ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པ”ཡི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། “འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”རྣམ་པ་མགྱོགས་མྱུར་སྒོས་བསྐྲུན་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གསར་བ་དང་མི་དམངས་མང་ཚོགས་ཀྱིས་བདེ་ཐང་ལ་བཅངས་པའི་རེ་སྒུག་གསར་བ་དང་བསྟུན་པ། སན་མེན་སྨན་བཅོས་བཅོས་སྒྱུར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།ལམ་སྲོལ་ཇེ་ལེགས་སུ་བཏང་ནས་སྨན་བཅོས་བཅོས་སྒྱུར་གྱི་མཉམ་ཤུགས་ཕྱོགས་ཡོངས་ནས་གཅིག་ཏུ་སྒྲིལ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་སྨན་བཅོས་བཅོས་སྒྱུར་མགོ་ཁྲིད་ཚན་ཁག་གི་ཚན་གཙོར་བསྐོས་ཤིང་། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་སྨན་བཅོས་བཅོས་སྒྱུར་ལས་དོན་ལ་ཞིབ་འཇུག་བྱས་པ་དང་ཆེད་དོན་ཚོགས་འདུའི་བཀོད་སྒྲིག་ཐེངས་མང་བསྡུས་པ། 《མདོ་ལ་རྫོང་དམ་ཚགས་རང་བཞིན་གྱི་སྨན་བཅོས་སྤྱི་ཁྱབ་ཚོགས་པ་འཛུགས་པར་སྔར་ལས་སྐུལ་འདེད་གཏོང་བའི་བྱ་བའི་ལག་བསྟར་ཇུས་གཞི》སོགས“གཙོ་གཅིག་ཟུར་བཅུ”ཡི་སྨན་བཅོས་བཅོས་སྒྱུར་གྱི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་བཟོས་ཤིང་གཏན་འབེབས་བྱས། རྫོང་ཁོངས་ཀྱི་སྨན་བཅོས་སྤྱི་ཁྱབ་ཚོགས་པའི་འཁོར་སྐྱོད་དོ་དམ་སྒྲིག་གཞི་བཙུགས་པ་དང་། སྨན་བཅོས་སྤྱི་ཁྱབ་ཚོགས་པའི“གཅིག་གྱུར་བདུན”གྱི་གཞི་གཅིག་ཅན་དོ་དམ་བྱས་ཤིང་། སྨན་བཅོས་བཅོས་སྒྱུར་གྱི་རྒྱུ་ཆས་འགན་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་ནས། རྫོང་དམ་ཚགས་རང་བཞིན་གྱི་སྨན་བཅོས་སྤྱི་ཁྱབ་ཚོགས་པའི་འཛུགས་སྐྲུན་ལ་ལམ་ལུགས་བརྟན་པོ་འགན་སྲུང་བྱས། བརྟན་བརླིང་དང་ཡུན་ཕན་གྱི་དངུལ་གཏོང་ལམ་སྲོལ་བཙུགས་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་འགན་ལེན་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གཅིག་དོན་འཁྱོལ་བྱས་པ། འཕྲོད་བསྟེན་འཕེལ་རྒྱས་ཐེབས་རྩ་སྒོར་འབུམ་བརྒྱད་ཟིན་པ། སྡེ་བ45ཡི་འཕྲོད་བསྟེན་ཁང་ལ་ཁ་གསབ་རོགས་དངུལ་སྒོར་ས་ཡ་གཅིག་ལྷག་སྤྲད། དེ་དང་ཆབས་ཅིག་རྫོང་ནོར་སྲིད་ཀྱིས་ལོ་རེར་སྒོར་ས་ཡ་བཞི་འབུམ་ལྔ་བཏང་ནས་སྒྲིག་ཁོངས་སུ་མ་ཚུད་པའི་ཆེད་ལས་ལག་རྩལ་མི་སྣའི་གླ་ཕོགས་གཏོང་སྤྲོད་དང་རིམ་པ་མཐོ་བའི་འཇོན་མི་ནང་འདྲེན་བྱེད་རྒྱུ་སྔོན་ལ་འགན་ལེན་བྱས་པས། གཞུང་གཉེར་སྨན་ཁང་གི་ཞབས་ཞུའི་ནུས་པ་ཇེ་མཐོར་འགྲོ་བར་འགན་ལེན་ནུས་ལྡན་བྱས།ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྨན་བཅོས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་། སྨན་བཅོས་སྤྱི་ཁྱབ་ཚོགས་པའི་ཞབས་ཞུའི་ནུས་པ་དང་། སྨན་བཅོས་ཞབས་ཞུའི་ནུས་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་ནུས་པ་བཅས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། རིམ་པ་གསུམ་མཉམ་འགུལ་དྲ་རྒྱ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ཞིང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་དུ་དོ་དམ། གཉིས་ཕན་བཅས་ཀྱི་རྣམ་པ་གསར་བ་ཞིག་ཧུར་ཐག་གིས་བསྐྲུན། གཞུང་གཉེར་སྨན་ཁང་གིས“ནད་གཞི་གཙོ་བོར་འཛིན་པ”དེ“བདེ་ཐང་གཙོ་བོར་འཛིན་པའི”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས་བདེ་ཐང་དོ་དམ་དང་བདེ་ཐང་སློབ་གསོ། ནད་རིགས་སྔོན་འགོག སྔོན་མངགས་སྨན་བཅོས། སྒོ་བསྟེན་དང་ཞག་སྡོད་གཞི་གཅིག་ཅན་གྱི་ཞབས་ཞུར་སྐུལ་འདེད་བཏང་བས། གཞུང་གཉེར་སྨན་ཁང་གི་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཞབས་ཞུའི་རྣམ་པ་རིམ་བཞིན་ཆགས། མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཞིང་ཆེན་རིམ་པའི་སྨན་ཁང་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་དང་ཕྱོགས་གཉིས་ལྗང་མདོག་སྨན་བཅོས་ཀྱི་ལས་སྟེགས་བསྐྲུན་ནས། ཧྲན་ཏུང་གི་མཚོ་སྐྱོར་དང་མཚོ་སྐོར་སྨན་བཅོས་སོགས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལ་བརྟེན་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་བར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་། “དམངས་ཕན་བཟོ་འགོད”དང“སྨན་ཁང་གྲགས་ཅན་དང་ཚན་ཁག་གྲགས་ཅན། སྨན་པ་གྲགས་ཅན”བཅས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། སྡེ་བའི་འཕྲོད་བསྟེན་ཁང་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཡོངས་སུ་ཁྱབ་པ་དང་། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད། སྔར་ཡོད་ཀྱི་བོད་ལུགས་གསོ་རིག་གི་ལུམས་བཅོས་ཐད་ཐུན་མོང་མ་ཡིན་པའི་སྨན་ཐོ་དང་བཅོས་ཐབས་སྣ་ཚོགས་ཇེ་མང་དུ་བཏང་བས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་དེ་རོང་འབྲོག་མང་ཚོགས་མང་པོས་སྨན་བཅོས་བྱེད་པའི་གདམ་ག་དང་པོར་གྱུར་ཡོད།སྨན་གསུམ་མཉམ་འགུལ་གྱིས་སྒྲིག་སྲོལ་གྱི་གསོན་ཤུགས་ཕྱོགས་ཡོངས་ནས་འདོན་སྤེལ་བྱས། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་བཅོས་བཅོས་སྒྱུར་བཅས་ཀྱི་ཐད་གནད་དོན་གཏིང་ཟབ་སྒོས་སེལ་ནས་བཅོས་སྒྱུར་ལ་ཕན་འབྲས་ཐོན་པར་བྱས། ཧྲན་ཏུང་མཚོ་སྐྱོར་དང་མཚོ་སྐོར་སྨན་བཅོས། རིམ་པ་མཐོ་བའི་འཕྲོད་བསྟེན་འཇོན་མིའི“དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་བྱེད་པའི”བྱ་སྤྱོད་གནད་སྨིན་ངང་ལག་བསྟར་བྱས་པ་དང་། “མིག་ནད་ཚན་ཁག་གི་སྨན་བཅོས་ལྟེ་གནས”དང“པེན་ཀྲོའུ་དང་མདོ་ལ་འཇུ་བྱེད་ནང་ཤེལ་སྨན་བཅོས་ལྟེ་གནས”སོགས་ཁྱད་ལྡན་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། བྲང་ཁོག་ལྟེ་གནས་དང་ཉེན་ཆེའི་བྱིས་པ་རློན་ནུའི་སྐྱོབ་བཅོས་ལྟེ་གནས་སོགས“ལྟེ་གནས་ལྔ”ཡི་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀྲུང་ལུགས་དང་བོད་སྨན། སོག་བོད་སྨན། ཀྲུང་ལུགས་རྩྭ་སྨན་རིགས3300ལྷག་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ཡོད། སྨན་རྫས་དང་ཡོ་བྱད་གཅིག་སྡུད་ཀྱིས་ཉོ་སྒྲུབ་བྱས་པ་དང་། སྨན་རྫས་ཀྱི་རིན་གོང་ཆ་སྙོམས་ཀྱིས75.16%མར་ཆག སྨན་རིན་སྤྲོད་སྟངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་གཞུང་གཉེར་སྨན་ཁང་གི་སྨན་རྫས་ཚང་མར་རིན་གོང་བར་ཁྱད་མེད་པའི་ཐོག་ནས་ཕྱིར་ཚོང་བྱས་པ་དང་། ཡོང་འབབ་དམའ་བའི་མི་ཚོགས་ཀྱི“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་རྒྱག་པ”དང་འགན་བཅོལ་ནང་ཞུགས་མཁན་གྱི་གཞི་རྩའི་སྨན་བཅོས་དང་། ནད་གཞི་ཚབས་ཆེན་གྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི“གཅིག་འཐུས་རྣམ་པའི”རྩིས་རྒྱག་ཞབས་ཞུ་ལེགས་བཅོས་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་བཏང་།ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系