མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་རེས་འཁོར་གནས་སྐབས་སུ་གཏོང་མཚམས་འཇོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་འགྲུལ་བ་རྣམས་པ།
རང་ཞིང་གི་ས་ཁུལ་མང་ཆེ་བར་ཁངས་བབས་ནས་བགྲོད་ལམ་སྟེང་ཁངས་གསོག་ཚབས་ཆེན་ཐེབས་པ་དང་། དར་ཆགས་པའི་སྣང་ཚུལ་རྒྱ་ཁྱབ་ངང་ཐོན་གྱི་ཡོད་པས། འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་བྱེད་པའི་ཆ་རྐྱེན་འཛོམས་མེད་ལ། འགྲུལ་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད་དང་། གོང་རིམ་གཙོ་གཉེར་སྡེ་ཁག་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང2024ལོའི་ཟླ11པའི་ཚེས24ཉིན་མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་ལམ་ཐིག་ཚང་མ་གནས་སྐབས་སུ་གཏོང་མཚམས་འཇོག་རྒྱུ་ཡིན་ལ། རེས་འཁོར་སྤ་སེ་ཉོས་ཟིན་པའི་འགྲུལ་བས་དེ་སྔའི་སྤ་སེ་ཉོ་བའི་ཐབས་ལམ་བརྒྱུད་དེ་སྤ་སེ་ཕྱིར་སློག་རེ་ཞུ་བྱེད་པའམ་ཡང་ན་རླངས་འཁོར་ས་ཚིགས་ཀྱི་སྐར་ཁུང་དུ་ཡོང་ནས་སྤ་སེ་ཕྱིར་སློག་བྱ་ཆོག འགྲུལ་སྐྱེལ་སླར་གསོ་བྱེད་པའི་དུས་ཚོད་གནམ་གཤིས་ཀྱི་གནས་ཚུལ་དང་བགྲོད་ལམ་ཤར་བགྲོད་གནས་ཚུལ་ལ་གཞིགས་ནས་ཟུར་དུ་བརྡ་གཏོང་རྒྱུ་ཡིན་ལ། ཁྱེད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་འགལ་མེད་པར་ཞུ་བ་དང་། ཁྱེད་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ། འདྲི་རྩད་ཁ་པར། 0970-8643278མཚོ་བྱང་ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས།
2024ལོའི་ཟླ11པའི་ཚེས24ཉིན།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北州原子城汽车客运站
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系