཆེན་ཞལ་དཀར། ཨ་མྱེས་སྟོང་སོ། མེ་ལྷ་གངས་དཀར་སོགས་ལྗོངས་ཁུལ་གསར་སྤེལ་ཤུགས་ཆེན་བྱེད་བཞིན་ཡོད་ལ། དམའ་དབྱིངས་འཕུར་སྐྱོད་ལས་གཞི་གསར་སྤེལ་བྱས་ནས་རིག་གནས་ཡུལ་སྐོར་གྱི་ལས་སྒོ་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་འཆར་གཞི་འགོད་བཞིན་ཡོད། ཀྲུང་གོ་གློག་རྡུལ་ཚན་རིག་ཁང་ལ་གནད་སྨིན་འཐུས་ཚང་གི་ཉེར་སྤྱོད་རྣམ་པ་དང་འཕེལ་རྒྱས་གཏོང་སྟངས་ཡོད་པས་ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད། བཞི་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་བྱང་ཁུལ་ལས་རིགས་རྩལ་སློབ་གྲྭས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་གྲངས་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་ཐད་སློབ་གསོའི་ལས་སྟེགས་དང་ཆེད་ལས་ལག་རྩལ་སྟོབས་ཤུགས་དགོས་མཁོ་ཆེ་བས། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་བྱས་ཏེ། མཚོ་བྱང་ཁུལ་གྱི་ལས་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཚོ་བྱང་གི་ལས་རིགས་སློབ་གསོ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། ལྔ་ནས་ལས་གཞིའི་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་གློག་རྡུལ་ཚན་རིག་ཁང་ལ་ཚན་ཞིབ་དང་ཐོན་ལས་ཀྱི་སྟོབས་ཤུགས་ཆེན་པོ་ཡོད་པས་ཆེད་དོན་ལས་གཞིའི་མ་དངུལ་རེ་ཞུའི་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་ཁུལ་ལ་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་སྔར་ལས་མང་བ་བརྩོན་ལེན་བྱེད་རོགས་དང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར།


夏吾杰在北京开展招商考察

11月24日,州委书记夏吾杰在北京中科智汇工场、中电科普天和平科技有限公司开展招商考察,就绿色算力招商、红色研学产业发展、高新技术引进、低空经济培育等方面进行项目洽谈,开展务实合作,达成意向投资合作总额60亿元。州委副书记、副州长荣红智陪同考察。
夏吾杰一行在中科智汇工场总经理柳海永陪同下,参观了中国科学院科技成果展厅,听取FAST大型天文望远镜、深海潜水器等一批国之重器情况介绍,详细了解中科智汇工场运行模式、科技成果转化、项目产业化落地等情况,并就沉浸式元宇宙文旅研学、全控工业温室技术、氢储能项目研发落地等方面与工场负责人进行深入交流。夏吾杰指出,中科智汇工场的科技服务走在了市场前列,畅通了科技成果转化通道,为企业和项目提供了全方位的科技服务。希望双方能够进一步深化合作,充分发挥中科智汇工场的项目资源优势,聚焦海北州红色研学、冬季旅游、绿色能源开发、绿色算力发展等领域,引进一批科技赋能项目,推动更多高科技产业走进海北州,实现双方互利共赢。

在中电科太极集团总部,夏吾杰一行详细了解中国电科发展历程、产业布局、投资方向、科技应用等情况,并就红色研学发展、低空经济培育、青海公共安全实训基地(筹)建设、职校人才培训等合作事项与中电科普天和平科技有限公司董事长李存国、党委书记齐峰、副董事长李广萌等公司负责同志进行深入座谈交流。夏吾杰指出,海北州是“两弹一星”的诞生地,中国电子科技集团曾参与“两弹一星”研制工作,与海北州渊源深厚。今年是中国第一颗原子弹爆炸成功60周年,也是“两弹一星”精神提出25周年,希望双方以“两弹一星”精神传承弘扬为媒,发挥“两弹一星”精神的引领作用,进一步加强合作交流。一是深化绿色算力合作。海北州土地广阔、气候冷凉、空气洁净、环境干燥,原中国第一个核武器研制基地(二二一厂)18个厂区文物需转型活化利用,水、风、光等清洁能源资源蕴藏丰富,风电、光伏等清洁能源产业发展基础良好,绿色成本优势明显。中电科成员单位众多,是国内涵盖电子信息全领域的大型科技集团,自身算力需求大,双方合作优势互补,前景广阔。二是深化红色研学合作。海北州红色资源富集,是“两弹一星”精神孕育地,是青藏铁路精神、科学家精神、丝路精神的重要组成部分,现有青海两弹一星干部学院、海北州委党校和海北政法、群团、统战干部培训中心,红色研学产业发展基础良好,希望双方以实施青海公共安全实训基地(筹)建设项目为契机,进一步完善红色研学培训设施,提升红色研学培训承载力。三是深化低空经济合作。海北州低空经济发展处于起步阶段,前期承办过伊卡洛斯国际飞行节等文旅项目,当前正在大力开发青海湖、同宝山、年钦夏格尔山、阿咪东索、岗什卡雪峰等景区,计划开发低空飞行项目持续丰富文旅业态。中电科有成熟的应用场景和发展模式,希望整合资源,发挥全产业链优势,助力海北州低空经济发展。四是深化人才培养合作。海北州职校正大力发展职业教育,在专技人才、数字人才培训方面急需教育平台和专业技术力量,希望双方通过务实合作,提升海北州职业人才培育水平,助力海北职业教育持续高质量发展。五是深化项目投资合作。中电科科研和产业实力雄厚,希望发挥在专项项目资金申请方面的优势,帮助海北州争取更多的国家专项资金,助力海北州经济社会持续高质量发展。

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

原文来源/海北党务 文图/山东省对口支援青海干部管理组

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章