ཁུལ་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུ་འཚོགས།

政务   2024-11-23 14:57   青海  

ཟླ11པའི་ཚེས20ཉིན། ཁུལ་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་བྱ་བའི་སྙན་ཞུར་ཉན་པ་དང་། མིག་སྔའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཞིབ་འཇུག་ཐག་གཅོད་བྱས་ཏེ་མཁོ་བསྟུན་རོགས་སྐྱོབ་ནུས་པ་སྔར་ལས་ཆེ་རུ་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་མེ་ཟོན་བདེ་འཇགས་ཀྱི་ཐོག་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཚོགས་འདུར་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་།       

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མེ་ཟོན་རོགས་སྐྱོབ་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་རང་འགན་ནན་སྒྲུབ། རྩལ་ནུས་སྦྱོང་བརྡར་བཅས་བྱས་ཏེ“མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་ཚོད་འཛིན། ཚེ་སྲོག་སྔོན་འགོག”བཅས་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ཤིང་། གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་ལ་ནུས་ལྡན་ངང་ཁ་གཏད་གཅོག་པ་དང་ཐག་གཅོད་ཧུར་ཐག་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཇེ་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མེ་ཟོན་བདེ་འཇགས་དེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། དམངས་འཚོར་ཕན་པ་དང་དམངས་བདེ་འགན་ལེན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཡིན། གཅིག་ནས་བསམ་བློའི་ཐོག་ཡང་བསྐྱར་མཐོང་ཆེན་བྱས་ཏེ་མེ་ཟོན་རོགས་སྐྱོབ་བྱ་བའི་དུས་བབ་གསར་པ་གཏན་འཁེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ“གྲོས་གཞི་དང་པོར”བརྩིས་ཏེ་ཆབ་སྲིད་ཀྱི་ཐོག་ནས་མེ་ཟོན་ལ་ལྟ་བ་དང་མེ་ཟོན་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་ཁུལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་མེ་ཟོན་བྱ་བ་ཡག་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་ངོས་འཛིན་བྱས་ཏེ་མེ་ཟོན་བདེ་འཇགས་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཉིས་ནས་བྱ་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་ཀྱི་མ་ལག་གསར་པ་འཛུགས་དགོས། བྱ་བའི་ཞན་ཆར་མགྱོགས་མྱུར་སྒོས་ཁ་གསབ་དང་དོ་དམ་ལམ་སྲོལ་ཁ་གསལ་བཟོ་བ། བྱ་བའི་སྦྲེལ་ཐག་དམ་དུ་གཏོང་བ་བཅས་བྱས་ནས་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་དགོས། ཚན་རིག་དང་མཐུན་ལ་ནུས་ཤུགས་ཆེ་བའི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མེ་ཟོན་རོགས་སྐྱོབ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞི་བཙུགས་ཏེ་མེ་ཟོན་མཁོ་བསྟུན་བཀོད་འདོམས་དང་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། “གནོད་འཚེའི་ཆ་འཕྲིན་གྱིས་རོགས་སྐྱོབ་བྱ་བར་གཙོ་ཁྲིད་བྱེད་པའི”བྱ་བའི་རྣམ་པ་མགྱོགས་མྱུར་སྒོས་འཛུགས་པ་དང་གཞི་གྲངས་མཉམ་སྤྱོད་བརྗེ་རེས་ཀྱི་ལམ་སྲོལ་བཙུགས་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ནུས་པ་ཆེ་རུ་གཏོང་དགོས། སྣེ་མང་མཉམ་བཅོས་སྟོབས་ཤུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཁག་དབར་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། མཉམ་དུ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད། མཁོ་བསྟུན་རོགས་སྒྲུབ། སྤྱི་འདོམས་བཀོད་གཏོང་སོགས་ཀྱི་འགན་ནུས་ཆེ་རུ་གཏོང་དགོས་ལ། རྣམ་པ་སྣ་ཚོགས་ཀྱི་མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་མཉམ་འབྲེལ་མཉམ་སྒུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དངོས་འཐབ་ཀྱི་སྣེ་ཁྲིད་དམག་སྦྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་སྣ་ཡོངས་ཀྱི་ལས་གནས་དམག་སྦྱོང་བྱེད་སྒོ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ། གཟུགས་པོའི་སྦྱོང་བརྡར་དང་ལས་རེས་གྲ་སྒྲིག དངོས་འཐབ་འཁྲབ་སྦྱོང་བཅས་ཀྱི་རྨང་གཞིའི་བྱ་བར་དམ་འཛིན་ནན་མོ་བྱས་ཏེ་ཧུར་ཐག་སྒོས་དེང་རབས་ཅན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ལ་མིག་དཔེར་ལྟ་དགོས། གསུམ་ནས་འགན་འཁྲིའི་ཐད་ཡང་བསྐྱར་ནན་དུ་བཏང་ནས་མེ་ཟོན་རོགས་སྐྱོབ་མཉམ་བཅོས་ཀྱི་རྣམ་པ་གསར་པ་གཏོད་དགོས། ས་གནས་སོ་སོ་དང་རིམ་པ་སོ་སོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་མེ་ཟོན་བདེ་འཇགས་ཀྱི“ཏང་སྲིད་འགན་འཁྲི་གཅིག་མཚུངས”ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཉམ་ལས་ཤུགས་ཆེན་བྱས་ཏེ་དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་མེ་ཟོན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ཇུས་འདོན་ལས་རོགས་ཡག་པོ་བྱས་ནས་དགོངས་སྐོར་སྙན་ཞུ་དང་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་མེ་ཟོན་བདེ་འཇགས་དེ་གཅིག་རྐྱང་ལྟ་སྐུལ་དོ་དམ་ནས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་། བྱ་བར་དོ་དམ་ནས་མི་ལ་དོ་དམ། མི་མངོན་པའི་རྐྱེན་ངན་ཞིབ་བཤེར་ནས་འགན་འཁྲི་ཞིབ་བཤེར་བཅས་ཀྱི་ཕྱོགས་སུ་སྒྱུར་ཐུབ་པ་བྱེད་དགོས། དམག་དཔུང་དང་ས་གནས་ཀྱིས་གསར་འགྱུར་དྲིལ་སྒྲོག་བྱ་བར་ཤུགས་སྣོན་པ་དང་མེ་ཟོན་བདེ་འཇགས་གསོ་སྦྱོང་གི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་རྒྱ་སྐྱེད་གཏོང་བ། སྒྲིག་ཁྲིམས་ཀྱི་བླང་བྱ་དང་ལམ་ལུགས་ལག་བསྟར་ནན་མོ་བཅས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་མི་དམངས་ཀྱི་མེ་ཟོན་དཔུང་ཁག་ཅིག་འཛུགས་རྒྱུར་ཤུགས་སྣོན་དགོས་ཟེར།             

ཚོགས་འདུའི་ཐོག2023ལོའི་ཁུལ་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁྱབ་བརྡ་བཏང་བ་དང་། ཁུལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་གནས་ཚུལ་གྱི་སྙན་ཞུར་ཉན་ལ། 2024ལོའི་ཁུལ་ཨུའི་མེ་ཟོན་གྲོས་མོལ་ཚོགས་འདུས་ཐག་གཅོད་བྱ་རྩིས་ཡོད་པའི་གནད་དོན་ལ་ཞིབ་འཇུག་བྱས།

ཁུལ་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་།  ཁུལ་མེ་ཟོན་ཉིང་ལག་རུ་ཁག་ཚན་ཁག་གི་ཁོངས་མི་དང་ལས་ཁུངས། རུ་ཆེན་སོ་སོའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།    

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

文来源/海北党务 文/李成贵 图/祁连山报社全媒体记者 马淑珍

责编/项吉当知

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章