ཞི་ཅིན་ཕིང་གིས་ཨོ་ཨེར་ཞི་ཝུ་ར་ཀུའེ་ཡི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཟླ11པའི་ཚེས27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་ཨེར་ཞི་ལ་གློག་འཕྲིན་བཏང་ནས་ཁོ་རང་ཝུ་ལ་ཀུའེ་ཏུང་མཚོ་འགྲམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝུ་ལ་ཀུའེ་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཁེའི་རོགས་ཟླ་བཟང་པོ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ36སོང་རིང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་མི་སེམས་སུ་ཟུག་ཡོད། ངས་ཀྲུང་གོ་དང་ཝུ་ལ་ཀུའེ་ཡི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། ཨོ་ཨར་ཞི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཝུ་ལ་ཀུའེ་ཡི་མཛའ་གྲོགས་རྒྱུན་མཐུད་བྱས་ཏེ། ཀྲུང་གོ་དང་ཝུ་ལ་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།